ཁྲོན་པ་སྐམ་པོའི་ནང་དུ་བྱིངས་པའི་བོང་བུ།

ཕུར་བུ་བཀྲ་ཤིས་དང་ལྷུན་གྲུབ་ཀྱིས་རྩོམ་སྒྱུར་བྱས།        2017-03-22

སྔོན་ཆད་ཞིང་པ་རྒད་པོ་ཞིག་ལ་བོང་བུ་ཞིག་ཡོད་པ་དེ་ཉིན་ཞིག་སྟབས་མ་ལེགས་པར་སྒོ་རའི་ནང་དུ་ཡོད་པའི་ཁྲོན་པ་སྐམ་པོ་འདིའི་ནང་ལྷུང་།འཇིགས་སྐྲག་དང་དངངས་འཚབ་ཀྱིས་ཁེངས་པའི་བོང་བུ་དེས་སྨྲེ་སྔགས་ཡང་ཡང་བཏོན་པ་ཞིང་པ་དེས་ཐོས་པ་དང་།ཕྱོགས་འདིར་ཕྱིན་ནས་བལྟས་པས་རང་གི་བོང་བུ་ཡིན་པ་ཤེས་ཏེ་སེམས་སྡུག་ཚད་མེད་བྱུང་།འོན་ཏེ་ཁྲོན་པ་འདི་ནི་གཏིང་ཤིན་ཏུ་རིང་བས་ཐབས་ཤེས་གང་བྱས་ཀྱང་སྐྱོབ་ཐབས་མེད་པ་ཤེས།དུས་ཡུན་རིང་པོ་མནོ་བསམ་བཏང་རུང་ཐབས་ཤེས་ཡེ་ནས་མ་དྲན།ཁོའི་བསམ་པར་འདི་ལྟར་བོང་བུ་ཤི་རྒྱུ་སྒུག་ནས་སྡོད་པ་ལས་ས་སྦས་བཏང་ན་ཁོ་རང་ལའང་སྡུག་བསྔལ་ཆུང་བ་ཡོ་སྲིད་སྙམ་ནས།དེ་མུར་གྲོང་པ་ཁྱིམ་མཚེས་རྣམས་ལ་སྐད་བཏང་ནས་ས་སྦས་གཏོང་རྒྱུའི་སེམས་ཐག་བཅད།མི་རྣམས་ཀྱིས་ས་སྦྱག་མ་རེ་རེ་བཞིན་མར་གཡུགས་ཡོང་སྐབས་བོང་བུ་ནི་དང་ཐོག་སྐྲག་སྣང་གིས་སྙིང་ཁ་གས་ལ་ཉེ་བ་བྱུང་།འོན་ཏེ་ས་གཡུག་གིན་གཡུག་གིན་གློ་བུར་དུ་བོང་བུའི་བསམ་པར་མར་གཡུགས་ཡོང་བའི་ས་འདི་དག་ངའི་རྐང་འོག་ཏུ་མནན་རྐྱང་བྱས་ན་ཡར་ཡར་མི་སླེབས་སམ་སྙམ།བོང་བུས་འདི་འདྲ་རང་བྱ་རྒྱུའི་ཆོད་སེམས་ཀྱིས་ལན་ཡང་ནས་ཡང་དུ་ལུས་སྟེང་དུ་བབས་པའི་ས་རྣམས་བརྡབ་བརྡབ་བཏང་ནས་རྐང་འོག་ཏུ་མནན།དབུགས་ཧལ་བཞིན་ངག་ལས།ས་མར་གཡུགས་ན་ང་ཡར་འགྲོ་ཐུབ།ཅེས་རང་གི་རང་ལ་སྐུལ་ལྕག་ཡང་བསྐོར་བསྐྱར་བསྐོར་བྱས་ཏེ་སེམས་ནང་གི་འཇིགས་པ་དང་ལུས་ཀྱི་ངལ་བ་སེལ་ཐབས་བྱས།དུས་ཡུན་གང་ཙམ་སོང་རྗེས་ལུས་ཡོངས་རྨ་ཡིས་ཁེབས་ཤིང་ངལ་དུབ་ཀྱིས་མནར་བའི་བོང་རྒན་དེ་ས་ཐོག་ཏུ་བདེ་བར་ཐོན་ཞིང་འདིར་ཡོད་ཀྱི་གྲོང་པ་ཁྱིམ་མཚེས་ཚང་མཧང་སང་པར་གྱུར།

བོང་བུ་རང་ཉིད་ལྔ་ལམ་དུ་རྫོང་བྱེད་ཀྱི་མྱགས་ས་འདི་ཉིད་མཐར་རང་གི་སྲོག་སྐྱོབ་ཀྱི་མགོན་པོ་ཞིག་ཏུ་གྱུར་ཡོད་ལ་རྐྱེན་ངན་གྲོགས་ཤར་ཡོང་བའི་རྒྱུ་རྐྱེན་གཤའ་མ་འདི་ཡང་བོང་བུ་རང་ཉིད་ཀྱིས་གེགས་བར་འདི་ལ་འཛིན་པའི་ཀུན་སློང་ལས་འཁྲུངས་པ་ཡིན་ནོ། 

 

  • ལེ་ཚན་སྔོན་མ།:དཔལ་ཡུལ་གྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:བྱེ་མ་དང་མུ་ཏིག