ཁུལ་ཡོངས་ཀྱི་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏང་དགོས།

        2012-06-30

-ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས(རྒྱས་འཛོམས་)གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་ཐོག་གི་གསུང་བཤད།
(2012ལོའི་ཟླ་བ6པའི་ཚེས29ཉིན།)
ཧུའུ་ཁྲང་ཧྲེང་གིས།
བློ་མཐུན་རྣམ་པ།
ཐེངས་འདིའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ནི་དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བ་དང་འབྲེལ་བ་ཡོད་པའི་གལ་འགངས་ཆེ་བའི་གྲོས་ཚོགས་ཐེངས་ཤིག་ཡིན་སྟབས།ལས་འགན་གཙོ་བོ་ནི།ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།གནས་ཚུལ་གསར་པའི་འོག་གི་མང་ཚོགས་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱེད་པ།ཁུལ་ཡོངས་ཀྱི་ཏང་སྲིད་དམག་གསུམ་དང་ཁེ་ལས་དོན་ལས་སྡེ་ཚན་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་རྫོགས་ཀྱིས་གནས་ཚུལ་ཉན་པ་དང་བློ་གྲོས་འདོན་པ།སེམས་ཤུགས་གཅིག་སྒྲིམ་དང་འགན་འཁྲི་ཁུར་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་སྤེལ་གཏང་དགོས།འོག་ཏུ།ངས་བསམ་ཚུལ་ལྔ་འདོན་རྒྱུ་ཡིན།
དང་པོ།དམངས་སེམས་གཏད་ཕྱོགས་དང་མང་ཚོགས་ལས་ཀ་ནི་རང་ཁུལ་གྱི་བརྟན་བརླིང་འཕེལ་རྒྱས་ཀྱི་རྩ་བའི་ཐབས་ཇུས་ཤིག་ཡིན།ཁུལ་ཡོངས་ཀྱི་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་སྤེལ་གཏང་རྒྱུ་ནི།ཁུལ་ཨུ་ཡིས་ནན་ཏན་གྱིས་ཁུལ་གྱི་གནས་ཚུལ་ལ་བརྟག་ཞིབ་དང་དབྱེ་ཞིབ་བྱས་པ་དང་།གནས་བབ་ལ་ཞིབ་འཇུག་བརྡས་ཐག་ཟབ་མོ་བཅད་ཐོག་བཏོན་པའི་གལ་འགངས་ཆེ་བའི་ཐབས་ཇུས་ཤིག་ཡིན་ལ།མིག་སྔར་དང་ཕྱིན་ཆད་ལོ་གསུམ་རིང་གི་ཁུལ་ཡོངས་ཀྱི་ལས་ཀའི་གལ་ཆེ་བའི་ནང་གི་ཆེ་བའང་ཡིན་པ་རེད།ཁུལ་ཡོངས་ཀྱི་རིམ་ཁག་ལས་བྱེད་པ་དང་ཁྱད་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་གལ་འགངས་ཆེ་བའི་བཀོད་སྒྲིག་ཐོག་བློ་བརྟན་འགྱུར་མེད་ཀྱིས་གཅིག་གྱུར་ཡོང་བ་བྱེད་དགོས།
གཅིག་ནི་ང་ཚོས་ངེས་པར་དུ་མང་ཚོགས་ལས་ཀ་ཡག་པོ་སྒྲུབ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གི་ཆབ་སྲིད་ཀྱི་མཐུན་རྐྱེན་དང་སྲོལ་རྒྱུན་བཟང་པོ།སྲིད་དབང་འཛིན་རྒྱུའི་འཇོན་ནུས་ཡིན་པར་ངོས་འཛིན་ཟབ་མོ་བྱེད་དགོས།ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་བར།ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ནི་མང་ཚོགས་ལས་ཀའི་ལོ་རྒྱུས་ཁག་གཅིག་ཡིན་སྟབས།ཀྲུང་གོའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པ་ནི་མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པའི་རྒྱལ་ཁ་ཞིག་རེད།ཏང་གིས་ཀྲུང་གོའི་རྒྱ་ཆེ་བའི་མི་དམངས་ཀྱི་ཁེ་ཕན་དོན་དུ་འབད་འཐབ་བྱས་ནས་མང་ཚོགས་འཕེལ་རྒྱས་དང་མང་ཚོགས་སྒྲིག་འཛུགས་བྱ་རྒྱུས་འགན་འཁྲི་བྱས་པ།ཏང་གི་གསར་བརྗེ་དང་འཛུགས་སྐྲུན།བཅོས་བསྒྱུར་སྒོ་ཕྱེ་བཅས་ཀྱི་དུས་སྐབས་སོ་སོར་ཐོབ་པའི་གྲུབ་འབྲས་ནི་ཚང་མས་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐུན་མོང་དུ་འབད་འཐབ་བྱས་ནས་ཐོབ་པ་ཞིག་རེད།དཀར་མཛེས་ཁུལ་གྱི་ལོ་རྒྱུས་ལ་ཕྱི་མིག་བལྟ་དུས།གསར་བརྗེའི་འཐབ་རྩོད་ཀྱི་དུས་སྐབས་སུ་།དཀར་མཛེས་བོད་ཁུལ་གྱི་མི་དམངས་དང་དམར་དམག་གཉིས་ཀྱིས་དཔུང་པ་མཉམ་གཤིག་བྱས་ནས་འཐབ་འཛིང་བྱས་ཏེ་ཤི་གསོན་ཆག་འཇིགས་བྱས་པ་དང་དམག་དཔོན་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐྲུའི་གཏམ་བཟང་དེར་མཐའ་ད་བར་བསྟོད་བསྔགས་གཏོང་བཞིན་ཡོད་པ་རེད།ཞི་བས་བཅིངས་འགྲོལ་བཏང་རྗེས།དཀར་མཛེས་ཁུལ་གྱི་མི་དམངས་ཚོ་ཁྲོམ་ལམ་ཐོག་ཏུ་ཕྱིན་ནས་སྤྲོ་སེམས་འཁོལ་བའི་ངང་ནས་དམག་དཔུང་བཅོ་བརྒྱད་པ་བོད་ཁུལ་དུ་སྐྱོད་པར་བརྩི་བཀུར་ཞུས་ནས་འཁེལ་མ་ཁྲི་བཅུའི་སྐྱེལ་འདྲེན་རོགས་སྐྱོར་ལ་བརྟེན་ནས་ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ཅིང་།བོད་བཅིངས་འགྲོལ་ཐོབ་པར་བྱས་རྗེས་ཆེན་པོ་བཞག་ཡོད།དམངས་གཙོ་བཅོས་བསྒྱུར་གྱི་སྐབས་སུ་ཁམས་པའི་བུ་དང་བུ་མོ་ཚོས་ཟུངས་ཁྲག་དྲོན་མོ་དང་ཚེ་སྲོག་ལ་བརྟེན་ནས་མི་དམངས་ཀྱི་སྲིད་དབང་གསར་པ་སྲུང་སྐྱོང་བྱས་པ་དང་།སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཐོག་མའི་དུས་རིམ་དུ་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་པ།གཅིག་སེམས་གཅིག་སྦྲེལ་དང་།ལས་སྐལ་མཉམ་མྱོང་བྱས་པ་རེད།བཅོས་བསྒྱུར་སྒོ་ཕྱེ་བྱས་པ་ནས་བཟུང་།ང་ཚོས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་དང“འགོ་ཁྲིད་ཀྱིས་གཅིག་ལྕོགས་འགན་ཁུར་བ་དང་སྡེ་ཁག་གིས་གྲོང་ཚོ་འགན་གཙང་ལེན་བྱེད་པ།ལས་བྱེད་པས་དུད་ཚང་ལ་རོགས་རམ་བཅས་”བྱེད་པ་སོགས་མང་ཚོགས་ཀྱི་ལས་ཀ་རབ་དང་རིམ་པ་སྤེལ་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་པ་དང་།དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བ་རེད།ད་ལོའི་ཟླ་བ་དང་པོའི་ཚེས23ཉིན་དང་ཟླ་བ་དང་པོའི་ཚེས24ཉིན”གྱི་དོན་རྐྱེན་བུད་རྗེས།ང་ཚོས་སྔར་བཞིན་ལས་བྱེད་པས་ཉལ་ཆས་ཁུར་ནས་གྲོང་ཚོ་དང་དུད་ཚང་ལ་ཕྱིན་ནས་མགྱོགས་མྱུར་དུ་གཞན་དབང་གི་གནས་སུ་གྱར་བའི་ངང་ཚུལ་བསྒྱུར་ཡོད།
ལོ་རྒྱུས་དྲན་ཤེས་འདི་དག་དང་གསོན་ཉམས་ལྡན་པའི་ལག་ལེན་དངོས་འདི་དག་གི་ཐོག་ནས་མི་དམངས་མང་ཚོགས་ཀྱི་གསར་སྐྲུན་གྱི་ནུས་ཤུགས་རྫོགས་མཐའ་མེད་པ་དང་།མང་ཚོགས་ལས་ཀ་ནི་ངོ་མ་ང་ཚོའི་འགལ་བ་ཞི་ལྷོད་དུ་གཏོང་ཡས་དང་།དཀའ་གནད་སེལ་ཡས།འགལ་རྐྱེན་སེལ་ཡས་ཀྱི་རྩ་བ་ཡིན་པ་དང་།ང་ཚོའི་ལས་ཀའི་རྣམ་པ་གཏོད་ཡས་དང་།སྲིད་འཛིན་རྨང་གཞི་སྲ་བརྟན་གཏོང་ཡས་བཅས་ཀྱི་ནོར་བུ་རྩ་ཆེན་ཉག་གཅིག་ཡིན་པར་ར་སྤྲོད་གསལ་པོ་གང་ལེགས་བྱུང་ཡོད།
གཉིས་ནི་ང་ཚོས་ངེས་པར་དུ་མང་ཚོགས་ལས་ཀ་ཡག་པོ་སྒྲུབ་རྒྱུ་ནི་ལས་བྱེད་པའི་དཔུང་སྡེ་སྦྱོང་རྡར་དང་།འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཡས་ཀྱི་དགོས་ངེས་ཀྱི་གདམ་ག་ཞིག་ཡིན་པར་ངོས་འཛིན་ཟབ་མོ་བྱེད་དགོས།དཀར་མཛེས་ཁུལ་ནི་དཀར་ཞིང་མཛེས་པའི་ས་གནས་ཤིག་ཡིན།འདི་ནི་རང་བྱུང་གི་མཛེས་སྡུག་ཆགས་པ་དང་མི་དམངས་གཞུང་དྲང་བག་ཆགས་ཡིན་པ།དངོས་རྫས་འབེལ་པོ་ཡིན་པས་མི་ཚང་མའི་ཡིད་སེམས་འཁོར་ཕྱོགས་ཀྱི་ཤམ་བྷ་ལ་ཡིན་པ་རེད།དོན་དངོས་ཐོག་དུས་ཡུན་རིང་པོར་རང་ཁུལ་དེ་འགལ་བ་གཙོ་བོ་མངོན་གསལ་དང་དམིགས་བསལ་གྱི་འགལ་བ་རྣོ་ངར་ཆེ་བའི་གནས་སུ་གྱར་ཡོད་པ་རེད།རྙོག་འཛིང་ཆེ་བའི་འགལ་བ་དང་དཀའ་ངལ་ཆེ་བའི་ལས་ཀ།ལྗིད་རྫོབ་ཆེ་བའི་ལས་འགན་དང་ཐུག་དུས།ང་ཚོའི་ལས་བྱེད་པ་ཁ་ཤས་ཀྱིས་སྲོལ་རྒྱུན་བཟང་པོའི་སྤྱོད་ཚུལ་དོར་བ་རེད།མིག་སྔའི་སྣང་ཚུལ་དང་གནད་དོན་ཁ་ཤས་ཀྱི་ཐོག་ནས་ར་སྤྲོད་གསལ་པོར་བྱུང་རྒྱུར།མང་ཚོགས་ལ་སྣང་ཆུང་བྱེད་པ་དང་མང་ཚོགས་དང་ཁ་བྲལ་བ་དེ་དཀར་མཛེས་ཁུལ་འཆམ་མཐུན་སྤྱི་ཚོགས་ཀྱི་ནད་དུག་ཆེས་ཤོས་སུ་འགྱུར་བཞིན་ཡོད་པ་དང་།དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུའི་སྐྱོན་ཆ་ཆེས་ཤོས་སུ་འགྱུར་བཞིན་པ།ཏང་གིས་བོད་ཁུལ་དུ་སྲིད་འཛིན་བྱེད་པར་ཉེན་ཁ་ཆེས་ཤོས་སུ་འགྱུར་བཞིན་ཡོད།མིག་སྔར་སླེབས་དུས།ང་ཚོའི་ལས་བྱེད་པ་ཁ་ཤས་ལ་སྔར་བཞིན་གནས་ཚུལ་གསར་པ་དང་ལས་འགན་གསར་པ་དང་མི་འཕྲོད་པ་དང་།མི་མཐུན་ས་གནས་ཡོད་པ་སྟེ།མཚོན་ཚུལ་གཙོ་བོ་ནི་ལས་བྱེད་པ་ཁ་ཤས་གཞི་རིམ་དུ་ཕྱིན་ནས་མང་ཚོགས་ཀྱི་བསམ་ཚུལ་དང་དཀའ་ངལ་ཤེས་འདོད་མེད་པར།དཔོན་ངོ་སྲུང་ནས་གོ་གནས་ཐོབ་ཐབས་དང་།ཟ་གྲལ་བསྒྲིགས་ནས་འབྲེལ་བ་འཛུགས་རྒྱུ།ཤོག་ཁག་ཆུང་ཆུང་གི་འབྲེལ་བ་འཛུགས་རྒྱུ་བཅས་ལ་དགའ་བ།ལས་བྱེད་པ་ཁ་ཤས་ཀྱིས་མང་ཚོགས་དང་བྲལ་བ།རང་ཉིད་ཆེ་རློམ་བྱས་པ།གནད་དོན་དང་འཕྲད་དུས་རང་སྐྱོན་རང་བརྟག་མི་བྱེད་པ་དང་།རང་འགུལ་གྱིས་མི་དམངས་ཀྱི་དཀའ་ངལ་སེལ་རོགས་མི་བྱེད་པ།ད་དུང་ཡིན་སྣང་ཤར་བ་དང་ཚོར་སྣང་ཡག་པོ་འཛིན་པ་རེད།བསམ་པའི་ནང་མང་ཚོགས་ལ་རྒྱུ་མཚན་མེད་པ་དང་རང་ཉིད་ཡང་དག་པ་ཡིན་སྣང་ཤར་བ་རེད།ལས་བྱེད་པ་ཁ་ཤས་ཀྱིས་མང་ཚོགས་ལ་མཐོང་ཆུང་དང་།སྐད་ཆ་རྫིག་པོ་དང་དཔོན་གཏམ་བཤད།དཔོན་ཉམས་སྟོན་པ།རང་ཉིད་མ་གཏོགས་མི་མིན་བསམ་པས་མ་ཚད།དམངས་སེམས་རྒྱབ་ཏུ་བསྐྱུར།གནས་ཚུལ་བཤད་ལམ་བཀགབསམ་ཚུལ་རྩིས་མེད་གཏོང་།མང་འཚོ་ལ་སྣང་མེད་བྱས་པ་རེད།ལས་བྱེད་པ་ཁ་ཤས་མང་ཚོགས་ལ་སྐྲག་གིན་ཡོད་ཅིང་།མང་ཚོགས་དང་མཉམ་དུ་རྐུབ་སྟེགས་གཅིག་གི་ཐོག་འདུག་འདོད་མེད་པས།ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་ལམ་རིམ་བཞིན་བཅད་པ་རེད། ལས་བྱེད་པ་ཁ་ཤས་ལ་གདིང་ཤུགས་མི་འདང་བ།   ཉིན་མོར་མི་བྱེད།མཚན་མོར་འདྲེ་བྱེད།མངོན་སྲུང་ལྐོག་འགལ་བྱས་ནས་ཕུགས་བསམ་གྱི་ཡིད་ཆེས་བརྟན་པོ་མེད་པ།ལས་བྱེད་པ་ཁ་ཤས་མང་ཚོགས་ལས་དོན་སྒྲུབ་མཁས་པོ་མིན་པ།མི་སེར་དང་ཐུག་དུས་ཅི་བྱེད་འདི་བྱེད་མི་ཤེས་པ།ལས་སྟངས་ཐབས་ཆགབྱེད་ཐབས་ནུས་ལྡན་མེད་པ།སྣང་མེད་ཆད་ལུས་ཡོད་པས་མ་ཚད།མང་ཚོགས་ལས་དོན་ནི་དེ་བས་ཀྱང་སྒྲུབ་མི་ཤེས་པ་རེད།ལས་བྱེད་པ་ཁ་ཤས་ལ་མང་ཚོགས་ལས་དོན་གྱི་འདུ་ཤེས་ཞན་ཞིང་།གནད་དོན་མ་བུད་ན་མང་ཚོགས་ཁྲོད་དུ་གཏན་ནས་མི་འགྲོ་བ་དང་།གལ་སྲིད་གནད་དོན་བུད་ན་ཤི་ཁར་མ་󰝳་ཚ་འདོན་བྱེད་པ།ལས་བྱེད་པ་ཤས་ཀྱིས་ཆོས་ལུགས་ལ་ངོས་འཛིན་ཡང་དག་པ་བྱེད་མི་ཤེས་པར་དགོན་པ་ནི་སྤྱི་ཚོགས་ཀྱི་རྩ་བའི་སྡེ་ཚན་དང་གྲྭ་བཙུན་ནི་རྩ་བའི་མང་ཚོགས་ཡིན་པ་དེ་གཏན་ནས་མི་ཤེས་པས།གྲྭ་བཙུན་དང་འབྲེལ་བ་བྱ་རྒྱུར་སྐྲག་པ་རེད།ལས་བྱེད་པ་ཁ་ཤས་ཀྱིས་ངན་རུལ་མུན་ནགརྒྱུ་ཟ་ཁྲིམས་འགལ་བྱས་ཏེ་ཏང་གི་གཟུགས་བརྙན་ལ་གཏོར་བཤིག་བཏང་བ།མང་ཚོགས་ཀྱི་བརྩེ་དུང་ལ་གནོད་འཚེ་གཏོང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུད་བཟོས་ནས་ལས་བྱེད་པ་དང་མང་ཚོགས་བློ་སེམས་རྒྱབ་འགལ་བྱས་མཐར།ས་གནས་ཁ་ཤས་ཀྱི་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཧ་ཅང་ཚབས་ཆེན་བཟོས་ནས་མི་དམངས་མང་ཚོགས་ཀྱིས་སྡུག་སྐད་ལུང་པ་གང་རྒྱག་བཅུག་ཏུ་པ་རེད།ཁྱད་པར་དུ་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་བ་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ཡོང་བའི་དུས་དེ་རིང་ལ་དམངས་ཁྲོད་ཀྱི་ངག་རྒྱུན་དུ་བཤད་རྒྱུར།འགྲིམ་འགྲུལ་གྱི་ཆ་རྐྱེན་ཇེ་ཡག་འགྲོ་བཞིན་ཡོད་མོད།འོན་ཀྱང་ལས་བྱེད་པ་དང་མང་ཚོགས་བར་གྱི་བར་ཐག་ཇེ་རིང་དུ་ཕྱིན་པ་རེད།འཕྲིན་སྐྱེལ་གྱི་ཆ་རྐྱེན་སྟབས་ཇེ་བདེ་རུ་འགྲོ་བཞིན་ཡོད་མོད།འོན་ཀྱང་ལས་བྱེད་པའི་མཛའ་བརྩེའི་སྐད་ཆ་གོ་མི་ཐུབ་པ།གཞུང་ལས་ཁང་གི་ཆ་རྐྱེན་ཇེ་ཡག་འགྲོ་བཞིན་ཡོད་མོད།འོན་ཀྱང་ལས་བྱེད་པ་གཞི་རིམ་དུ་ཡོང་བ་ཇེ་ཉུང་དུ་འགྲོ་བ།རིག་གནས་ཀྱི་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་མོད།འོན་ཀྱང་བཤད་པའི་སྐད་ཆ་མི་སེར་གྱིས་གོ་བ་ལོན་མི་ཐུབ་པ་རེད།གནད་དོན་སྣ་ཚོགས་དང་།སྣ་མང་རྙོག་འཛིང་གི་དཀར་མཛེས་ཁུལ་གྱི་གཟུགས་བརྙན་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་།དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་བཀག་འགོག་བཟོས་པ་རེད།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འགྲན་རྩོད་ཀྱི་གནས་ཚུལ་དང་ཐུག་དུས།རང་ཁུལ་གྱི་རྒྱལ་ནང་གི་ཐོན་རྫས་རིན་ཐང་བསྡོམས་འབོར་དེ2000ལོ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་མཇུག་ཏུ་གནས་པ(2008ལོར་རྔ་བ་ཁུལ་དུ་ས་འགུལ་བྱུང་སྐབས་ཕུད།)ཤམ་བྷ་ལ་སོགས་འཛམ་གླིང་རིམ་པའི་ལྗོངས་རྒྱུ་ཐོན་ཁུངས་འབེལ་པོ་ཡོད་མོད།འོན་ཀྱང་ལྗོངས་རྒྱུའི་ཡོང་འབབ་དེ་ཡུན་ནན་བདེ་ཆེན་གྱི་བརྒྱ་ཆ40ལས་སླེབས་མེད་པ་རེད།རྒྱལ་ཡོངས་ཀྱི་ཆེས