རི་སྐྱེས་ཚལ་རིགས་ཀྱི་སྨན་སྤྱོད་རིན་ཐང་།

    «ཞིང་གྲོང་ཁྱིམ་ཚང་གི་འཚོ་བཅུད་དང་འཕྲོད་བསྟེན།    2012-02-01

ཉེ་བའི་ལོ་འགའི་རིང་ལ། ཚན་རིག་རིག་གནས་འཕེལ་བའི་འགྲོས་དང་བསྟུན་ནས་འགྲོ་བ་མི་ཡིས་ཚལ་རིགས་འདེམས་ཚུལ་ཐད་ཡུན་གྱིས་རི་སྐྱེས་ཚལ་རིགས་ལ་ཕྱོགས་ཤིང་། དེར་དགའ་མཁན་ཉིན་རེར་ཇེ་མང་རེད། དེ་ཡང་རི་སྐྱེས་ཚལ་རིགས་ནང་ཟས་བཅུད་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། སྨན་སྤྱོད་རིན་ཐང་ཡང་ཤིན་ཏུ་མཐོ་བ་ཡིན། དེ་ལ་ཕུན་སུམ་ཚོགས་པའི་འཚོ་བཅུད་ལྡན་པར་མ་ཟད། མི་ལུས་ལ་མཁོ་བའི་གཏེར་རྫས་ཅཱ་དང་ཀའེ། ལིན། ལྕགས་སོགས་སྣ་མང་བ་དང་། གལ་སྲིད་མི་གཅིག་གིས་ཉིན་རེར་རི་སྐྱེས་ཚལ་རིགས་ཁེ་ལྔ་བརྒྱ་ཙམ་ཟོས་པ་ཡིན་ན་མི་ལུས་ལ་དགོས་ངེས་ཀྱི་ཟས་བཅུད་ཐམས་ཐད་བསྡུ་ཐུབ་པ་ཡིན། རི་སྐྱེས་ཚལ་རིགས་ལ་ཞིང་སྨན་གྱི་དུག་ཕོག་མེད་པས་བྲོ་བ་ཞིམ་པར་མ་ཟད། མི་ཡིས་ཞིང་ནང་དུ་བཏབ་པའི་ཚལ་རིགས་དང་བསྡུར་ན་ཟས་བཅུད་དང་སྨན་སྤྱོད་རིན་ཐང་ཡང་ཆེ་ཆེར་མཐོ་བ་ཡིན།

ཁཱ་ཧྥེ་འཐུང་བ་མང་དྲགས་ན་བདེ་ཐང་ལ་གནོད་པ་ཡིན། 

ནའོ་ཝེ་རྒྱལ་ཁབ་ཀྱི་སྨན་པ་ཁ་ཤས་ཀྱིས་ལོ་དྲུག་ཙམ་གྱི་དུས་ཚོད་སྤྱད་དེ་མི་ཁྲི་བཞི་ལ་ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན། ཁཱ་ཧྥེ་མང་པོ་འཐུང་མཁན་ལ་སྙིང་ནད་འབྱུང་སླ་བ་ཡིན། ཁོ་ཚོས་གསུང་དོན། སྙིང་ནད་ལས་ཤི་བའི་མི 184 ལས་མང་ཆེ་བ་སྔོན་ཆད་ཁཱ་ཧྥེ་ལ་ཤིན་ཏུ་དགའ་ཞིང་། དེའི་ནང་གི་ལོ་སོ་ལྔ་ནས་ང་བཞིའི་བར་གྱི་སྐྱེས་པའི་ཤི་ཚད་དག་ལས་མི་ཞེ་གསུམ་ཙམ་གྱིས་ཉིན་རེར་ཁཱ་ཧྥེ་ཇ་ཕོར་དགུ་ཙམ་འཐུང་བཞིན་ཡོད་པ་དང་། ཉིན་རེར་ཇ་ཕོར་གཅིག་ནས་གཉིས་ཙམ་འཐུང་མཁན་ཧ་ལམ་མི་དྲུག་དང་། ཉིན་རེར་ཇ་ཕོར་གཅིག་ཙམ་འཐུང་མཁན་མི་གསུམ་ཙམ་མ་གཏོགས་མེད། སྐྱེས་མའི་ཤི་ཚད་དག་ལས་ཧ་ལམ་མི་བཅུ་དྲུག་ཙམ་གྱིས་ཉིན་རེར་ཁཱ་ཧྥེ་ཇ་ཕོར་བདུན་ཡན་འཐུང་བཞིན་ཡོད། 

ནའོ་ཝེ་རྒྱལ་ཁབ་ཀྱི་སྨན་པས་སྡོམ་ཚིག་ལྟར་ན། སྙིང་ནད་ཀྱིས་ཤི་བ་དེ་ཁཱ་ཧྥེ་འཐུང་བ་དང་འབྲེལ་བ་དམ་ཟབ་ལྡན་ཞིང་། རྒྱུ་མཚན་ནི་ཁཱ་ཧྥེ་འཐུང་བ་ལ་ཤིན་ཏུ་དགའ་བའི་མི་དག་གིས་མཁྲིས་རྒྱུ་གཤེར་རྩི་ཡི་ཚད་མཐོ་བ་ཡིན

  • ལེ་ཚན་སྔོན་མ།:ཁྱིམ་ཆས་ཉོ་སྐབས་མཉམ་འཇོག་དགོས་ས་འགའ།
  • ལེ་ཚན་རྗེས་མ།:ཁོག་པ་བཤལ་སྐབས་སྒོག་པ་ཟ་མི་རུང།
  • དོ་སྣང་ཆེ་བའི་རྩོམ།