ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།

        2017-04-14

ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།
ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།


      རྩེ་རྩེ(梁恩富)ནི་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་གི་མི་ཡིན་ཞིང་། སྤྱི་ལོ༡༩༧༣ལོའི་ཟླ༢པར་སྐྱེས། པེ་ཅིན་སློབ་ཆེན་གཉིས་པ་ནས་སློབ་མཐར་ཕྱིན། གཟབ་བྲིས་དང་འཁྱུག་བྲིས། འབྲུ་ཚ། སུག་རིང་། སམ་ཀྲི་ཏ་སོགས་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་བྱང་ཆ་ཡོད། བོད་ཁུལ་གྱི་པིར་བྲིས་ཡིག་གཟུགས་གསར་གཏོད་བྱེད་མཁན་གྱི་ཡ་གྱལ་ཡིན་ལ། ཁོང་གི་བོད་ཡིག་ཡིག་གཟུགས་ནི་སྐྱ་ཐིག་གི་སྒྱུ་རྩལ་མངོན་པར་བྱས་ཡོད་དེ། སྐྱ་ཐིག་འདི་དག་ནི་ཟླུམ་གཟུགས་དང་གྲུ་བཞི། དྲང་འཁྱོག་དང་རིང་ཐུང་། སྦོམ་ཕྲ་དང་སྟེང་འོག    གཡས་གཡོན་སོགས་འགྱུར་བ་སྣ་ཚོགས་ཀྱིས་གྲུབ་ཅིང་གསོན་ཉམས་ལྡན་པས་མངོན་པར་འཕགས་པའི་སྒྱུ་རྩལ་གྱི་རིན་ཐང་ཡོད། མི་ཏོག་མཉམ་བཞད་ཀྱི་ཡིག་གཟུགས་འདི་དག་ནི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་ཆེས་འོད་སྟོང་འཕྲོ་བའི་སྒྱུ་རྩལ་ཡིན། ཁོང་གི་བརྩམས་ཆོས་ལ་སྤྱི་ལོ༡༩༩༢ལོར་སྔ་གཞུག་ཏུ་རྒྱལ་ཡོངས་དགེ་འོས་སློབ་གྲྭ་དང་རྒྱལ་སྤྱིའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོ་དང་གཉིས་པའི་བྱ་དགའ་ཐོབ། བརྩམས་ཆོས་ལ་བོད་ཡིག་ཡིག་གཟུགས་ཕྱོགས་བསྒྲིགས་དང་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་དྲ་བ་ཞེས་བྱ་བ་ཡོད་པར་མ་ཟད། སི་ཁྲོན་དང་མཚོ་སྔོན། ཡུན་ནན། ཐེན་ཅིན་སོགས་ས་ཆ་ནས་ཡིག་གཟུགས་སྒྱུ་རྩལ་འགྲེམ་སྟོན་བྱེད་མྱོང་ལ། བརྩམས་ཆོས་ལ་རྒྱལ་ཕྱི་ནང་གི་རྒྱ་ཆེའི་ཡིག་མཁན་དང་རི་མོ་བ། སྒྱུ་རྩལ་ཉར་ཚགས་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བོ། །

ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།
ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།
ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།
ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།
ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།
ཡིག་མཁན་རྩེ་རྩེ་དང་ཁོང་གི་བྲིས་གཟུགས།


  • ལེ་ཚན་སྔོན་མ།:སྐལ་བཟང་བཀྲ་ཤིས་ཀྱི་ཡིག་གཟུགས་བདམས་བཀོད།
  • ལེ་ཚན་རྗེས་མ།:སྐད་ཡིག་གཉིས་ནི་མི་རིགས་བླ་སྲོག་ཡིན། ཡི་གེའི་གཟུགས་ཀྱི་བྲིས་རྒྱུན་ལེགས་པར་སྐྱོངས།
  • དོ་སྣང་ཆེ་བའི་རྩོམ།