གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽

ཡེ་མགོན་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན།    ཁམས་པའི་དྲ་བ    2017-05-22

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽

* གཡག་རྔ་ནས་དར་མདོའི་བར་མྱུར་བགྲོད་གཞུང་ལམ་བསྐྲུན་ཚར་རྗེས། གཡག་རྔ་ནས་འགག་སྨད་བར་སྔོན་ཆད་དང་བསྡུར་ན་ཆུ་ཚོད་གཅིག་གྲོན་ཆུང་བྱེད་ཆོག་པར་མ་ཟད། རླངས་འཁོར་འཚང་བའི་གནས་ཚུལ་ཡང་འབྱུང་སྲིད་རྒྱུ་མ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽

* གསར་འགོད་པས་འགག་སྨད་རྫོང་ཁྲེན་ཤང་གྲོང་རྡལ་གྱི་མངའ་ཁོངས་སུ་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིC9པའི་ལས་གཉེར་པ་ཧྲེན་ཁྲང་ཧྲེང་ལ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་རྒྱུར། རྒྱང་ཐག་སྤྱི་ལེ7.19དང་དེའི་ནང་ཟམ་པ19ཡོད་པའི་གཞུང་ལམ་འདི་ནི་ཕུག་ལམ་མེད་པའི་གཞུང་ལམ་དུམ་བུ་ཉག་ཅིག་ཡིན་པ་རེད། མིག་སྔར་ལམ་གཞིའི་བརྒྱ་ཆ95ཡི་ཨར་ལས་ལེགས་སུ་གྲུབ་པ་དང་སྔོན་རྩིས་བྱས་ན་ད་ལོའི་སྤྱི་ཟླ8པའི་ནང་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་རྒྱུ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽

* ཆན་ཏོ་ཟམ་ཆེན་གྱི་དཀྱིལ་དུ་རྒྱ་ཁྱོན7x7ཡོད་པའི་ཨར་འདམ་གྱི་ཀ་སྐྱོར་ཞིག་ཡོད་ལ་ཀ་བའི་མཐོ་ཚད་ལ་སྨི60ཡོད། ཟམ་ཆེན་ཧྲིལ་པོ་རི་བོ་གཉིས་ཀྱི་བར་དུ་བརྐྱངས་ཏེ་ཡིག་འབྲུTཡི་གཟུགས་སུ་བསྐྲུན་ཡོད་པསTགཟུགས་ཟམ་ཆེན་དུ་འབོད་བཞིན་ཡོད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽

* ན་ནིང་གི་ཟླ7པའི་ཚེས27ཉིན་བྱུང་བའི་ཏཱ་རེན་ཡན་ཟམ་ཆེན་གྱི་ཀ་བ་འགྱེལ་བའི་དོན་རྐྱེན་ནི་གནམ་གཤིས་ཀྱི་འགྱུར་ལྡོག་ངན་པའི་དབང་གིས་རི་ཉིལ་བ་ལས་བྱུང་བའི་དོན་རྐྱེན་ཞིག་ཡིན་ལ། སྔོན་ཆད་ཀྱི་ཏཱ་རེན་ཡན་ཟམ་ཆེན་གྱི་མཐོ་ཚད་ལ་སྨི18ནས51བར་གྱི་ཀ་གདན་དང་ཀ་བ8འཕྲོ་བརླག་ཏུ་སོང་བས་ཐད་ཀར་སྒོར་ཁྲི500ཡི་གྱོང་གུན་ཐེབས་པ་རེད། དོན་རྐྱེན་འདི་བྱུང་རྗེས་འབྲེལ་ཡོད་ས་གཤིས་ཆེད་མཁས་དང་ཇུས་འགོད། ལྟ་སྐུལ་དོ་དམ། ཚོད་ལྟ་ཞིབ་དཔྱད་ཚད་ལེན་གྱི་ལས་ཁུངས་དག་གིས་ཡུལ་དངོས་ཀྱི་ལམ་རྒྱུད་ལ་རྟོག་ཞིབ་བྱས་རྗེས་ཇུས་གཞི་གཏན་འབེབས་བྱས་པ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽

* ཕྱོགས་སོ་སོའི་དཀའ་སྤྱད་འབད་རྩོལ་ལ་བརྟེན་ནས་རིང་ཚད་སྤྱི་ལེ98ཡོད་པའི་གཡག་རྔ་ཚའོ་པཱ་ནས་རང་ཁུལ་གྱི་ལྕགས་ཟམ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་འདི་ད་ལོའི་སྤྱི་ཟླ12པའི་ནང་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་འགན་སྲུང་བྱས་པར་བརྟེན། དཀར་མཛེས་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་དེ་མི་རིང་བར་མཇུག་བསྒྲིལ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་སྲིད་གྲོས་ཀྱིས་སྤྱི་ཚོགས་བརྟན་བརླིང་དང་དམངས་འཚོར་ལེགས་སྐྱེས་ཕུལ།
  • ལེ་ཚན་རྗེས་མ།:2017ལོའི་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཀྱིས་ལས་ཞུགས་ལ་གནད་སྨིན་རོགས་སྐྱོར་བྱེད་པའི་རིམ་སྤེལ་བྱ་སྤྱོད་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10