བོད་ལྗོངས་ཉིན་རེའི་ཚགས་པར། 2012-04-13
1.ནོར་བུའི་རིགས་ཀྱི་རྒྱན་ཆའི་སྒམ་ཆུང་ནང་ས་སྨྱུག་དུམ་བུ་ཞིག་མཉམ་དུ་བཅུག་ན་རྒྱན་ཆའི་འོད་ཉམས་པར་མི་འགྱུར།
2.ལྷམ་གྱི་ཆ་གང་ནས་ཁྱེད་ཀྱི་རྐང་པ་བཙིར་ཚེ་རྐང་པ་བཙིར་ས་དེ་རང་དུ་ཨ་རག་དཀར་པོ་ཕྲན་བུ་བྱུགས་ན་རྐང་པ་མི་བཙིར་བའི་ཁས་ལེན་ཐུབ།
3.དབྱར་དུས་རྐང་པ་ནས་རྔུལ་ཆུ་དོན་སླ་བས།ཉིན་ལྟར་ཚྭ་ཆུས་རྐང་པ་བཀྲུས་ན་རྔུལ་ཆུ་སེལ་ཐུབ།
4.དབྱར་ཁ་ཆུ་རྐྱལ་བརྒྱབ་རྗེས་ཉི་མ་བསྲོས་ན་པགས་པ་རྒས་པ་སོགས་ཀྱི་ནད་རིགས་འགོག་ཐུབ།
5.ཆང་བཏུང་རྗེས་ལུས་པོ་མི་བདེ་བ་ཡོང་སྐབས་ཞོ་བཏུང་ན་ཆང་ནད་སེལ་ཐུབ་པ་མ་ཟད།ཕོ་བའི་སྐྱི་ལྤགས་ལའང་སྲུང་སྐྱོབ་བྱེད་ཐུབ།
6.མགོ་ན་བ་དང་མགོ་ཡུར་འཁོར་བ་སོགས་བྱེད་སྐབས་ཡ་མའི་ཐོག་ཏུ་སོ་སྨན་ཕྲན་བུ་བྱུགས་ན་ཕན་པ་ཆེ།
7.གྱོ ན་གོས་དཀར་པོ་བཀྲུས་རྗེས་སེར་པོ་ཆགས་བདེ་བས་ཆུ་གཙང་མའི་ནང་སྣག་ཚ་ཐིགས་པ་གཉིས་གསུམ་ཙམ་བླུགས་ནས་བཀྲུས་ཟིན
རྩོམ་གསར། 10