སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་མཇུག་བསྒྲིལ།

སྐལ་ཐུབ་དང་མིག་དམར་གྱིས་གནས་ཚུལ་བཀོད་ཅིང་པར་བླངས།        2014-02-27

 

སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་མཇུག་བསྒྲིལ།

ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཁང་། ལིའུ་ཕིང་སོགས་ཚོགས་ཆེན་དུ་ཞུགས་ཤིང་དབྱི་ཧྥན་གྱིས་གསུང་བཤད་གནང་།
    ཟླ་བ2པའི་ཚེས26ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་དར་མདོར་གྲོལ་བ་རེད།
    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁྲང་ཙེ་དང་། ཧྥན་ཝུན་ཧྭ། རྒྱལ་བསྟན་བློ་བཟང་བྱམས་པ། ཀྲོའུ་ཏུང་ཞིའུ། ཅང་ཞིའུ་དབྱིན། ཀྲའོ་པིང་། དབྱང་ཞའོ་ཁང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་བ་ལིའུ་ཡུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་། ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལིའུ་ཁྲང་ཙེས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་རེད།
    ཞིང་ཆེན་དང་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། དཀར་མཛེས་ཡན་ལག་དམག་ཁུལ་བཅས་ཀྱི་འགོ་ཁྲིད་ལི་ཁྲུན་ཧྭ་དང་། ཧུའུ་ཁྲང་ཧྲེང་། ལི་ཁང་། ལིའུ་ཕིང་། བྱང་ཆུབ། ཝང་དབྱང་། དབྱང་ཁེ། ཁྲེན་ཙུང་དབྱི། བྱམས་བློ། ཏོན་ནེ་ཁེ། ཞུས་ཀྲི་ཝུན། ལུའེ་ཧྥུ་རུང་། ཝང་ཁྲུན་བཅས་གདན་ཞུ་ལྟར་ཚོགས་ཆེན་གྱི་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།
    མཇུག་བསྒྲིལ་ཚོགས་ཆེན་ཐོག་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་ཞིབ་དཔྱད་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་འཆམས་བྱུང་བ་དང་། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆོད་དོན་ལ་གྲོས་འཆམས་བྱུང་བ་རེད།
    ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཁ་བྱང་ལ《དཀར་མཛེས་ཁུལ་གྱི་གཏམ་ཡག་པོ་བཤད་པ་དང་། ལས་ཀ་ཡག་པོ་སྒྲུབ་པ། དཀར་མཛེས་ཁུལ་གྱི་མི་ཡག་པོ་བྱེད་དགོས།》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་འདས་པའི་ལོ་གཅིག་གི་ནང་ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གོ་སྐབས་འཕྲོག་འཛིན་དང་། དཀའ་བཟོད་མདུན་སྐྱོད། ཞུམ་མེད་འབད་འཐབ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཕེལ་རྒྱས་མགྱོ གས་པོར་གཏོང་བ། དཔལ་འབྱོར་དམའ་རིམ་ནས་གཏོར་བརྒལ་བྱེད་པའི་རྒྱང་སྐྱོད་ཀྱི་མདུན་ལམ་གསར་པ་ཕྱེ་བ་རེད་ཅེས་གསུངས་ཤིང་། སྲིད་གྲོས་ཨུ་ཡོན་ཚོས་བརྩེ་སེམས་དང་བློ་རིག་མཉམ་འདོན་བྱས་ནས་དཀར་མཛེས་ཁུལ་གྱི་སྤྱི་ཡོངས་ལ་ཞབས་ཞུ་བྱས་པར་ཁས་ལེན་དང་གདེང་འཇོག་གང་ལེགས་གནང་བ་རེད།