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས(ཆུ་ནུས་ཐོན་ཁུངས་ཁྲི་སྟོང་ཝ4000ལྷག་ཙམ་ཡོད་པ་དང་།རླུང་ནུས་དང་ཉི་འོད་ནུས་པ་ཁྲི་སྟོང་ཝ3000ལྷག་ཙམ།ས་འོག་ཚ་ནུས་ཁྲི་སྟོང་ཝ་བརྒྱ་ཕྲག་)ཡོད་མོད།འོན་ཀྱང་འཛུགས་སྐྲུན་བྱས་ནས་གློག་འདོན་ཐུབ་ཚད་དེ་གཡག་རྔ་ཡི་བཞི་ཆ་གཅིག་ལས་མེད་པ་རེད།རྨོས་ཞིང་དང་རྩྭ་ཐང་གི་རྒྱ་ཁྱོན་ནི་རྔ་བ་ཁུལ་གྱི་ལྡབ་གཉིས་ལྷག་ཙམ་ཡིན་མོད།འོན་ཀྱང་ན་ལོའི་ཞིང་འབྲོག་པའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྔ་བ་ཁུལ་ལས་སྒོར1087ཉུང་བ།རང་ཁུལ་ལ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་ཕལ་ཆེར་སྔོག་འདོན་བྱེད་ཐུབ་མེད་པ།ཟུར་ལུགས་བོད་སྨན་དར་ས་ཡིན་ཡང་རྒྱལ་ཁབ་ཀྱི་ཚད་ལྡན་སྨན་བཟོའི་ཆོག་མཆན་ཐོབ་པ་གཅིག་ཀྱང་མེད།དཀའ་ངལ་མང་པོའི་མདུན་དུ་ང་ཚོས་གབ་གཡོལ་བྱ་རྒྱུ་ཡིན་ནམ་དང་གདོང་བསུ་བྱ་རྒྱུ་ཡིན།རང་གིས་རང་ལ་དམའ་འབེབས་བྱ་རྒྱུ་ཡིན་ནམ་དང་བརྩོན་འགྲུས་ཆེ་སྤེལ་བྱ་རྒྱུ་ཡིན།ང་ཚོ་གུང་ཁྲན་ཏང་ཡོན་ཚང་མ་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པའི་སེམས་ནང་གཏམ་ལན་ཞིག་ཡོད་རྒྱུ་རེད།དེ་ནི་དཀའ་གནད་ལས་སྒྲོལ་བ་དང་རླབས་གཤགས་མདུན་སྐྱོད།བསམ་པ་རྣམ་དག་གིས་མང་ཚོགས་ལ་ཞབས་ཕྱི་ཞུ་བ།མི་དམངས་ལ་ངོ་མི་གནོང་བ་དང་ལོ་རྒྱུས་ལ་ངོ་མི་གནོང་བ།རང་ཉིད་གསོ་སྐྱོང་བྱེད་མཁན་ས་གནས་ལ་ངོ་མི་གནོང་བ་བཅས་བྱེད་དགོས།
གསུམ་ནི་ང་ཚོས་ངེས་པར་དུ་ཁུལ་ཡོངས་ཀྱི་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཁུལ་ཡོངས་སུ་ཁྱབ་པ་བྱ་རྒྱུ་དེ་ནི་ཆེས་ཟབ་སྤེལ་དང་ཆེས་ནུས་མཐོའི་མང་ཚོགས་ལས་ཀ་ཞིག་ཡིན་པར་ངོས་འཛིན་ཟབ་མོ་བྱེད་དགོས།ཁུལ་ཡོངས་ཀྱི་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བ་ནི་དཀར་མཛེས་ཁུལ་འཕེལ་རྒྱས་གཏང་རྒྱུའི་དཀའ་ངལ་སེལ་ཡས་ཤིག་ཡིན་ལ་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་བསྐྲུན་ཡས་ཀྱང་ཡིན།ཁུལ་ཨུས་བཏོན་པའི་མང་ཚོགས་ལས་ཀའི་ནང་གི་བཞི་འགྲོ་བཞི་ཡོང་ཞེས་པའི་རྩ་བའི་རྩ་དོན་དེ་ནི་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་མང་ཚོགས་ལས་ཀའི་མ་ལག་འཛུགས་རྒྱུ་དེ་ཡིན།ཁུལ་ཡོངས་ཀྱི་ཤུགས་་འདོན་དགོས་ཞེས་པ་དེ་ནི་ཁུལ་ཡོངས་ཀྱི་གཞུང་སྒྲུབ་བྱེད་མཁན་ཡོངས་རྫོགས་དེ་མང་ཚོགས་ལས་ཀ་ལག་ལེན་བྱེད་མཁན་དུ་འགྱུར་བ་བྱེད་པ་དང་ཁུལ་ཡོངས་ཀྱི་སྤྱི་པའི་ལས་ཁུངས་ཚང་མ་མང་ཚོགས་ལས་ཀའི་འགན་ཁུར་མཁན་གཙོ་བོར་འགྱུར་བ་བྱས་ནས་ཏན་ཏིག་གིས་མང་ཚོགས་ལས་ཀ་དེ་ལས་འགན་ཨང་དང་པོར་བརྩིས་ནས་བཀོད་སྒྲིག་དང་དོན་འཁྱོལ་ཡང་དག་པ་བྱེད་པ་དང་སྲིད་འཛིན་གྱི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་དེ་མང་ཚོགས་ལས་ཀའི་ཁྱབ་ཁོངས་སུ་འཁྱོག་གང་ཐུབ་བྱས་ནས་ལྷག་བསམ་རྣམ་དག་དང་སྟོབས་ཤུགས་ཡོད་ཚད་བཏོན་ནས་མང་ཚོགས་ལས་ཀར་སྐུལ་འདེད་གཏོང་བའི་རྣམ་པ་ཡག་མོ་ཞིག་ཆགས་པ་བྱ་དགོས།མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་ནི་མང་ཚོགས་ལས་ཀ་དེ་མི་ཁྱབ་ས་མེད་པ་བྱས་ནས་ས་ཁོངས་ཡོངས་སུ་ཁྱབ་པ་དང་ཡོངས་རྫོགས་མཉམ་འགུལ་དང་དྲ་སྦྲེལ་ཅན་བཅས་དོ་དམ་བྱ་དགོས།རིམ་པ་རེ་རེ་བཞིན་དུ་འགན་འཁྲི་དོན་འཁྱོལ་བྱས་ནས་བྱ་བ་མཐའ་དག་གི་འབྱུང་ཡུལ་དེ་མང་ཚོགས་ཡིན་ལ།བྱ་བ་མཐའ་དག་མང་ཚོགས་ལ་བརྟེན་དགོས་པ།བྱ་བ་མཐའ་དག་མང་ཚོགས་ཀྱི་དོན་དུ་ཡིན་པ་བཅས་དངོས་སུ་འགྲུབ་པ་བྱེད་དགོས།ང་ཚོས་གཞུང་དོན་སྒྲུབ་མཁན་ཚང་མ་སྐུལ་སློང་བྱས་ནས་ཞིང་འབྲོག་དུད་ཚང་ཚང་མ་དང་ཐད་ཀར་འབྲེལ་བ་བྱེད་འཇུག་པ།དེ་ནི་སེམས་མཐུན་གྱི་འབྲེལ་ཟམ་ཁྲི5ལྷག་ཙམ་ཡོད་པ་དང་ཁྱད་མེད་རེད།གནས་ཚུལ་རྒྱུས་ལོན་བྱེད་ས་ཁྲི5ལྷག་ཙམ་ཡོད་པ་དང་འཆམ་མཐུན་གྱི་གཞི་ཁྱོན་ཆེན་པོར་སྲུང་སྐྱོང་བྱེད་སའི་ནུས་པའི་འབྱུང་ཁུངས་ཁྲི5ཙམ་ཡོད་པས་ན།དཀར་མཛེས་ཁུལ་ཧྲིལ་པོ་དེ་སྐྲ་རྐང་གཅིག་འཐེན་ན་གཟུགས་པོ་ཡོངས་རྫོགས་འགུལ་བ་དང་།གཅིག་དར་ཀུན་དར།གཅིག་ཉམས་ཀུན་ཉམས་བཅས་ཀྱི་ཐུན་མོང་གི་རིན་ཐང་མཉམ་མྱོང་དང་ཐུན་མོང་གི་ལས་དབང་མཉམ་པའི་ཕུང་པོ་གཅིག་ཏུ་འགྱུར་ངེས་རེད།ལོ་རྒྱུས་དང་མི་དམངས།རྩ་འཛུགས་བཅས་ཀྱིས་གནང་བའི་གལ་ཆེའི་འགན་འཁྲིའི་མདུན་དུ་ང་ཚོས་སེམས་ཐག་རྦད་དེ་བཅད་པ།རླུང་བརྟེན་རླབས་གཤག  