སྔོན་འགོག་གི་སྐོར།(2)

        2010-05-12


༡འགོས་ནད་ཀྱི་རིམས་ནད་བྱུང་ཚུལ་སྙན་ཞུ་འབུལ་བ་དང་དོ་དམ་བྱེད་པ།
༢འགོས་ནད་སྔོན་འགོག་དང་བཀག་སྡོམ་ལས་ཀ་སྒྲུབ་པ།
༣འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྲད་པའི་འགོས་ནད་འགོག་བཅོས་དང་ལྟ་ཞིབ་ཚད་ལེན་གྱི་ལས་འགན་འཁུར་བ།
དོན་ཚན་བཅུ་བཞི་པ།སྨན་བཅོས་དང་ལུས་ཁམས་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་འབྲེལ་ཡོད་གཏན་འབེབས་ལྟར།ནན་ཏན་གྱིས་དུག་སེལ་དང་ཟུར་དུ་འཇོག་པའི་ལམ་ལུགས་ལག་ལེན་བྱས་ཏེ།སྨན་ཁང་ནང་དུ་འགོས་པ་དང་སྨན་གྱི་ཁུངས་ནས་འགོས་པ་སྔོན་འགོག་བྱེད་དགོས།
དོན་ཚན་བཅོ་ལྔ་པ།འཕྲོད་བསྟེན་རིམས་འགོག་ལས་ཁུངས་དང་ནད་གཞི་སློང་བྱེད་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ལས་ཀ་བྱེད་པའི་ཚན་རིག་ཞིབ་འཇུག་དང་།སློབ་ཁྲིད།ཐོན་སྐྱེད་སོགས་སྡེ་ཚན་གྱིས་ངེས་པར་དུ་སྒྲུབ་དགོས་པ་སྟེ།
༡ནད་གཞི་སློང་བྱེད་སྐྱེ་དངོས་ཕྲ་རབ་རྒྱུན་འབྱམས་སུ་འགྲོ་བ་སྔོན་འགོག་བྱེད་པའི་ལམ་ལུགས་དང་མི་ལུས་འགོག་སྲུང་གྱི་བྱེད་ཐབས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།
༢ནན་ཏན་གྱིས་ཚོད་ལྟ་བཀོལ་སྤྱོད་བྱེད་ལུགས་ལག་ལེན་བྱས་ནས།ཚོད་ལྟ་བྱས་རྗེས་ཀྱི་དངོས་དཔེ་དང་།ཡོ་བྱད།འབག་བཙོག་འབྱུང་གཞིའི་དངོས་པོ་སོགས་འབྲེལ་ཡོད་གཏན་འབེབས་ལྟར་དུག་སེལ་ནན་པོ་བྱས་རྗེས་ཐག་གཅོད་བྱེད་དགོས།
༣ཚོད་ལྟ་བྱས་པའི་སྲོག་ཆགས་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་བྱེད་དགོས།
དོན་ཚན་བཅུ་དྲུག་པ།འགོས་ནད་ཀྱི་ནད་འབུ་ནད་དུག་རིགས་དེ་གཤམ་གསལ་གྱི་རིགས་གསུམ་དུ་བགོས་པ་སྟེ།
རིགས་དང་པོ་ནི་བྱི་ནད་ཡེར་སེན་སི་ནད་འབུ་དང་།སྐྱུག་བཤལ་གཞུ་དབྱིབས་ནད་འབུ།འབྲུམ་པའི་ནད་དུག ཨེ་ཙི་འགོས་ནད་ཀྱི་ནད་དུག་བཅས་ཡིན། རིགས་གཉིས་པ་ནི་པུ་ཧྲི་འབུ་ཕྲའི་ནད་འབུ་དང་།ས་ནད་ཀྱི་ནད་འབུ།མཛེ་ནད་དབྱུག་དབྱིབས་འབུ་ཕྲའི་ནད་འབུ།མཆིན་ཚད་ནད་དུག ཁྱི་སྨྱོན་གྱི་ནད་དུག ཁྲག་དོན་པའི་ཚ་རྒྱས་ནད་དུག ཏེང་ཀོ་ཚད་ནད་ཀྱི་ནད་དུག རྒྱུ་ཚད་ཐོར་སིབ་ཅན་ལི་ཁེ་ཕལ་པ་བཅས་ཡིན། རིགས་གསུམ་པ་ནི་ཀླད་རྒྱའི་གཉན་ཚད་ཟླུམ་སྲིན་མཚེ་མ་དང་།དུག་སྲིན་ཟླུམ་ཕྲེང་ཅན།སྦྱར་ནད་ཟླུམ་སྲིན་མཚེ་མ།འདུས་འདྲིལ་དབྱུག་སྲིན།བརྒྱ་གློ་ཁྲག་དོན་དབྱུག་སྲིན།མགྲིན་ནད་དབྱུག་སྲིན།སལ་མོན་དབྱུག་སྲིན།ཀྲི་ཧོ་དབྱུག་སྲིན།འཛུམ་བུ་ལྟག་དགྱེའི་མདུང་དབྱིབས་དབྱུག་སྲིན།ཀོའུ་ཏོན་དུང་འཁྱིལ་ལྟག