དགོད་གཏམ

ཐང་དགེ་འབྲུག་ཐར།    བོད་ཀྱི་རྩོམ་རིག་དྲ་བ།    2011-01-21

ཡང་ཨ་མཆོད་ཅིག་གིས་ཚ་ཐབ་ནས་གདུགས་དཀར་འདོན་ཁུལ་གྱིས་ཁྱིམ་ཚང་དེའི་བུ་མོ་ལ།
   མར་སྒྱེད་ཐབ་རྩའི་མོ་ཡག་མ།།
   མ་ཤེས་མ་གོ་མ་གསུང་བར།།
   མ་གསང་ཨ་ཁུ་ཨ་མཆོད་ལ།།
   མ་ཁྱོད་ཉལ་སའི་གནས་དེ་ཤོད།།ཅེས་པས་ན།
   ཁ་མཁས་ལ་རིག་པ་མྱུར་བའི་བུ་མོ་དེ་ཡིས་སྒྲོལ་མ་འདོན་ཁུལ་གྱིས་ཕྱིར་ཨ་མཆོད་ལ།
   ཡ་སྒྱེད་ཐབ་རྩའི་ཨ་མཆོད་ཀླད་དམར་བོ།།
   ཡ་ཁོག་ཆོས་ཀྱིས་མ་གོས་འདོད་ཆགས་ཅན།།
   ཡ་རབས་ཤིག་གི་ཆོ་ཀ་མི་འདུག་པས།།
   ཡར་ནས་མ་འདུག་མར་ལ་བུད་ལ་སོང༌།།ཞེས་ཨ་མཆོད་སྒོར་ཕུད་དོ།
 
  • ལེ་ཚན་སྔོན་མ།:ལས་རྒྱུ་འབྲས་ཟེར་བ་འདི་རེད།
  • ལེ་ཚན་རྗེས་མ།:ཡ་མཚན།