སེམས་ཤུགས་གཅིག་སྒྲིམ།ལྗིད་ཁུར་མདུན་སྐྱོད།དཀའ་སྡུག་མཉམ་མྱོང་།འབད་བརྩོན་ལྷོད་མེད་བཅས་བྱས་ནས་གུང་ཁྲན་ཏང་མིའི་གཞུང་དྲང་ཟོལ་མེད་དང་ཁམས་པའི་བུ་དང་བུ་མོའི་ཞུམ་མེད་སྙིང་སྟོབས་བཏོན་ནས་དཀའ་ངལ་ཁྱད་བསད་དང་འགག་སྒོ་ལས་སྒྲོལ་བ་བཅས་བྱས་ན་ད་གཟོད་དཀར་མཛེས་ཁུལ་གྱི་གཟུགས་བརྙན་དང་མཚན་སྙན།འབྱུང་འགྱུར་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཐུབ་རྒྱུ་རེད།
གཉིས་པ།དམིགས་འབེན་གསལ་པོ་བྱས་ནས་མང་ཚོགས་ལས་ཀའི་རིན་ཐང་ཡོད་ཕྱོགས་ཏན་ཏིག་འཛིན་དགོས།དམ་པ་ཁུང་ཙི་ཡིས་སྐྱེས་བོ་དམ་པས་རྒྱལ་སྐྱོང་བྱེད་དུས་མི་དམངས་ཀྱི་བདེ་སྡུག་རྟོགས་པ་དང་མང་ཚོགས་ཀྱི་འདོད་བློ་དང་སྟུན་པ་བྱེད་དགོས་ཞེས་གསུངས་མྱངས།མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་རིག་གནས་ཀྱི་བྱང་ཚད།ཁྱིམ་ཚང་གི་གནས་ཚུལ་སོགས་མི་འདྲ་བའི་དབང་གིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་རྒྱུ་དེ་དངོས་གནས་ཧ་ཅང་དཀའ་མོ་དང་སྤྱིར་བཏང་མིན་པའི་མཆོག་གྱུར་དང་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན།དེར་བརྟེན་ང་ཚོས་མང་ཚོགས་ཀྱི་རེ་འབོད་དེ་བརྡ་གཏོང་དང་པོར་བརྩིས་པ་དང་མང་ཚོགས་ཀྱི་ཁེ་ཕན་དེ་བརྩོན་ལེན་བྱ་རྒྱུའི་ཨང་དང་པོ་བྱེད་པ།མང་ཚོགས་ཀྱི་བློར་བབ་པ་བྱ་རྒྱུ་དེ་ཚད་གཞི་ཨང་དང་པོ་བཅས་བྱས་ནས་དུས་ནམ་ཡང་མི་སེར་ལ་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་དོན་དུ་བྱ་བ་བསྒྲུབ་དགོས།ང་ཚོས་མ་སྐུལ་དང་བླངས་ཀྱིས་མང་ཚོགས་ལ་སེམས་ཁུར་དང་གཅེས་སེམས་འབུལ་བ།སྤྱི་ཚོགས་དོ་དམ་གསར་སྐྲུན་བྱ་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་པ་དང་།བཅོས་བསྒྱུར་གྱི་གྲུབ་འབྲས་དེ་མི་དམངས་དང་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ།སེམས་ཤུགས་གཅིག་བསྒྲིམས་ཀྱིས་གཞུང་དོན་སྒྲུབ་མཁན་དང་མང་ཚོགས་བར་སེམས་དངོས་མཐུན་དང་ལག་དངོས་འབྲེལ།སེམས་དངོས་ཉེ་བཅས་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས།རྒྱུན་ཆད་མེད་པར་ནང་ཁུལ་གྱི་སྒུལ་ཤུགས་ཆེ་རུ་སྣོན་པ་དང་འཕེལ་རྒྱས་བཏང་ནས་མ་དངུལ་འཇོག་རྒྱུའི་ཁོར་ཡུག་ཡག་མོ་ཞིག་སྐྲུན་པ་དང་ཆབ་སྲིད་བརྟན་བརླིང་དང་སྤྱི་ཚོགས་ལྷིང་འཇགས།བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བ་བཅས་ཀྱི་རྣམ་པ་ཡག་མོ་ཞིག་སྐྲུན་དགོས།གནད་དོན་ཡོད་པའི་གཞི་རིམ་གྱི་ཏང་རྩ་འཛུགས་ལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ནས་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་གསར་སྐྲུན་བྱེད་ཤུགས།འཐབ་འཛིང་བྱེད་ཤུགས་མཐོར་འདེགས་གཏོང་རྒྱུར་ཤུགས་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་བརྟེན་པ་དང་མང་ཚོགས་ལ་ཞབས་ཕྱི་ཞུ་བའི་རྣམ་པ་གསར་པ་གསར་རྐྱང་ཞིག་སྐྲུན་དགོས།མདོར་ན་ལོ་གསུམ་གྱི་མང་ཚོགས་ལས་ཀ་བསྒྲུབས་ནས་ཏང་དང་མང་ཚོགས་བར་དང་།ལས་བྱེད་པ་དང་མང་ཚོགས་བར་འཆམ་མཐུན་མཉམ་གནས།བསམ་བློ་ཀུན་སྤྱོད་འགྱུར་ལྡོག་ཆེ་བ།འཕེལ་རྒྱས་ཁོར་ཡུག་མངོན་གསལ་དུ་ལེགས་སུ་སྒྱུར་བ།མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་པ།གཞི་རིམ་ཏང་རྩ་འཛུགས་སྲ་ཞིང་བརྟན་པ་བཅས་ཀྱི་འབད་བརྩོན་དམིགས་འབེན་འགྲུབ་པ་བྱེད་དགོས།གཅིག་ནི་དམངས་གཅེས་ཀྱི་བསམ་པས་རང་ལ་ངར་སྐུལ་སློང་བ་དང་མང་ཚོགས་ཀྱི་རེ་འབོད་དེ་བརྡ་གཏོང་དང་པོ་བྱེད་དགོས