འདུས་འདྲིལ་གཅོང་ནད་འགོག་བཅོས་ཤེས་བྱ།

(ལྷ་འཛོམས་ཀྱིས་བསྡུས་བཤུལ།)        2012-09-27

1.  གང་ཞིག་ལ་གློ་བའི་འདུས་འདྲིལ་གཅོང་ནད་ཟེར།

འདུས་འདྲིལ་གཅོང་ནད་ནི་མི་རྣམས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཐེབས་པའི་དལ་ཅན་གྱི་དབུགས་ལམ་འགོས་ནད་ཚབས་ཆེན་ཞིག་ཡིན།

2.གློ་བའི་འདུས་འདྲིལ་གཅོང་ནད་ལ་ནད་རྟགས་གང་དག་ཡོད།

ལུ་བ་དང་ཁ་ལུད་ལུ་ནས་གཟའ་འཁོར2ཡན་རེད་པ་དང་།ཁྲག་ལུ་བ་དང་ཁ་ལུད་ནང་དུ་ཁྲག་ཡོད་རྒྱུ་ནི་གློ་བའི་འདུས་འདྲིལ་གཅོང་ནད་ཀྱི་ནད་རྟགས་གཙོ་བོ་ཡིན།གོང་གསལ་གྱི་ནད་རྟགས་སྣ་གཅིག་ཡོད་ན་གློ་བའི་འདུས་འདྲིལ་གཅོང་ནད་ཀྱི་དོགས་ཡོད་ནད་པ་ཡིན།གཞན་མིན།བྲང་ཁོག་འཚང་དང་།བྲང་ཁོག་ན་བ།ལུས་དྲོད་ཚད་དམའ་བ།གྲང་རྔུལ་ཐོན་པ།ཤུགས་ཉམས་པ།ཟས་ཟ་འདོད་མེད།ལུས་པོའི་ལྗིད་ཚད་ཡང་དུ་འགྲོ་བ་སོགས་ནི་གློ་བའི་འདུས་འདྲིལ་གཅོང་ནད་ཀྱི་ནད་རྟགས་གཞན་དག་ཡིན།

3.གློ་བའི་འདུས་འདྲིལ་གཅོང་ནད་ཅི་འདྲ་བྱས་ནས་འགོས་པ་རེད།

གློ་བའི་འདུས་འདྲིལ་གཅོང་ནད་ནི་འགོས་ནད་ཀྱི་རང་བཞིན་ཡོད་པའི་གློ་བའི་འདུས་འདྲིལ་གཅོང་ནད་ན་མཁན་ལུ་བ་དང་ཁ་ལུད་ལུ་བ།སྦྲིད་པ་གཏོང་བ།ཡང་ན་སྐད་ཆེན་པོས་སྐད་ཆ་བཤད་དེ་འདུས་འདྲིལ་གཅོང་ནད་ཀྱི་ནད་དུག་ཡོད་པའི་མཆིལ་ཟེགས་ལས་འགོས་པ།

4.ཅི་འདྲ་བྱས་ནས་འདུས་འདྲིལ་གཅོང་ནད་སྔོན་འགོག་བྱ་དགོས།

༡སྔ་ནས་འགོས་ཁུངས་ཤེས་ཏེ།དུས་ཐོག་ཏུ་སྨན་བཅོས་དང་།འགོས་རྒྱུ་ཉུང་དུ་གཏང་དགོས།

༢ཕྲུ་གུ་དམར་དབྱར་ལ་རིམས་འགོག་སྨན་ཁབ་རྒྱག་དགོས།

༣འཕྲོད་བསྟེན་གྱི་གོམས་གཤིས་ཡག་མོ་ཆགས་ཏེ།གང་ས་གང་དུ་ཁ་ལུད་འཕེན་མི་ཉན།

༤འཚོ་བཅུད་གཟབ་གཟབ་བྱས་ནས་ལུས་པོ་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་ལ།ནད་འགོག་ནུས་པ་མཐོ་རུ་གཏང་དགོས།

5.འདུས་འདྲིལ་གཅོང་ནད་ལ་རྒྱལ་ཁབ་ཀྱིས་རིན་པ་མི་དགོས་པའི་ནད་བཤེར་དང་སྨན་བཅོས་ཀྱི་སྲིད་ཇུས་ཡོད།

དེང་སང་རང་རྒྱལ་གྱི་གློ་བའི་འདུས་འདྲིལ་གཅོང་ནད་ཀྱི་དོགས་ཡོད་ནད་ཅན་ལ་རིན་པ་མི་དགོས་པའིXབྲང་ཁོག་པར་རྒྱག་པ་དང་འདུས་འདྲིལ་ཁ་ལུད་ཀྱི་ནད་དུག་ཞིབ་བཤེར།གློ་བའི་འདུས་འདྲིལ་གཅོང་ནད་ཀྱི་དོགས་ཡོད་ནད་པའི་ནད་གཞི་གཏན་འཁེལ་བྱས་རྗེས།རིན་པ་མི་དགོས་པའི་འདུས་འདྲིལ་གཅོང་ནད་འགོག་པའི་སྨན་སྦྱིན་ནས་སྨན་བཅོས་བྱ་དགོས།གློ་བའི་འདུས་འདྲིལ་གཅོང་ནད་ཀྱི་ནད་པ་དང་ཐད་ཀར་རེག་ཐུག་བྱས་པའི་མི་སྣ།ནད་པའི་ཁྱིམ་མི་དང་ལས་གྲོགས།སློབ་གྲོགས་སོགས་རེག་ཐུག་བྱུང་མཁན་ལ་རིན་པ་མི་དགོས་པའི་ཁ་ལུད་ཞིབ་བཤེར་དང་བྲག་ཁོག་པར་རྒྱག་ཞིབ་བཤེར་བྱ་ཆོག  གློ་བའི་འདུས་འདྲིལ་གཅོང་ནད་ན་བའི་དོགས་པ་ཡོད་ན།དུས་ཐོག་ཏུ་འདུས་འདྲིལ་གཅོང་ནད་འགོག་བཅོས་ལས་ཁུངས་སུ་སོང་ནས་ཞིབ་བཤེར་དང་སྨན་བཅོས་བྱ་དགོས།   དུས་ཐོག་ཏུ་ཤེས་པ་དང་དུས་ཐོག་ཏུ་ནད་དཔྱད།དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུ་ནི་གློ་བའི་འདུས་འདྲིལ་གཅོང་ནད་བཅོས་ཐུབ་པའི་གནད་འགག་ཡིན་ནོ།

  • ལེ་ཚན་སྔོན་མ།:ཁྲག་ཤེད་ལ་ཚོད་འཛིན་བྱེད་པའི་ཐབས་ལམ
  • ལེ་ཚན་རྗེས་མ།:བདེ་ཐང་ལ་ཕན་པའི་བྱེད་སྒོ་ཁག་བཅུ།
  • དོ་སྣང་ཆེ་བའི་རྩོམ།