ཞིང་ལས་འཕྲུལ་ཆས་བཀོད་དུས་ཀྱི་ཡིད་འཇོག་བྱེད་ས་བཞི།

གཟུངས་སྐྱིད།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-17

གཅིག  དཔྱིད་ཀ་ནི་ཞིང་ལས་འཕྲུལ་ཆས་སྣ་ཚོགས་བཀོལ་བའི་དུས་སྐབས་ཤིག་ཡིན་པས།  བཀོལ་སྤྱོད་བྱེད་པའི་སྔོན་ལ་ངེས་པར་དུ་བཀོལ་སྤྱོད་གསལ་བཤད་ཡི་གེའི་རེ་བ་ལྟར་ནན་ཏན་སྒོས་ཞིང་ལས་འཕྲུལ་ཆས་ཡོངས་ལ་གཙང་སྦྲ་དང་སྙོམས་སྒྲིག  སྣུམ་བྱུགས་པ་སོགས་བྱས་ནས།  འཕྲུལ་ཆས་ཀྱི་བྱེད་ནུས་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས།
    གཉིས།   སྒུལ་ཤུགས་འཕྲུལ་ཆས(དཔེར་ན་འདྲུད་འཐེན་འཁོར་ལོ་དང་ཁྲའེ་ཡིའུ་རླངས་འཁོར)ཀྱི་འཇམ་འདྲེན་མ་ལག་ལ་བདག་སྐྱོང་བྱེད་པར་གཏན་ཁེལ་བྱས་པའི་ཚད་ལྡན་གྱི་འཇམ་འདྲེན་སྣུམ་དེ་བཀོལ་བ་ལས་གཞན།  ད་དུང་ནན་ཏན་སྒོས་འཇམ་འདྲེན་མ་ལག་གི་བདག་སྐྱོང་དུས་འཁོར་དང་ཚད་ལྡན་ལ་བརྩི་སྲུང་བྱས་ཏེ།  དུས་ངེས་གཏན་ལྟར་འཇམ་འདྲེན་མ་ལག་ལ་གཙང་བཀྲུ་དང་དྭངས་འཚག  ལྷུ་ལག་བརྗེ་རེས་བཅས་བྱས་ནས།  འཕྲུལ་ཆས་ཀྱི་ལྷུ་ལག་ཟད་ཚད་ཇེ་ཡང་དུ་གཏོང་དགོས།
   གསུམ།  དཔྱིད་ཀའི་གནམ་ཟླའི་དྲོད་གྲང་མི་སྙོམས་པར་འགྱུར་ལྡོག་ཧ་ཅང་ཆེ་སྟབས།  སྒུལ་ཤུགས་འཕྲུལ་ཆས་ཀྱི་འཁྱག་བཟོ་མ་ལག་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས།
   བཞི།  ཞིང་ལས་འཕྲུལ་ཆས་བཀོལ་དུས་ངེས་པར་དུ་བཀོལ་སྤྱོད་སྒྲིག་སྲོལ་ལ་བརྩི་སྲུང་བྱས་ཏེ།   ཐོན་སྐྱེད་བདེ་སྲུང་ལ་ཁག་ཐེག་བྱེད་དགོས། 
  • ལེ་ཚན་སྔོན་མ།:སེམས་ཁམས་བདེ་སྲུང་ཐད་བྱེད་དགོས་པ་ལྔ།
  • ལེ་ཚན་རྗེས་མ།:རྫས་ལུད་བཀོལ་སྤྱོད་ཐད་ཀྱི་རྒྱུན་མཐོང་ཤེས་བྱ་འགའ།
  • དོ་སྣང་ཆེ་བའི་རྩོམ།