སྒྲ་སྙན་བྱུང་ཚུལ་བརྗོད་པ།(4)

 ཞི་ཆིན་གྱིས་བརྩམས། བུ་བཞིས་བསྒྱུར།        2010-09-01


བྲོ་ལ་མི་གྲངས་མི་མཚུངས་པའི་གླུ་གར་སྤེལ་མ་སོགས་ཡོད། གཉིས་པ་ནི་ཚད་ལྡན་རང་བཞིན་དང་རང་དགའ་རང་བཞིན་གཉིས་ལྡན་པ། ཚད་ལྡན་རང་བཞིན་གྱི་ཆ་ནས་བརྗོད་ན་དུས་ཚོད་དང་ས་གནས་གཏན་འཁེལ་བྱས་ཡོད། རང་དགའ་རང་བཞིན་ནི་དུས་ཚོད་དང་ས་གནས་ལ་ངེས་གཏན་མེད། གསུམ་པ་ནི་མང་ཚོགས་ཀྱི་རང་བཞིན་ལྡན་པ། འཁྲབ་སྟངས་དེ་ནི་བོད་རིགས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ལྟ་བུར་གྱུར་ཡོད་ལ། ལྷག་པར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན་སྒྲ་སྙན་ནི་བོད་མིའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རོལ་རྩེད་ཅིག་ཏུ་གྱུར་ཡོད། བཞི་པ་ནི་ཁྱད་འཕགས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པ། སྒྲ་སྙན་གཏོང་ཞོར་གླུ་ལེན་ནི་གླུ་གར་ཟུང་དུ་འབྲེལ་བ་འཁྲབ་སྟོན་ཞིག་ཡིན།       སྒྲ་སྙན་རྡུང་ལེན་གྱི་གོ་གནས་དང་ཉམས་ཉེན།
      
སྒྲ་སྙན་རྡུང་ལེན་གྱིས་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། གཅིག་ནས་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་ཏེ། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་ཞིང་གནའ་བོའི་རིག་གནས་ཀྱི་ཉིང་བཅུད་དང་མཚོ་སྔོན་བོད་རིགས་རྣམས་ཀྱི་བསམ་བློའི་སྙིང་སྟོབས་མཚོན་བྱེད་ཀྱི་སྒྱུ་རྩལ་མཚོན་སྟངས་ཤིག་ཡིན་པས། མི་རིགས་རིག་པ་སོགས་ཀྱི་ཞིབ་འཇུག་ཐད་དུ་རིན་ཐང་ཆེན་པོ་ལྡན། གཉིས་ནས་སྒྱུ་རྩལ་གྱི་རིན་ཐང་ཅུང་ཆེན་པོ་ལྡན་ཏེ། གླུ་ཚིག་བྲོ་གསུམ་མཉམ་འབྲེལ་བྱས་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་དང་། རོལ་དབྱངས་དང་། རྩོམ་རིག བྲོ་བཅས་ཀྱི་གྲུབ་ཚུལ་དང་ལེ་ཚན་འཁྲབ་སྟོན་སོགས་ཀྱི་ཐད་ནས་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ཡོད།
  • ལེ་ཚན་སྔོན་མ།: རྐང་གླིང་།
  • ལེ་ཚན་རྗེས་མ།:བོད་ཀྱི་སྒྲ་སྙན་གྱི་ཁྱད་ཆོས་དང་དཀྲོལ་ཐབས།