རེག་དུག་དུང་འཁྱིལ་ལྟག ཀླད་སྐྱིའི་གཉན་ཚད་ནད་དུག སྒལ་རྒྱུངས་ཀླད་གཞུངས་སྐྱ་བོའི་གཉན་ཚད་ནད་དུག ཆམ་རིམས་ནད་དུག རྣ་རྩ་ཕུས་འདེབས་ནད་དུག སིབ་བིའི་ནད་དུག ཟྭ་འབྲུམ་ནད་དུག་བཅས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་གནས་ཚུལ་གཞིར་བཟུང་ནས་ནད་འབུའི་(ནད་དུག)རིགས་ཁ་སྣོན་ནམ་ཉུང་འཕྲི་གཏོང་ཆོག
དོན་ཚན་བཅུ་བདུན་པ།རྒྱལ་ཁབ་ཀྱིས་འགོས་ནད་ཀྱི་ནད་འབུ(ནད་དུག)རིགས་ཀྱི་ཉར་ཚགས་དང་།འཁྱེར་བ།སྐྱེལ་འདྲེན་བཅས་བྱེད་པར་དོ་དམ་ནན་པོ་བྱེད་པ་སྟེ།
༡ནད་འབུའི(ནད་དུག)རིགས་ཉར་ཚགས་བྱེད་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་སྡེ་ཚན་གྱིས་འགན་འཁུར་དགོས།
༢རིགས་དང་པོ་དང་རིགས་གཉིས་པའི་ནད་འབུའི་(ནད་དུག)རིགས་ཀྱི་མཁོ་སྤྲོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་ཉར་ཚགས་དོ་དམ་སྡེ་ཚན་གྱིས་མཁོ་སྤྲོད་བྱེད་དགོས།རིགས་གསུམ་པའི་ནད་འབུའི(ནད་དུག)རིགས་དེ་ཆེད་ལས་ཚོད་ལྟ་ཁང་བཙུགས་པའི་སྡེ་ཚན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་ཉར་ཚགས་དོ་དམ་སྡེ་ཚན་གྱིས་མཁོ་སྤྲོད་བྱེད་དགོས།
༣རིགས་དང་པོའི་ནད་འབུ(ནད་དུག)བེད་སྤྱོད་པའི་སྡེ་ཚན་དེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་འཐོབ་དགོས།རིགས་གཉིས་པའི་ནད་འབུ(ནད་དུག)བེད་སྤྱོད་པའི་སྡེ་ཚན་དེ་ངེས་པར་དུ་ཞིང་ཆེན་རིམ་པའི་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་འཐོབ་དགོས།རིགས་གསུམ་པའི་ནད་འབུ་(ནད་དུག)བེད་སྤྱོད་པའི་སྡེ་ཚན་དེ་རྫོང་རིམ་པའི་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་འཐོབ་དགོས།
༤རིགས་དང་པོ་དང་རིགས་གཉིས་པའི་ནད་འབུ(ནད་དུག)དེ་ཆེད་བསྐོས་མི་སྣ་མངགས་ནས་མཁོ་སྤྲོད་སྡེ་ཚན་དུ་སོང་ནས་ལེན་དགོས་པ་ལས།སྦྲག་ཐོག་ནས་བསྐུར་མི་ཆོག་རིགས་གསུམ་པའི་ནད་འབུ(ནད་དུག)སྦྲག་ཐོག་ནས་བསྐུར་ན་ངེས་པར་དུ་སྦྲག་བསྐུར་སྡེ་ཚན་གྱི་ཡིག་འཛིན་དགོས་པར་མ་ཚད།ནད་འབུ(ནད་དུག)རིགས་སྦྲག་ཐོག་ནས་བསྐུར་བ་དང་ཐུམ་རྒྱག་གི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས།
  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་རིག་གསུང་རབ་འདེམ་ཀློག་གི་སློབ་ཚན《གསོ་རིག་རྒྱུད་བཞི》
  • ལེ་ཚན་རྗེས་མ།:རེག་དུག་གི་ནད་དེ་གང་འདྲ་བྱས་ནས་སྔོན་འགོག་བྱེད་དགོས་སམ།
  • དོ་སྣང་ཆེ་བའི་རྩོམ།