ཁོག་པ་བཤལ་སྐབས་སྒོག་པ་ཟ་མི་རུང།

གངས་དབང་གིས།    ཆོས་གྲོགས་དྲ་ཚིགས།    2012-03-06

སྒོག་པ་ནི་ཧ་ཅང་ཞིམ་པའི་ཟས་རིགས་ཞིག་ཡིན་པ་དང་ལུས་ཕུང་ལ་ཞོར་སྐྱོན་ཆེན་པོ་མེད་པས། གོང་ཁེ་ལ་སྨན་ནུས་ལྡན་པ་ཞིག་ཡིན་། དེས་འབུ་དང་དུག་སོགས་གསོད་ཐུབ་པའི་ཁར།  སྐྲན་ནད་ལའང་སྔོན་འགོག་བྱེད་པ་ཡིན།
དེར་བརྟེན། མི་མང་པོ་ཞིག་ལ་ཁོག་པ་བཤལ་སྐབས་སྒོག་པ་ཟོས་ན་དུག་སྲིན་འགོག་ཐུབ་ཅེས་པའི་ནོར་འཁྲུལ་གྱི་བསམ་ཚུལ་ཡོད། གལ་ཏེ་མ་ཤེས་པར་སྐབས་དེར་སྒོག་པ་ཟོས་ན་ཕན་ནུས་ཧ་ཅང་ཆུང་། འཁྱགས་པ་ཐེབས་པ་དང་དུག་སྲིན་འབྱར་ཡོད་པའི་ཟས་མི་གཙང་བ་སྤྱད་ན། ཕོ་བ་དང་རྒྱུ་མར་གནོད་པ་ཐེབས་པ་མ་ཟད། རྒྱུ་དངོས་ཁྲག་སྦུག་གི་འབྱར་སྐྱི་ལ་འགྱུར་ལྡོག་འབྱུང་བ་དང་སྤྲི་དཀར་ཚྭ་ཆུའི་རྙིང་ཚབ་གསར་བྱེད་ཇེ་རྙོག་ཏུ་བཏང་སྟེ། ལུས་གཤེར་མང་པོ་རྒྱུ་མའི་ནང་དུ་བཞུར་བ་ཡིན།  གྲུབ་ཆ་རིགས་འདི་དག་གིས་རྒྱུ་ངོས་ལ་ཟུག་གཟེར་བཏང་སྟེ་ཁོག་པ་བཤལ་བ་རེད། སྐབས་དེར་རྒྱུ་མ་གྲང་དྲགས་པའི་ཚུལ་དུ་བཅར་འདུག་པས། ཁ་ཚ་བའི་སྒོག་པ་ཟོས་ན་རྒྱུ་ངོས་ལ་ཟུག་གཟེར་བཏང་ནས་ཁྲག་རྩར་ཁྲག་རྒྱས་སུ་འཇུག་པ་དང་ཆུ་བསགས་ཏེ་ཕུང་གྲུབ་གཤེར་ཁུ་རྒྱུ་མའི་ནང་དུ་བཞུར་བས། ཁོག་པ་བཤལ་བ་དང་ནད་པའི་ནད་རྟགས་ཀྱང་མངོན་གསལ་ཡིན།
  • ལེ་ཚན་སྔོན་མ།:རི་སྐྱེས་ཚལ་རིགས་ཀྱི་སྨན་སྤྱོད་རིན་ཐང་།
  • ལེ་ཚན་རྗེས་མ།:དཔྱིད་ཀར་འབྱུང་བའི་ནད་རིགས་འགའ་ཡི་སྔོན་འགོག་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།