དཔྱིད་དུས་སུ་བ་གླང་དང་ར་ལུག་ལ་སྦོས་ནད་འཕོག་སླ་བའི་རྒྱུ་མཚན་ཅི་ཡིན།

        2010-04-28

ང་ཚོ་མི་ལ་ཆ་མཚོན་ན་གལ་ཏེ་བཟའ་བཏུང་འཚམ་པོ་མ་བྱུང་བའམ་བཟའ་བཏུང་གང་བྱུང་མ་བའམ་བཟའ་བཏུང་གང་བྱུང་མ་བྱུང་བྱས་ཚེ་ཕོ་བ་ན་བ་རེད།དེ་བཞིན་བ་གླང་དང་ར་ལུག་གིས་ཀྱང་མེ་ཏོག་བཞད་གྲབས་ཡོད་པའི་རྩྭ་མུའུ་ཞུས་དང་།སྲན་རིགས་ཀྱི་ཡལ་ག་དང་ལོ་མ་གསར་པ།རུལ་སུངས་སུ་གྱུར་པའི་རྩ་བ་དང་ཚལ་རིགས།སྦང་མ།སྤུངས་ནས་ཡུན་རིང་སོང་བའི་སྔོ་རྩྭ་སོགས།ཟ་ཐེངས་གཅིག་ལ་མང་པོ་བཟས་ཚེ་ཕོ་བ་ན་བ་རེད།སྦོས་ནད་ནི་ཕོ་ནད་བྱེ་བྲག་ཅིག་རེད།
འོ་ན་དཔྱིད་དུས་སུ་བ་གླང་དང་ར་ལུག་ག་ནད་དེ་རིགས་འཕོག་སླ་བའི་རྒྱུ་མཚན་ཅིན་ཞེ་ན།དཔྱིད་ཀ་ནི་རྩྭ་རིགས་སྐྱེ་འཕེལ་གྱི་དུས་ཚིགས་ཡིན་པས་རྩྭ་རྣམས་སོས་ཡིན་པ་དང་ཆུ་མང་བས་མི་ཚད་སྤྲི་དཀར་གྱི་རིགས་ཀྱང་མང་ཞིང་།བ་གླང་དང་ར་ལུག་གིས་དགུན་ཁ་གཅིག་གི་རིང་ལ་རྩྭ་སྔོ་ཟ་རྒྱུ་མ་རག་པས་ཟ་ཚོད་མེད་པ་ཟ་གི་ཡོད་པར་བརྟེན།རྩྭ་སྔོ་སེམས་ཅན་གྱི་ཕོ་བ་དང་པོའི་ནང་མ་འཇུ་བར་མྱུར་དུ་འཕེལ་ཏེ་རླངས་པ་མང་པོ་ཐོན་ནས་ཕྱིར་འབུད་མ་ཐུབ་པར་ཕོ་བའི་ནང་གང་ནས་སྦོས་ཡོང་གི་ཡོད་པ་རེད།
བ་གླང་དང་ར་ལུག་ལ་ནད་དེ་ཕོག་རྗེས་གལ་ཏེ་དུས་ཐོག་ཏུ་སྐྱོབ་བཅོས་མ་བྱས་ན་ལྡད་བཅའ་མཚམས་ཆད་པ་དང་།དབུགས་གཏོང་དཀའ་བ།ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་འགལ་རྐྱེན་ཚབས་ཆེན་བྱུང་སྟེ།ཁ་ནས་སྦུ་བ་དོན་ནས་མགྱོགས་པ་ཤི་འགྲོ་བ་རེད།
བ་གླ་དང་ར་ལུག་ལ་ནད་དེ་རིགས་མི་འཕོག་པའི་སྔོན་འགོག་བྱེད་ཆེད།དཔྱིད་ཀ་ཤར་གྲབས་ཡོད་དུས་གཟན་ཆག་རིམ་བཞིན་མང་དུབཏང་སྟེ་བ་གླང་དང་ར་ལུག་གི་ཕོ་བའི་འཕྲོད་ཤུགས་རིམ་པས་ཆེ་རུ་འགྲོ་བ་ངྱེད་དགོས།དཔྱིད་ཀ་ཕྱུགས་ཟོག་འཚོ་སྐབས་ཟ་ཐེངས་གཅིག་ལ་རྩྭ་སྔོ་མང་པོ་ཟ་མི་བཅུག་པར་ཚོད་འཛིན་ཏོག་ཙམ་བྱེད་དགོས།ཞོགས་པ་ཟིལ་ཆུ་མ་ཡལ་གོང་བ་གླང་དང་ར་ལུག་འཚོ་རྒྱུའང་མེད།དེ་འདྲ་བྱས་ན་ནད་མི་འཕོག
་པའི་སྔོན་འགོག་བྱེད་ཐུབ་བ་རེད།
  • ལེ་ཚན་སྔོན་མ།:སྣང་བ་སྐྱིད་པོ་བྱས་ན་ཚེ་རིང་བ།
  • ལེ་ཚན་རྗེས་མ།:གཟུགས་གཞི་བདེ་ཐང་ཡོང་བར“དོ་སྣང་བྱེད་དགོས་པ་བདུན”
  • དོ་སྣང་ཆེ་བའི་རྩོམ།