།ཏང་ཡོན་ལས་བྱེད་པ་ཞིག་གི་དགའ་གཅེས་བྱ་རྒྱུའི་ཆེས་མཐོའི་བསམ་བློ་གཏོང་ཕྱོགས་ནི་དམངས་ལ་ཆ་རྒྱུས་ལོན་པ་དང་དམངས་ལ་གཅེས་སེམས་འབུལ་རྒྱུ་དེ་ཡིན་པས།དེ་ནི་མང་ཚོགས་ཀྱི་བྱ་བ་ཆུང་ཆུང་དེ་རང་ཉིད་ཀྱི་དོན་ཆེན་དུ་བརྩིས་པ་དང་མང་ཚོགས་ཀྱི་དཀའ་ངལ་དེ་རང་ཉིད་ཀྱི་དཀའ་ངལ་དུ་བརྩིས་པ།ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་སེམས་ཁུར་བྱེད་པ་དང་དཀའ་ངལ་སེལ་དགོས་པས་མ་ཚད།ད་དུང་གཅེས་སེམས་དེ་མང་ཚོགས་ཀྱི་ཁྲོད་དུ་བརྒྱུད་འབུལ་ཡོང་བ་བྱེད་དགོས།དུས་དེར་སླེབས་དུས་ང་ཚོས་ཡུལ་ཕྱོགས་གཅིག་གི་དཔོན་པོ་བྱེད་དུས་རྒྱལ་ཁབ་དང་མི་དམངས་ཀྱི་དོན་དུ་སེམས་ཁྲལ་བྱེད་པ་དང་རྒྱལ་ཁབ་སྐྱོང་རྒྱུ་དེ་རང་གི་འགན་འཁྲི་ཡིན་རྒྱུ་སེམས་ཁོག་ཡོད་དམ་།སྲིད་འཛིན་གྱི་དབང་ཆ་སྤྱོད་དུས་དམངས་ལ་བྱ་བ་སྒྲུབ་པ་དང་དམངས་ཀྱི་དོན་དུ་སྤྱོད་པ་ཅི་ཙམ་ཡོད་དམ།མང་ཚོགས་ལ་གཉེན་ཉེའི་བརྩི་མཐོང་བྱེད་པ་དང་མང་ཚོགས་གྲོགས་པོར་བརྩི་མཐོང་བྱ་རྒྱུའི་བསམ་པ་ཅི་ཙམ་ཡོད་དམ།འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བའི་སྐབས་སུ་འབད་བརྩོན་ཅི་ཙམ་བྱེད་པ་དང་ནུས་ཤུགས་ཅི་ཙམ་འདོན་ཡོད་དམ།དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཐད་དམངས་ཀྱི་དཀའ་ངལ་དེ་རང་ཉིད་ཀྱི་དཀའ་ངལ་ལྟ་བུར་སེམས་ཁྲལ་ཅི་ཙམ་བྱེད་ཡོད་དམ་ཞེས་རང་གིས་རང་ལ་འདྲི་དགོས།སྐྱེས་བུ་དམ་པ་མེང་ཙི་ཡིས་དམངས་ཀྱིས་དགའ་རྒྱུར་དགའ་མཁན་དེ་ཚོར་མི་དམངས་ཀྱིས་ཁོ་ཚོའི་དགའ་རྒྱུར་དགའ་བ།དམངས་ཀྱིས་སེམས་ཁྲལ་བྱེད་པར་སེམས་ཁུར་བྱེད་མཁན་དེ་ཚོར་མི་དམངས་ཀྱིས་ཁོ་ཚོའི་སེམས་ཁྲལ་བྱ་རྒྱུར་སེམས་ཁུར་བྱེད་ཀྱི་རེད་ཅེས་གསུངས་པ་ལྟར་རང་ཁུལ་གྱི་ཞིང་འབྲོག་པའི་ཆུ་གཙང་འཐུང་རྒྱུ་དང་བགྲོད་ལམ་མི་བདེ་བ།གློག་སྤྱོད་རྒྱུ་དཀའ་བ།སློབ་གྲྭར་ཞུགས་དཀའ་བ་སོགས་ཀྱི་གནད་དོན་དངོས་དང་ཐུག་དུས་ལས་བྱེད་པ་ཚང་མས་དམངས་གཅེས་ཀྱི་བརྩེ་དུང་ཁྱེར་ནས་མང་ཚོགས་ཀྱི་ཁྲོད་དུ་བཅར་བར་འགྲོ་ན།ད་གཟོད་མང་ཚོགས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ནས་སྒྲུབ་རྒྱུ་རེད།ལས་བྱེད་པ་ཚང་མས་རང་ཉིད་ཀྱི་ཕ་མ་དང་གཅེན་གཅུང་མིང་སྲིང་བཅས་ལ་བརྩི་མཐོང་བྱེད་བཞིན་པ་ལྟར་མང་ཚོགས་ལ་བརྩི་མཐོང་བྱེད་པ་དང་།བདེ་དྲོད་མང་ཙམ་སྐྱེལ་བའི་རིང་མང་ཚོགས་ལ་གཅེས་སེམས་འབུལ་བ།དཀའ་ངལ་སེལ་རིང་མང་ཚོགས་ཀྱི་རེ་འདོད་སྐོང་བ།མང་ཚོགས་ལ་ཉེ་བཅར་བྱེད་རིང་མང་ཚོགས་ལ་ཁྲིད་སྟོན་བྱེད་པ།་ཧུར་ཐག་གིས་འཇོན་ནུས་འདོན་རིང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ན།ད་གཟོད་ཏང་ཡོན་ལས་བྱེད་པ་ཞིག་ལ་མ་མཐའ་ཡང་ཡོད་དགོས་པའི་དམངས་གཅེས་ཀྱི་བསམ་པའི་ཡུལ་ཁམས་སུ་སླེབས་ཐུབ་པ་དང་།ཁུལ་ཡོངས་ཀྱིས་དེ་བས་ཡག་པོའི་སྒོ་ནས་ནུས་ཤུགས་གཅིག་ཏུ་བསྒྲིམས་ཏེ་དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་ཡང་དག་པ་གཏོང་ཐུབ་རྒྱུ་རེད།
གཉིས་ནི་འགན་སེམས་ལ་བརྟེན་ནས་རང་ཉིད་སྦྱོང་བརྡར་བྱེད་པ་དང་མང་ཚོགས་ཀྱི་ཁེ་ཕན་དེ་རང་ཉིད་ཀྱི་བརྩོན་ལེན་བྱེད་ཡས་ཨང་དང་པོར་བྱེད་དགོས།རང་རེའི་ཏང་གི་བྱ་བ་མཐའ་དག་གི་གཞིར་འཛིན་ས་དང་དམིགས་ཡུལ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་ཁེ་ཕན་དེ་བྱ་བ་མཐའ་དག་ལས་གལ་ཆེ་བ་ཡིན་པ།མང་ཚོགས་ལས་ཀའི་དམིགས་ཡུལ་ནི་མི་གཙོ་བོར་འཛིན་པ་དང་དམངས་ཕན་དང་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་རྒྱུ་དེ་རེད།དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པ་ཞེས་པ་དེ་སྟོང་བཤད་བྱེད་པ་ཙམ་མ་ཡིན་པར།ང་ཚོས་བྱ་བ་སྒྲུབ་པའི་ལག་ལེན་ཁྲོད་དུ་མི་དམངས་ལ་འགན་ཁུར་བ་མཚོན་པ་བྱེད་དགོས།འགན་སེམས་ཡོད་མེད་དེ་རང་རེའི་ཏང་གི་བྱ་གཞག་དར་རྒུད་དང་འབྲེལ་བ་ཆེན་པོ་ཡོད་ལ།ལས་བྱེད་པ་རང་ཉིད་ཀྱི་ཀུན་སྤྱོད་དང་གཤིས་རྒྱུད་ལ་ཉམས་སད་ཀྱང་ཐེབས་ཐུབ་པ་བྱེད་ཐུབ།འགན་འཁྲི་ནི་བརྩོན་ལེན་བྱ་ཡུལ་ཞིག་ཡིན་པས།བློ་ནུས་གང་ཡོད་བཏོན་ན་དེ་བས་རྙོག་འཛིང་ཆེ་བའི་གནད་དོན་ལས་སླ་པོར་ཐག་གཅོད་བྱེད་ཐུབ།འགན་འཁྲི་ལ་སྣང་མེད་བྱས་ན་བྱ་བ་ལས་སླ་པོ་ཅི་འདྲ་ཞིག་ཡིན་ཡང་ནོར་འཁྲུལ་ཡོང་ངེས་རེད།མང་ཚོགས་ལས་ཀ་ཁུལ་ཡོངས་སུ་ཁྱབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ན་མང་ཚོགས་ཀྱི་ཁེ་ཕན་དེ་བརྩོན་ལེན་བྱེད་ཡས་ཨང་དང་པོར་བརྩིས་དགོས།འགན་འཁྲི་དེ་གོ་གནས་ཀྱི་ཐོག་དཀྲིས་པ་དང་སེམས་དེ་དམངས་ལ་གཏད་པ།ཏན་ཏིག་གིས་དམངས་ལ་ཁེ་ཕན་གཉེར་རྒྱུའི་འགན་འཁྲི་ཁུར་དགོས།རང་ཁུལ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཡུན་རིང་འཕེལ་རྒྱས་གཏོང་བའི་སྐབས་སུ་མང་ཚོགས་ཉུང་ཤས་ཀྱི་ད་ལྟའི་ཁེ་ཕན་དོར་དགོས་པའི་སྐབས་སུ་ངེས་པར་དུ་གཞིར་འཛིན་ས་ཡོད་པ་དང་ཚོད་ཡོད་པ།ཚན་རིག་དང་མཐུན་པའི་ཁ་གསབ་ཀྱི་ནང་རྐྱེན་བཙུགས་ནས་མང་ཚོགས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས།  མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་བསམ་བློ་སློབ་གསོ་ལས་ཀར་རོགས་རམ་བྱས་ནས་མིག་སྔའི་སྟབས་མི་བདེ་བ་དང་ད་ཡོད་ཀྱི་ཁེ་ཕན་གནད་དོན་ཁྱད་བསད་བྱེད་རོགས་བྱེད་དགོས།མདོར་ན།ང་ཚོས་ངེས་པར་དུ་མང་ཚོགས་ལ་གཅེས་སེམས་མང་ཙམ་འབུལ་བ་དང་ཞབས་ཕྱི་མང་ཙམ་ཞུ་བ།དྲིལ་བསྒྲགས་མང་ཙམ་བྱེད་པ།མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་དོན་དངོས་དང་བྱ་བཟང་བསྒྲུབ་པའི་ཐོག་ནས་ང་ཚོའི་མི་འཚེའི་རིན་ཐང་མངོན་འགྱུར་ཐུབ་པ་བྱེད་དགོས།གསུམ་ནི་དྲིན་གཟོའི་བསམ་པ་ཁྱེར་ནས་རང་གི་འཇོན་ནུས་གང་ཡོད་བཏོན་ནས་མང་ཚོགས་ཀྱི་བློ་ལ་བབ་པ་བྱ་རྒྱུ་དེ་དམིགས་ཚད་དང་པོ་བྱེད་དགོས། མང་ཚོགས་དེ་རང་གི་གཉེན་ཉེ་དང་རང་གི་ཕ་མ་ལྟར་བརྩི་དགོས།མི་དམངས་ཀྱི་ཕོགས་ཐོབ་ལེན་ནས་མི་དམངས་ཀྱི་དཀའ་ངལ་སེལ་བ་དང་མི་དམངས་ལ་དོན་དངོས་སྒྲུབ་དགོས་པར་མ་ཟད།མང་ཚོགས་ལ་དྲིན་གཟོའི་བསམ་པ་དེ་བས་ཁྱེར་དགོས།མང་ཚོགས་ལ་དྲིན་གཟོའི་བསམ་པ་ལྡན་ན་ང་ཚོས་བརྩེ་དུང་དང་སྤྱོད་ཚུལ།བྱེད་སྟངས་བཅས་ཀྱི་ཐད་ལ་འགྱུར་ལྡོག་མཐར་ཕྱིན་ཡོང་ཐུབ་པ་དང་།རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ།རིན་ཐང་ལྟ་ཚུལ་བཅས་མི་དམངས་མང་ཚོགས་ཀྱི་ལངས་ཕྱོགས་སུ་གྱུར་ནས་དམངས་ཀྱི་དོན་དུ་ཇུས་གཞི་མང་པོ་འགོད་པ་དང་དམངས་ཀྱི་དོན་དུ་ལས་དོན་མང་པོ་སྒྲུབ་ཐུབ།དྲིན་གཟོའི་བསམ་པ་དེ་ཁྱེར་ནས་ལས་དོན་སྒྲུབ་པ་ཁོ་ནས་གཞིགས་ནས་ང་ཚོར་སྤྱི་ཞབས་པའི་བསམ་ཚུལ་དང་ངལ་རྩོལ་པ་དཀྱུས་མའི་བློ་ཁོག་ལྡན་སྲིད་པ་དང་།སྤྱི་ཚོགས་སྤྱི་པའི་ཡིད་ཆེས་མཚོན་པ་དང་མང་ཚོགས་ཀྱི་བསྟོད་ར་ཐོབ་རྒྱུ་རེད།དྲིན་གཟོའི་བསམ་པ་དེ་ཁྱེར་ནས་མང་ཚོགས་ཀྱི་ཁྲོད་དུ་ཞུགས་ན་ང་ཚོས་གཞིགས་ནས་མི་ཐོག་རང་བཞག་ནས་བསམ་བློ་གཏོང་ཤེས་པ་དང་།མང་ཚོགས་ཀྱི་བསམ་འཆར་དེ་བས་ཉོན་འདོད་ཡོད་ནས་ཇུས་གཞི་འགོད་པ་དང་དོན་དངོས་སྒྲུབ་སྐབས་མང་ཚོགས་ཀྱི་འདོད་བློ་དང་མཐུན་ཐུབ་པ་དང་།མང་ཚོགས་ཀྱི་རེ་འདོད་ཁེངས་ཐུབ།རང་ཁུལ་ལ་ཆ་བཞག་ནས་བཤད་ན་ལོ་རྒྱུས་དང་དམངས་སྲོལ།ས་བབ་སོགས་ཕྱོགས་སོ་སོའི་རྒྱུ་མཚན་རྐྱེན་གྱིས་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་སྦོལ་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ལས་ཀ་སྐུལ་འདེད་གཏོང་དགོས་ན་ང་ཚོའི་རྒྱ་ཆེའི་གཞུང་ཞབས་པ་ཚོས་མང་ཚོགས་ལ་ངང་རིང་ཞིབ་ཚགས་ཀྱི་ལས་ཀ་བྱེད་དགོས་པ་དང་།ལས་ཀ་ཁག་བྱེད་པ་དང་རྣམ་གྲངས་ཁག་ལག་ལེན་བསྟར་བ་དེ་མང་ཚོགས་ཀྱི་བློར་བབ་ཐུབ་པ་དང་།དོན་བཟང་དེ་དེ་བས་ཡག་པོ་སྒྲུབ་པ་དང་དོན་དངོས་དེ་དངོས་གནས་དྲང་གནས་ཀྱི་སྒྲུབ་ཐུབ་པ་བྱེད་དགོས།
