འདམ་རྡོ་ཆུ་རུད་འབྱུང་ཚེ་ཇི་ལྟར་བྱ་དགོས།
(སྐལ་ཐུབ་ཀྱིས་བསྡུས་བསྒྱུར་བྱས།) 2013-05-23
ཆར་ཆུ་འབེལ་བའི་དུས་སུ་ས་གཤིས་ཞན་པའི་ས་ཁུལ་དུ་འདམ་རྡོ་ཆུ་རུད་ཀྱི་གནོད་པ་འབྱུང་སླ་བ་རེད། གལ་སྲིད་འདམ་རྡོ་ཆུ་རུད་འབྱུང་བ་དང་ཐུག་པ་ཡིན་ན། ང་ཚོས་འོག་གི་བྱེད་ཐབས་ཁ་ཤས་ལ་ཡིད་འཇོག་བྱས་ན་ཕན་པ་ཐོབ་ངེས་པ་རེད།
གཅིག འདམ་རྡོ་ཆུ་རུད་ཀྱི་ས་ཁུལ་དུ་གནས་པའི་ཚེ། མགྱོ གས་པོར་འདམ་རྡོ་ཆུ་རུད་རྒྱུག་རྐའི་ངོས་གཉིས་སུ་བྲོས་དགོས་པ་ལས་འདམ་རྐའི་གོང་འོག་ཏུ་རྒྱུག་གཏན་ནས་མི་རུང་། སྤྱིར་བཏང་གར་མོའི་རང་བཞིན་གྱི་འདམ་རྡོ་ཆུ་རུད་དེ་སླ་བའི་རང་བཞིན་གྱི་འདམ་རྡོ་ཆུ་རུད་དང་བསྡུར་ན་དེ་བས་གབ་བྲོས་སླ་ཞིང་ཐར་ཐུབ། འདམ་རུད་ཀྱི་ས་ཁུལ་དུ་མེད་པའི་སྐབས་སུ། དེ་མུར་འདམ་རུད་རྒྱུག་པའི་ལུང་པའི་མདའ་རུ་ཡོད་པའི་གནོད་པ་ཕོག་སྲིད་པའི་གྲོང་སྡེ་དང་། ཤང་། གྲོང་རྡལ། རྫོང་དང་ཡང་ན་གཏེར་ལས་ཁེ་ལས་སྡེ་ཁག་ལ་ཉེན་བརྡ་གཏོང་དགོས་ཤིང་འདམ་རུད་ཀྱི་འགྱུར་ལྡོག་འཕེལ་རྒྱས་ཀྱི་གནས་བབ་ལ་དོ་སྣང་དམ་ཟབ་བྱེད་དགོས།
གཉིས། འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གིས་མྱུར་དུ་སྲིད་གཞུང་དང་། ལས་ཁུངས།(གྲོང་སྡེ་དང་། ཤང་། གྲོང་རྡལ།)ཆེད་མཁས་པ། ས་གནས་དེ་གའི་མང་ཚོགས་བཅས་རྩ་འཛུགས་བྱས་ནས་གནོད་འགོག་མུག་སྐྱོབ་ཀྱི་བྱ་འགུལ་སྤེལ་དགོས།
གསུམ། བབ་བསྟུན་བྱེད་ཐབས་(ཡང་ན་འཆར་གཞི)བཀོད་ཅིང་ལག་ལེན་གཏོང་དགོས། འདམ་རུད་ཀྱི་རྐ་དང་མདའ་ཡི་རི་ལུང་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔེར་ན་གནས་ཚུལ་ལ་གཞིགས་ནས་འཁོར་ལོའི་རིགས་དང་མི་འགྲོ་འོང་བྱ་རྒྱུ་བཀག་སྡོམ་བྱེད་པ་དང་། ཉེན་ཁའི་ས་ཁུལ་དུ་གནས་པའི་མང་ཚོགས་རྩ་འཛུགས་བྱས་ནས་ཕྱིར་འཐེན་བྱེད་དགོས་པ་སོགས་རེད།
བཞི། འདམ་རུད་འདིའི་གནོད་སྐྱོན་གྱིས་ཚེ་སྲོག་དང་འབྲེལ་བ་ཡོད་པའི་ཨར་ལས་སྟེ་(དཔེར་ན་ཆུ་རགས་དང་ལྕགས་ལམ། གཞུང་ལམ། གློག་འདོན་བཟོ་གྲྭ བརྡ་འཕྲིན་སྒྲིག་ཆས། གློག་འཕྲིན་ཁང་། ཆུ་རྐ་སོགས)ཞོར་བྱུང་གནོད་འཚེ་དང་། ལྷག་པར་ཐེངས་གསུམ་པའི་གནོད་འཚེ་གནོད་འཚེ་སྟེ་དཔེར་ན་མེ་སྐྱོན་དང་། ཆུ་ལོག འགྲིམ་འགྲུལ་ཆད་པ། འབར་གས་བྱུང་བ། ཁང་པ་ལོག་པ་སོགས་ཀྱི་གནོད་འཚེ་ཡོང་བར་དོ་གཟབ་བྱེད་དགོས།
ལྔ། ལྟ་གཞལ་ས་ཚིགས་(དྲ་བ)བཙུགས་ནས་ཡུན་རིང་འདམ་རུད་ཀྱི་འགུལ་རྣམ་ལ་ལྟ་གཞལ་བྱས་ནས་གནོད་སྐྱོན་གྱི་འགྱུར་ལྡོག་འཕེལ་རྒྱས་གནས་བབ་རྒྱུས་ལོན་བྱེད་དགོས་པ་མ་ཚད་འཕྲལ་ཐག་གཅོད་དགོས། ལྷག་པར་དུ་འདམ་རུད་ཀྱི་ཐོལ་བྱུང་རང་བཞིན་དང་སྐབས་སྡོད་རང་བཞིན་བཅས་ལ་དོ་སྣང་བྱེད་དགོས།