སྔོན་འགོག་གི་སྐོར།(3)

        2010-05-12


དོན་ཚན་བཅོ་བརྒྱད་པ།གཤམ་གསལ་གྱི་འགོས་ནད་ཡོད་པའི་ནད་པའམ་ནད་གཞི་ཡོད་མཁན་ཟུར་དུ་བཞག་སྟེ་སྨན་བཅོས་བྱས་ནས།སྨན་བཅོས་དང་ལུས་ཁམས་བདེ་སྲུང་ལས་ཁུངས་ཀྱིས་དེར་འགོས་ནད་མེད་པའི་ར་སྤྲོད་བྱས་རྗེས་གཞི་ནས་ལས་ཀ་སྒྲུབ་ཆོག་སྟེ།
 ༡བྱི་ནད་དང་སྐྱུག་བཤལ་ཕོག་ཡོད་མཁན།
༢ཨེ་ཙི་འགོས་ནད།ནག་དུག་ཅན་གྱི་མཆིན་ཚད།དུག་སྲིན་ཕྲ་མོའི་རྒྱུ་གཟེར་དང་འཁྲུ་ནད་ཨ་སྨི་པ།རྒྱུ་བརྡུགས་ཚད་རིམས་དང་འདར་ནད་ཕལ་པ།ས་ནད།རྒྱུ་ཚད་ཐོར་སིབ་ཅན།སིབ་བི།བརྒྱ་གློ།མགྲིན་ནད།སྒལ་རྒྱུངས་ཀླད་གཞུངས་སྐྱ་བོའི་གཉན་ཚད།ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་ཡམས་ནད།ཚ་རིམས་དམར་སྐྱ།ཁྲག་དོན་པའི་ཚ་རྒྱས་རིམས་ནད།ཏེན་ཀོ་ཚ་ནད།སྦྱར་ནད།རེག་དུག་བཅས་ཕོག་ཡོད་མཁན།
༣གློ་ནད་བུང་ཚང་དང་།མཛེ་ནད།རྣ་རྩ་ཕུས་འདེབས།ཟྭ་འབྲུམ།དོག་དྲག་གི་ཁྲག་དོག་མིག་འབྲས་སྐྱི་མོའི་གཉན་ཚད་ཕོག་མཁན་བཅས་ཡིན།
དོན་ཚན་བཅུ་དགུ་པ།འཐུང་ཆུ་དང་།བཟའ་བཏུང་།བྱད་བཞིན་མཛེས་འཆོས།བྱིས་གསོ་སོགས་འགོས་ནད་ཁྱབ་སྤེལ་བྱེད་སླ་བའི་ལས་ཀ་སྒྲུབ་མཁན་མི་སྣས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལུས་ཁམས་བདེ་ཐང་གི་ཚད་ལོན་དཔང་རྟགས་ལོན་རྗེས་ད་གཟོད་ལས་རྐང་ཐོག་འགྲོ་ཆོག
དོན་ཚན་ཉི་ཤུ་པ།གཏན་འཁེལ་མེད་པའི་མི་སྣ་ཉིས་བརྒྱ་ཡན་བཀོལ་པའི་སྡེ་ཚན་གྱིས་ས་གནས་དེའི་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱེད་པའི་འཕྲོད་བསྟེན་རིམས་འགོག་ལས་ཁུངས་ལ་སྙན་ཞུ་ཞུ་དགོས་པ་མ་ཟད།བླང་བྱ་ལྟར་འགོས་ནད་སྔོན་འགོག་དང་བཀག་སྡོམ་གྱི་འཕྲོད་བསྟེན་བྱེད་ཐབས་སྤྱོད་དགོས། དོན་ཚན་ཉེར་གཅིག་པ།རིགས་དང་པོའི་འགོས་ནད་ཀྱི་ནད་གཞིས་སྦགས་བཙོག་བཟོས་པའི་ཆུ་སྙིགས་དང་།འབག་བཙོག་འབྱུང་གཞིའི་དངོས་པོ།གཅིན་སྐྱག་བཅས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ངེས་པར་དུ་རིམས་འགོག་འཕྲོད་བསྟེན་མི་སྣའི་མཛུབ་སྟོན་དང་ལྟ་སྐུལ་འོག གཤམ་གསལ་གྱི་བླང་བྱ་ལྟར་སྒྲུབ་དགོས་པ་སྟེ།
 
 
 
  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་རིག་གསུང་རབ་འདེམ་ཀློག་གི་སློབ་ཚན《གསོ་རིག་རྒྱུད་བཞི》
  • ལེ་ཚན་རྗེས་མ།:རེག་དུག་གི་ནད་དེ་གང་འདྲ་བྱས་ནས་སྔོན་འགོག་བྱེད་དགོས་སམ།
  • དོ་སྣང་ཆེ་བའི་རྩོམ།