གཟི་རྩ་སྡེ་དགུའི་མཛེས་ལྗོངས།

ཤེས་བྱས་བྲིས།        2016-03-07

གཟི་རྩ་སྡེ་དགུའི་མཛེས་ལྗོངས།

གཟི་རྩ་་སྡེ་དགུའི་མཛེས་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་ཁོངས་སུ་ཡོད། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ཁྲེན་ཏུའུ་དང་བར་ཐག་སྤྱི་ལེ༤༠༠ལྷག་ཡོད་པ་དང་།  དེ་ནི་རིང་ཚད་ལ་སྤྱི་ལེ༤༠ལྷག་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི༦༢༠ཙམ་ཡོད་པའི་ལུང་ཤུར་ཞིག་ཡིན།

གཟི་རྩ་སྡེ་དགུའི་མཛེས་ལྗོངས།

དེའི་རྒྱ་ཁྱོན་གྱི་བརྒྱ་ཆ༥༢ཙམ་སྟུག་ཅིང་འཛིངས་པའི་གདོད་མའི་ནགས་ཚལ་གྱིས་བཀབ་ཡོད་ལ།  ནགས་ཚལ་ཁྲོད་དུ་མིང་མི་ཐོགས་པའི་རྩྭ་ལྡུམ་དང་མེ་ཏོག་སོགས་ཕྲ་ཆེམ་དུ་བཞད་ཅིང་། 

གཟི་རྩ་སྡེ་དགུའི་མཛེས་ལྗོངས།

དོམ་ཁྲ་དང་སྤྲེའུ་སྤུ་སེར། ཤྭ་དམར་སོགས་རྩ་ཆེན་སྲོག་ཆགས་མང་པོ་ཅི་དགར་རྩེན།  ད་དུང་མཐོ་ཞིང་བརྗིད་པའི་གངས་རི་དང་ལྗང་ལྡེམ་མེར་འཁྱིལ་བའི་མཚེའུ།  ལྷུང་ལྷུང་དུ་འབབ་པའི་རྦབ་ཆུ་སོགས་གདོད་མའི་རང་བྱུང་ཁམས་ཀྱི་མཛེས་པ་མ་ཡལ་བར་གསལ་ལེར་མངོན་པས་དེ་ལ་བྱིས་སྒྲུང་གི་འཇིག་རྟེན་ཞེས་པའི་མཚན་སྙན་ཞིག་ཀྱང་གསོལ་ཡོད། །

  • ལེ་ཚན་སྔོན་མ།:པར་ལེན་པ་ཧྥུང་ཀོང་ཧྥུའི་པར་རིས་བརྩམས་ཆོས།
  • ལེ་ཚན་རྗེས་མ།:ཡུན་ནན་པོ་ཏ་མཚོའི་མཛེས་ལྗོངས།