སྒྲ་སྙན་བྱུང་ཚུལ་བརྗོད་པ།(3)

 ཞི་ཆིན་གྱིས་བརྩམས། བུ་བཞིས་བསྒྱུར།        2010-09-01

   བོད་ཀྱི་བཞུར་རྒྱུན་རིང་བའི་ལོ་རྒྱུས་ཀྱིས་རོལ་ཆ་རྡུང་ལེན་སྒྱུ་རྩལ་གོང་དུ་སྤེལ་བར་ཕུན་སུམ་ཚོགས་པའི་ནང་དོན་དང་རོལ་དབྱངས་ཀྱི་འགྱུར་ཁུག་སྣ་མང་འདོན་སྤྲོད་བྱས་ཡོད།
    
སྒྲ་སྙན་རྡུང་ལེན་ལ་རིགས་གཉིས་ཡོད་དེ། དང་པོ་ནི་གེ་སར་རྒྱལ་པོའི་སྒྲུང་ལྟར་གཏམ་གླུ་སྤེལ་མའི་རིགས་ཡིན་ལ། ཅིག་ཤོས་ནི་སྐབས་བསྟུན་སྒྲ་སྙན་རྡུང་ལེན་ཡིན། ས་གནས་སོ་སོའི་ནང་དོན་ཕལ་ཆེར་གཅིག་འདྲ་ཡིན་མོད། འོན་ཀྱང་སྒྲ་སྙན་རྡུང་སྟངས་ཀྱི་ཐད་ནས་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། དཔེར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཁྲབ་སྟངས་སྐབས་རེར་ལངས་པ་དང་སྐབས་རེར་བསྡད་ནས་འཁྲབ་སྟོན་ཅི་དགའ་བྱས་ཆོག དེ་ལ་ཁེར་འཁྲབ་དང་ཕོ་མོ་མཉམ་འཁྲབ། མི་མང་མཉམ་འཁྲབ་སོགས་ཡོད་པ་དང་། མཚམས་རེར་ཞབས་བྲོ་འོས་ཤིང་འཚམས་པའང་འཁྲབ། འཁྲབ་སྟོན་པ་རྣམས་ཀྱིས་བྱང་ཆ་ལྡན་ཞིང་སྙན་འཇེབས་ཀྱི་འགྱུར་ཁུག་ཐོག་ནས་འཁྲབ་སྟོན་བྱེད་ཡོད། གླུ་ལེན་སྟངས་ཐད་གཏམ་གླུ་སྤེལ་མ་ལྟ་བུར་སྣང་ཞིང་གཞས་གདངས་སྙན་འཇེབས་ལྡན་པ་ཞིག་རེད། ནང་དོན་གྱི་ཐད་ནས་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་བསྔགས་བརྗོད་དང་། མཛེས་སྡུག་ལྡན་པའི་ཕ་ཡུལ་དྲན་པ། སྲན་འཇེབས་ལྡན་པའི་གཏམ་རྒྱུད་བརྗོད་པ། བདེ་སྐྱིད་ཡོང་རེ་ཞུ་བ། འདོད་མཐུན་གྱི་ཕོ་མོའི་བརྩེ་དུང་ལ་རེ་སྨོན་བྱེད་པ་སོགས་ཡོད།
             
སྒྱུ་རྩལ་མཚོན་སྟངས་ཀྱི་ཐད་སྒྲ་སྙན་རྡུང་ལེན་ལ་ཁྱད་ཆོས་བཞི་ཡོད་དེ། དང་པོ་ནི་སྣ་མང་རང་བཞིན་ལྡན་པ། སྒྲ་སྙན་ལ་རིགས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། འཁྲབ་སྟངས་རྣམ་པ་སྣ་ཚོགས་ཡོད། གླུ་ཚིག་ལ་གཏམ་རྒྱུད་བརྗོད་པའི་གླུ་དང་། གཏམ་གླུ་སྤེལ་མ་སོགས་ཡོད་ཅིང་། ལེན་སྟངས་ལ་ཁེར་ལེན་དང་། ཕོ་མོ་མཉམ་ལེན། མི་མང་མཉམ་ལེན་སོགས་ཡོད།
  • ལེ་ཚན་སྔོན་མ།: རྐང་གླིང་།
  • ལེ་ཚན་རྗེས་མ།:བོད་ཀྱི་སྒྲ་སྙན་གྱི་ཁྱད་ཆོས་དང་དཀྲོལ་ཐབས།