ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

༼ཁམས་པའི་འཛུམ་རིས༽རྩོམ་སྒྲིག་ཁང་ནས།        2022-07-22

   ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

  མུ་ཏིག་ས་ལ་བཀྲམ་པ་ལྟ་བུའི་དམངས་སྲོལ་རིག་གནས་འཚོལ་བསྡུ་དང་དར་སྤེལ་གཏང་བའི་ཆེད་དུ།  དཀར་མཛེས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གིས་ཁམས་ཀྱི་ས་ཕྱོགས་སོ་སོའི་རིག་གནས་པ་རྣམས་དང་འབྲེལ་བ་བྱས་ཏེ། ད་སྔོན་བར་དམངས་སྲོལ་རིག་གནས་ཀྱི་ཆེད་སྒྲིག་དེབ་སུམ་ཅུ་ལྷག་ཙམ་བསྒྲིགས་ཡོད། དེབ་དེ་ཚོ་ནི་ཡིག་རིས་གཉིས་ཀྱི་ཐོག་ནས་བསྒྲིགས་པ་ཡིན་པས་ཚང་མར་ལྟ་བདེ་ཞིང་གོ་སླ་བའི་ཁྱད་ཆོས་འཛོམས། དེ་ལྟ་བུའི་དེབ་ཅིག་འགྲུབ་དགོས་ན་དམངས་སྲོལ་རིག་གནས་འཚོལ་བསྡུ་བྱེད་དགོས་པ་དང་། དེ་དང་འབྲེལ་བ་ཡོད་པའི་པར་མཁོ་བ་བཅས་ཕྱོགས་གང་ཐད་ནས་དཀའ་ངལ་མང་པོ་ཕྲད་མོད། རིག་གནས་ལ་དགའ་ཞེན་ཡོད་པ་དང་སྒེར་སེམས་མེད་པའི་གྲོགས་པོ་རྣམས་ཀྱི་དྲིན་ལས། རིན་ཐང་ཡོད་པའི་དམངས་སྲོལ་རིག་གནས་མང་པོ་ཡིག་རིས་སུ་ཕབ་སྟེ་ས་ཆ་སོ་སོར་བཀྲམ་ཐུབ་པ་ནི་དཀའ་ཡང་དགའ་བས་དང་དུ་ལེན་དགོས་པའི་ལས་ཀ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ༼ ཁམས་པའི་འཛུམ་རིས༽ མིག་ཟུར་དུ་མ་དོར་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།

  དེ་ཡང་ཁམས་ཉག་ཆུ་རྫོང་གི་རོང་འབྲོག་གཉིས་ཀ་ལ་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཡོད་ལ།  རིག་གནས་དེས་མི་རྣམས་ཀྱི་བསམ་བློ་དང་སྤྱོད་པ་གཉིས་ཀ་ཡ་རབས་སུ་འགྲོ་བ་ལ་ཕན་ཐོགས་ཀྱིན་ཡོད་པས་ང་ཚོས་ཅིས་ཀྱང་རྒྱུན་འཛིན་བྱེད་དགོས།  ད་ཐེངས་གྲོགས་པོ་དགེ་འདུན་དང་བློ་བཟང་ཆོས་འཕེལ་བཅས་ཀྱི་བཀའ་དྲིན་ལས།  ཉག་ཆུ་རྫོང་ཨོ་ཐོག་ཡུལ་གྱི་བྲོ་ཡི་རིག་གནས་གཙོ་བོར་བྱས་ཏེ་དེབ་ཅིག་ལེགས་གྲུབ་བྱུང་བས་འབྲེལ་ཡོད་གྲོགས་པོ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕ་ཡུལ་ཉག་ཆུ་རྫོང་གི་དམངས་སྲོལ་རིག་གནས་དབྱར་ཁའི་མཚོ་ལྟར་ཡར་རྒྱས་ཡོང་བའི་སྨོན་ལམ་ཞུའོ།།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།

ཁམས་ཉག་ཆུ་ཡུལ་གྱི་གླུ་བྲོ་རིག་གནས༼ཁམས་པའི་འཛུམ་རིས༽སྒོ་རུ་ཐོན།



  • ལེ་ཚན་སྔོན་མ།:༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་སོ་ལྔ་པ་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།