སྒྲ་སྙན་བྱུང་ཚུལ་བརྗོད་པ།(2)

 ཞི་ཆིན་གྱིས་བརྩམས། བུ་བཞིས་བསྒྱུར།        2010-09-01


ཡིན་ན་ཡང་མཁས་པ་མང་ཆེ་བའི་རྟོགས་དཔྱོད་བྱས་པ་ལྟར་ན། སྒྲ་སྙན་ནི་མཚོ་བོད་མཐོ་སྒང་ནས་བྱུང་བའི་བོད་མི་དམངས་རང་གི་ཐུན་མོང་མ་ཡིན་པའི་རོལ་ཆས་ཤིག་ཡིན།
      རང་རྒྱལ་གྱི་སྙན་གྲགས་ཆེ་བའི་མི་རིགས་རོལ་དབྱངས་མཁས་པ་སྐུ་ཞབས་ཐེན་ལེན་ཏོ་ཡིས་བརྩམས་པའི་བོད་ཀྱི་སྲོལ་རྒྱུན་རོལ་ཆས་སུ་སྒྲ་སྙན་དང་གླིང་བུ་ནི་བོད་རང་གིས་གསར་དུ་བཟོས་པའི་རོལ་ཆས་ཡིན་ཞེས་གསུངས་ཡོད། ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་མཚོན་པའི་ལྷ་སའི་གཙུག་ལག་ཁང་གི་ལྡེབས་རིས་ཤིག་སྟེ། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཀྱི་བརྗོད་བྱ་མཚོན་པའི་རི་མོ་ཞིག་ལས་ཀྱང་སྒྲ་སྙན་གཏོང་བའི་གནས་ཚུལ་མཐོང་ཐུབ་པ་དང་། དེ་མིན་བོད་ཀྱི་དགོན་སྡེའི་ཁག་གི་སྒོའི་གཡས་གཡོན་དུའང་ཕྱག་ཏུ་སྒྲ་སྙན་ཐོགས་པའི་རྒྱལ་ཆེན་རིགས་བཞིའི་སྐུ་བརྙན་མཐོང་ཐུབ།

སྒྲ་སྙན་རྡུང་ལེན་གྱི་ནང་དོན་དང་སྒྱུ་རྩལ་ཁྱད་ཆོས།
     
བོད་མི་རིགས་ནི་གླུ་གར་ལ་དགའ་བའི་མི་རིགས་ཤིག་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་སྒྲ་སྙན་རྡུང་ལེན་ལ་ས་གནས་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཐོབ་པ་དང་། དམངས་ཁྲོད་ཀྱི་སྒྱུ་རྩལ་དར་སྤེལ་དང་། གསར་རྩོམ་དང་འཚོལ་བསྡུ། ལེགས་སྒྲིག ཁྱད་སྤེལ་བཅས་བྱེད་པར་ཕུན་ནུས་འཐོན་ཆེད། འབྲེལ་ཡོད་སྡེ་ཁག་གིས་དམངས་ཁྲོད་ཀྱི་སྒྲ་སྙན་རྡུང་ལེན་བྱེད་མཁན་གྲགས་ཆེན་ཁག་ཅིག་སྒྲིག་འཛུགས་བྱས་ནས་སྒྲ་སྙན་རྡུང་ལེན་འགྲན་བསྡུར་སོགས་བཙུགས་པས། མི་རིགས་རང་གི་གཅེས་ནོར་དུ་གྱུར་པའི་སྒྲ་སྙན་སྒྱུ་རྩལ་དར་སྤེལ་བཏང་།
   

  • ལེ་ཚན་སྔོན་མ།: རྐང་གླིང་།
  • ལེ་ཚན་རྗེས་མ།:བོད་ཀྱི་སྒྲ་སྙན་གྱི་ཁྱད་ཆོས་དང་དཀྲོལ་ཐབས།