    ཧུའུ་ཁྲང་ཧྲེང་གིས་བསྟན་དོན་། སྲིད་གྲོས་ཨུ་ཡོན་ཚོས་དཀའ་ངལ་ཐུག་ཀྱང་མདུན་དུ་བསྐྱོད་ནས་དཀར་མཛེས་ཁུལ་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ངེས་པར་དུ་གཞི་རིམ་དུ་དངོས་སུ་བསྐྱོད་ཅིང་མང་ཚོགས་ཀྱི་ཁྲོད་དུ་སོང་བ་དང་། རིག་ལམ་འཚོལ་ཞིང་འཇོན་ནུས་འདོན་པ། དོ་དན་གྱི་སྤྱོད་ཚུལ་དང་དོན་གཉེར་གྱི་བྱེད་ཐབས་བླངས་ནས་གསར་སྐྲུན་ལྡན་པའི་སྒོ་ནས་ལས་ཀ་སྤེལ་དགོས། ཐབས་འདོན་ཇུས་འདོན་བྱས་ནས་དཀར་མཛེས་ཁུལ་གྱི་གཏམ་ཡག་པོ་བཤད་དགོས་པ་སྟེ། མི་རིགས་མཐུན་སྒྲིལ་གྱི་ཆེད་གཏམ་ཡག་པོ་བཤད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་ཆེད་གཏམ་ཡག་པོ་བཤད་པ། རྒྱ་ཆེ་བའི་མང་ཚོགས་ཀྱི་ཆེད་དུ་གཏམ་ཡག་པོ་བཤད་དགོས། འགན་ནུས་ལེགས་སྒྲུབ་བྱས་ནས་དཀར་མཛེས་ཁུལ་གྱི་ལས་ཀ་ཡག་པོ་སྒྲུབ་དགོས་པ་སྟེ། མང་ཚོགས་ལས་ཀའི་ཐོག་ལ་འཇོན་ནུས་འདོན་དགོས་པ་དང་། ལྟེ་བའི་ལས་ཀར་དམིགས་ནས་དོན་ཆེན་སྒྲུབ་དགོས། བརྟན་བརླིང་སྲུང་སྐྱོང་བྱས་ནས་དཀའ་གནད་ཐག་གཅོད་བྱེད་དགོས། བརྗིད་ཉམས་བསྟན་ནས་དཀར་མཛེས་ཁུལ་གྱི་མི་ཡག་པོ་བྱེད་དགོས་པ་སྟེ། འགན་ཁུར་གྱི་བསམ་པ་ཡོད་པའི་མི་ཞིག་བྱེད་དགོས་པ་དང་། ལྷག་བསམ་ཟོལ་མེད་ཀྱི་མི་ཞིག་བྱེད་དགོས། རྒྱུན་ཆད་མེད་པར་ཡར་སྐྱེད་བརྩོན་ལེན་གྱི་མི་ཞིག་བྱེད་དགོས།
    ཧུའུ་ཁྲང་ཧྲེང་གིས་ནན་གསུང་གནང་དོན། སྲིད་གྲོས་ཀྱི་ལས་ཀ་ནི་ཏང་གི་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྲིད་གྲོས་བྱ་གཞག་འཕེལ་རྒྱས་གཏོང་བར་སྤྱི་ཚོགས་ཡོངས་ཀྱི་བློ་སེམས་ཆིག་སྒྲིལ་གྱིས་ནུས་ཤུགས་མཉམ་འདོན་བྱེད་དགོས། ཁུལ་ཨུས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི《སྔར་ལྷག་གིས་དུས་བབ་གསར་པའི་འོག་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་བསྒྱུར་བཀོད་བྱེད་པའི་སྐོར་གྱི་བསམ་འཆར།》ལག་བསྟར་ནན་ཏན་བྱས་ནས་གྲོས་མོལ་བྱ་རྒྱུ་དེ་སྲིད་གཅོད་ཅན་གྱི་བརྒྱུད་རིམ་དུ་འཇུག་པ་དང་། གྲོས་མོལ་བྱ་རྒྱུ་དེ་སྲིད་གཅོད་ཀྱི་སྔོན་དང་སྲིད་གཅོད་ལག་བསྟར་བྱེད་རིང་ལ་འཇུག་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོས་མོལ་དམངས་གཙོ་དེ་ཁྱབ་རྒྱ་ཆེ་བ་དང་། རིམ་པ་མང་བ། ལམ་ལུགས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
    ཧུའུ་ཁྲང་ཧྲེང་གིས་མཇུག་ཏུ་སྲིད་གྲོས་ཨུ་ཡོན་རྣམ་པར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་མགྱོ གས་པོར་གཏོང་བ། ཡུན་རིང་བདེ་འགོད་ཀྱི་མདུན་སྐྱོད་འགྲོ་ལམ་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་དྲང་བདེན་གྱི་ལག་ལེན་པ་ཞིག་དང་། འཆམ་མཐུན་བརྟན་བརླིང་གི་ཧུར་ཐག་གི་སྐུལ་འདེད་པ་ཞིག། མང་ཚོགས་ལས་ཀར་ཤུགས་ཆེན་ངང་ཞུགས་པ་པོ་ཞིག་བཅས་བྱས་ནས་འགན་ཁུར་འགན་སྒྲུབ་དང་། དཀའ་སྤྱད་འབད་རྩོལ། དམངས་ལ་བརྩེ་སེམས་སྐྱོང་བར་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ཤིང་བརྩེ་བ་ཆེན་པོས་རླབས་ཆེན་ཀྲུང་གོའི་ཕུགས་འདུན་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་དགོས་པའི་ཐུགས་རེ་གནང་བ་རེད།
    སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱི་ཧྥན་གྱིས་གསུང་བཤད་གནང་བ་རེད། ཁོང་གིས་ཚོགས་ཞུགས་ཨུ་ཡོན་ཚོས་ཆེས་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་འགན་སྒྲུབ་ཀྱི་འདུ་ཤེས་ཀྱིས་སྲིད་གྲོས་ཀྱི་སྙན་སེང་ཁག་ལ་ཞིབ་བཤེར་གྲོས་མོལ་ནན་ཏན་བྱས་ཤིང་ཁུལ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གླེང་མང་བ་དང་། དཀའ་གནད་ལ་དམིགས་ནས་བསམ་འཆར་ལྷུག་བཤད་བྱེད་ཅིང་ཐབས་འདོན་ཇུས་འདོན་བྱས་པས་ཚོགས་ཆེན་དེ་མཐུན་སྒྲིལ་དང་། དམངས་གཙོ། འཆམ་མཐུན། སྟོབས་ཤུགས་གྲིལ་བ། ངར་ཤུགས་སློང་བའི་ཚོགས་ཆེན་ཞིག་འཚོགས་པ་རེད་ཅེས་གསུངས།
    དབྱི་ཧྥན་གྱིས་བསྟན་དོན། རང་རྟོགས་ཀྱིས་ལྟེ་བ་སྲུང་སྐྱོང་བྱས་ནས་ཐུན་མོང་གི་ལྟ་བའི་གོང་བུ་གཅིག་འགྲིལ་ཡོང་བར་བསམ་སྤྱོད་གཅིག་གྱུར་བྱེད་དགོས་པ་དང་། རང་འགུལ་གྱིས་ལྟེ་བའི་ལས་ཀར་ཞབས་ཞུ་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུར་རོགས་འདེད་བྱ་རྒྱུར་བློ་བརྟན་འགྱུར་མེད་བྱེད་དགོས། དམངས་ཀྱི་འདོད་བློ་ངོ་མའི་གནས་ཚུལ་ཡར་ཞུ་བྱས་ཏེ་དམངས་འཚོར་ཕན་བདེ་སྐྲུན་པའི་དོན་དངོས་བསྒྲུབ་དགོས། ཧུར་ཐག་གིས་དཔེ་སྟོན་བཞི་བྱ་རྒྱུར་བརྩོན་ལེན་བྱས་ནས་འགན་ནུས་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་སྔོན་ཐོན་ཡོང་བར་བྱེད་དགོས། ལམ་ལུགས་ཅན་དང་གཞི་ཁྱོན་ཅན། གོ་རིམ་ཅན་འཛུགས་སྐྱོང་བྱེད་པར་དམིགས་ཏེ་རང་ཉིད་འཛུགས་སྐྲུན་བྱེད་པའི་ཐོག་དོན་གཉེར་གསར་སྐྲུན་བྱེད་དགོས།
    དབྱི་ཧྥན་གྱིས་ནན་གསུང་གནང་དོན། འགོ་འཛུགས་ས་གསར་པ་དང་ལས་འགན་གསར་པ་ལ་རྣམ་འགྱུར་གསར་པ་ཞིག་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་འགན་འཁྲི་གསར་པ་ལ་བྱས་རྗེས་ཀྱང་གསར་པ་ཞིག་ཡོད་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག བསམ་བློ་གཅིག་མཐུན་དང་སྟོབས་ཤུགས་མཉམ་འདོན་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས། 
  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་ཚོགས་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡ
  • དོ་སྣང་ཆེ་བའི་རྩོམ།