སེམས་ཁམས་བདེ་སྲུང་ཐད་བྱེད་དགོས་པ་ལྔ།

        2010-12-16

རྒྱུན་དུ་བྱིས་པའི་དུས་ཀྱི་དགོད་བྲོ་བའི་བྱ་བ་ཕྱིར་དྲན་བྱེད་པ་དང་བྱིལ་པའི་དུས་རབས་ཀྱི་གྲོགས་པོ་དང་ཡི་གེ་གཏོང་རེས་བྱེད་པ་དང་།ཕན་ཚུན་འཚམས་འདྲིར་འགྲོ་བ།སྔར་བྱས་གླེང་བ།ཅི་གྲོས་མོལ་གྲོས་ཤོད་པ་བཅས་བྱེད་པའམ་ཡང་ན་སྔར་འགྲོ་མྱོང་སར་སླར་ཡང་སྤྲོ་འཆམ་དུ་འགྲོ་བ་སོགས་བྱས་ན་བྱིས་པའི་དུས་ཀྱི་སྤྲོ་བ་སླར་ཡང་འཕེལ་རྒྱུ་ཡིན་པ་དང་། ཁྱིམ་ནས་ཕྱིར་ཐོན་པ་དང་།གྲོགས་པོ་རྒྱ་ཁྱབ་ཏུ་སྒྲིག་པ་དང་ལྷག་པར་དུ་“གྲོགས་པོ་བློས་ཐུབ”སྒྲིག་རྒྱུར་དོ་སྣང་བྱེད་པ།གཞན་ལ་རོགས་རམ་བྱ་རྒྱུ་སྤྲོ་སྣང་དུ་བརྩི་བ།རྐང་ལག་ཡང་བ།ཁ་ཡང་བ་བཅས་བྱས་ཏེ་“ཕྱི་འབྲེལ་མཁས་པ”དང་ཡང་ན“སྤྱི་ཚོགས་ཀྱི་འབྲེལ་བ་མཁས་པ”ཞིག་བྱེད་དགོས།དེ་ལྟར་བྱས་ན་འགྲོ་འོང་ལེགས་པོ་བྱུང་ནས་སེམས་བག་ཡངས་པོ་ཡོང་བ།
༣ འབད་བརྩོན་ཆེན་པོས་རྒྱ་ཁྱབ་ཀྱི་སྤྲོ་བ་དང་ཞེན་ཆགས་གསོ་སྐྱོང་བྱེད་དགོས་པ་དཔེར་ན།མེ་ཏོག་གསོ་བ་དང་།རི་མོ་འབྲི་བ།མིག་མངས་རྒྱག་པ།དཔེ་དེབ་ཀློག་པ།ཡིག་གཟུགས་སྦྱོང་བ།ཚགས་པར་དགའ་པོ་བྱས་ན་ཉིན་ལྟར་སྣང་བ་སྐྱིད་པོ་ཡོང་བ།  དཔེ་དེབ་ཀློག་པ་དང་།ཚགས་པར་ལྟ་བ།གློག་བརྙན་དང་བརྙན་འཕྲིན་ལྟ་བ་བཅས་བྱེད་སྐབས་རང་ཉིད་ཀྱི་སྣང་བ་མི་གཡེང་བར་བློ་རྩེ་གཅིག་སྒྲིམ་གྱིས་གང་མགྱོགས་དེའི་གོ་དོན་རྟོགས་པ་བྱས་ཏེ་སེམས་ཁམས་ཧ་ཅང་ཡངས་པོར་འགྱུར་བ་བྱེད་དགོས་པ།
 ༥ ཤེས་བྱ་ཐོབ་པ་བྱ་རྒྱུར་འདོད་པ་མི་ཚིམ་པ་བྱེད་དགོས།ཉིན་ལྟར་གྱི་ལས་ཀའི་གོ་རིམ་དམ་པོར་བསྒྲིམས་ནས་རང་ཉིད་ནམ་ཡིན་རུང་བྱས་ཚར་རྒྱུ་མེད་པའི་ལས་ཀ་ཡོད་པ་བྱེད་དགོས།དེ་འདྲ་བྱས་ན་དཀའ་ལས་ཕྲན་བུ་བྱུང་རུང་སེམས་པ་ནི་དངོས་འབྲེལ་སྐྱིད་པོ་ཡོང་བ་བཅས་སོ།།
  • ལེ་ཚན་སྔོན་མ།:ཤ་བཙོ་བཞིན་དུ་ཆུ་གྲང་མོ་བླུག་རྒྱུ་མེད།
  • ལེ་ཚན་རྗེས་མ།:ཞིང་ལས་འཕྲུལ་ཆས་བཀོད་དུས་ཀྱི་ཡིད་འཇོག་བྱེད་ས་བཞི།
  • དོ་སྣང་ཆེ་བའི་རྩོམ།