ཕུ་ཐུང་གཡས་པ་ཕུད་སྲོལ།

        2013-05-02

བོད་རིགས་ས་ཁུལ་གྱི་ཞིང་འབྲོག་ཁུལ་དུ་བོད་མིས་ཕྱུ་པ་གྱོན་སྐབས་ཕུ་ཐུང་གཡས་པ་ཕུད་པ་རྟག་ཏུ་མཐོང་རྒྱུ་ཡོད།དེའི་རྒྱུ་མཚན་གཅིག་ནི་ཐོན་སྐྱེད་ངལ་རྩོལ་སོགས་གང་བྱས་ཀྱང་ཤུགས་མང་ཆེ་བ་ལག་པ་གཡས་པས་འདོན་དགོས་པའི་དབང་གིས།སྟབས་བདེ་དང་ལས་ཕྱོད་ཆེ་བ་ཡོང་ཕྱིར་ཕུ་ཐུང་ཕུད་པ་དང་།གཉིས་ནི་བོད་ཡུལ་གྱི་ཉིན་རེའི་གནམ་གཤིས་ཚ་གྲང་གི་འགྱུར་བ་དེ་ས་ཆ་གཞན་དག་ལས་མྱུར་བས་དྲོ་དུས་ཕུ་ཐུང་ཕུད་པ་དང་།འཁྱགས་དུས་ལམ་སང་གྱོན་པ་བཅས་གནམ་གཤིས་ཀྱི་ཚ་གྲང་དང་བསྟུན་བདེ་བ།གསུམ་ནི་བླ་མ་དང་།རྒན་རབས་ཡོན་ཏན་ཅན་སོགས་འཕྲད་སྐབས་ཕུ་ཐུང་ཕུད་པ་དེ་དཔུང་པ་གཡས་པའི་ཐོག་ཡར་བསྐྱལ་ནས་གུས་ཞབས་མཚོན་པ་བྱེད་ཀྱི་ཡོད།
  • ལེ་ཚན་སྔོན་མ།:ཤོ་བཤད།
  • ལེ་ཚན་རྗེས་མ།:ཐལ་མོ་སྦྱོར་བའི་སྲོལ།