བློ་མཐུན་རྣམ་པ། རྒྱལ་ཁབ་ཀྱི་རྩ་བ་ནི་མི་དམངས་ཡིན་པ།མི་དམངས་མང་ཚོགས་ནི་དུས་གཏན་དུ་ཏང་གི་སྲོག་རྩ་དང་བློ་རིགསྟོབས་ཤུགས་བཅས་ཀྱི་འབྱུང་ཁུངས་ཡིན་པ།སེམས་ནང་མང་ཚོགས་མེད་ན་རང་གི་རྩ་བ་བརྗེད་པ་དང་།མང་ཚོགས་ཀྱི་བདེ་སྡུག་དང་དཀའ་ངལ་ལ་སེམས་ཁུར་མི་བྱས་ན་ངོ་བོ་གྱུར་པ།མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་བྱས་ན་ཉེས་པ་བསགས་པ་རེད།མང་ཚོགས་ཀྱི་ལས་ཀ་ནི་དོན་ཆུང་ཞིག་མ་རེད།མང་ཚོགས་ཀྱི་ལས་ཀ་སྒྲུབ་པ་དེ་ཏང་ཡོན་ལས་བྱེད་པའི་ནུས་པ་མཚོན་ཐུབ་ལ་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཡང་ཞིབ་དཔྱད་བྱེད་ཐུབ།བཅོས་སྐྱོང་མཁས་པོ་བྱས་ན་བསམ་ཤེས་བྱེད་དགོས་ཤིང་།བསམ་ཤེས་བྱས་ན་མང་ཚོགས་དང་ཉེ་བར་འགྱུར་ངེས་རེད།མང་ཚོགས་ཀྱི་ལས་ཀ་ཡོངས་སུ་སྤེལ་བར་སྐུལ་འདེད་གཏོང་བ་དང་།འབད་བརྩོན་ལྷོད་མེད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་དོན་དངོས་སྒྲུབ་པ་བཅས་བྱས་ན་ཁྲི་བརྒྱ་ལྷག་གི་དཀར་མཛེས་མི་དམངས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
གསུམ་པ།གཅེས་སེམས་དང་བློ་རིག་བཅངས་ནས་མང་ཚོགས་ཀྱི་ལས་ཀ་ཡོངས་སུ་སྤེལ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།མང་ཚོགས་ཀྱི་བློར་བབ་པའི་སྐད་ཆ་བཤད་པ་དང་།མང་ཚོགས་ཀྱི་བློར་བབ་པའི་ལས་ཀ་སྒྲུབ་པ།མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བཅས་བྱས་ན་མང་ཚོགས་ཀྱིས་ང་ཚོ་གཉེན་ཉེར་བརྩི་རྒྱུ་རེད།གཅིག་ནི་རི་བརྒལ་ལ་བརྒྱབ་ནས་གཉེན་ཉེ་སྒྲིག་འགྲོ་ནས་གཉེན་སྒྲིག་རོགས་སྐྱོར་གྱི་ལས་ཀ་ཡོངས་སུ་ཁྱབ་པར་ཁག་ཐེག་བྱེད་དགོས།ཁུལ་ཡོངས་ཀྱི་གཞུང་ཞབས་པ་ཁྲི5ལྷག་གིས་ཕྱོགས་ཡོངས་ལ་ཁྱབ་པ་དང་།ཐག་ཉེ་ས་དང་ཡུལ་དེ་གགཅིག་བསྡུས་བཅས་ཀྱི་སྒོ་ནས་དུད་ཚང་དང་མཉམ་འབྲེལ་བྱེད་པའི་རྩ་དོན་ལ་བརྟེན་ནས་ཁུལ་ནང་གི་མི་རིགས་ཁག་གི་མང་ཚོགས་དང་གཉེན་སྒྲིག་རོགས་སྐྱོར་བྱེད་དགོས།མི་དང་སེམས་ཚང་མ་མང་ཚོགས་ཀྱི་ཁྲོད་དུ་སླེབས་ཐུབ་པ་བྱེད་པ་དང་།གཉེན་སྒྲིག་དང་བདེ་སྡུག་འདྲི་བ།གཅེས་སེམས་བཅངས་ནས་དཀའ་ངལ་ཐག་གཅོད་བཅས་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་།ཆེས་ཐད་ཀ་དང་ཆེས་ཟོལ་མེད།ནུས་ལྡན་ཆེ་ཤོས་བཅས་ཀྱི་བྱེད་སྟངས་ཐོག་ནས་ཁུལ་ཡོངས་ཀྱི་ཞིང་འབྲོག་པ་ཁྲི20་ལ་བདེ་དྲོད་བསྐྱལ་ནས་ཁོ་ཚོར་ཏང་རང་གི་མདུན་དུ་གནས་ཡོད་པ་དང་ལས་བྱེད་པ་རང་གི་གཉེན་མི་ཡིན་རྒྱུ་མྱོང་ཚོར་དངོས་སུ་བྱེད་དུ་བཅུག་ནས།ལས་བྱེད་པ་དང་ལས་བཟོ་ཚང་མ་ཞུགས་པ་དང་།མང་ཚོགས་ཀྱི་ལས་ཀ་ཡོངས་སུ་སྤེལ་བའི་རྣམ་པ་གསར་པ་ཆགས་ཐུབ་པའི་སྒོ་ནས་འཆམ་མཐུན་གྱི་ཁུལ་ཞིག་བསྐྲུན་གང་ཐུབ་བྱེད་དགོས།གཉིས་ནི་ཁྱིམ་ཚང་མང་པོར་གཅེས་སེམས་བཅངས་ནས་གཅེས་སེམས་བཅངས་པའི་ཐོག་ནས་རོགས་སྐྱོར་གྱི་ལས་ཀ་ཡོངས་སུ་བྱེད་པར་ཁག་ཐེག་བྱེད་དགོས།དབུལ་ཕོངས་ལ་རོགས་སྐྱོར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྔར་ཡོད་ཀྱི་སྤྱོད་བཟང་ཡིན་ལ།ཏང་ཨུ་དང་སྲིད་གཞུང་གིས་དོར་ཐབས་མེད་པའི་འགན་འཁྲི་དང་འོས་འགན་ཡང་དེ་བས་ཡིན།ཁུལ་ཡོངས་སུ་གཅེས་སེམས་རོགས་སྐྱོར་གྱི་མ་ལག་ཚུགས་དགོས་པ་དང་།ཁྱད་པར་དུ་དཀའ་ངལ་ཡོད་པ་དང་སྟོབས་ཞན་གྱི་མང་ཚོགས་ལ་འཚོ་བ་དང་སྤྱི་ཚོགས་འགན་ལེན་ཐད་ཁྱིམ་ཚང་གི་བདེ་དྲོད་སྐྱེལ་དགོས་ལ།བསམ་པ་ཐོག་ནས་སེམས་ཁུར་ཚད་མེད་བྱེད་དགོས།དྭ་ཕྲུག་ཚང་མར་རྫོང་རིམ་པ་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པ་གཅིག་མངགས་ནས་གཅེས་སེམས་ལྡན་པའི་ཕ་མ་བྱེད་བཅུག་དགོས།ཞིང་སྡེའི་འགན་ལེན་ལྔའི་དུད་ཚང་ལ་འཚོ་བའི་ཁ་གསབ་རོགས་རམ་དང་གཅིག་བསྡུས་ཀྱིས་གསོ་བ་སོགས་ཀྱི་ཞབས་འདེགས་ཞུ་དགོས།དབང་པོ་སྐྱོན་ཅན་ལ་སྤྱི་ཚོགས་འགན་ལེན་དང་བཅོལ་གསོ་ཐད་ཀྱི་རོགས་སྐྱོར་བྱེད་དགོས།དཀའ་ངལ་ཡོད་པའི་མང་ཚོགས་ནང་གི་ནད་ལྗིད་པོ་ཕོག་མཁན་ལ་སྨན་བཅོས་རོགས་སྐྱོབ་བྱེད་དགོས།དགེ་བ་གཅེས་སེམས་ཀྱི་ཐེབས་རྩ་བཙུགས་དགོས་པ་དང་།ཟླ་བ11པའི་ཚེས19ཉིན་དེ་དགེ་བ་གཅེས་སེམས་བཅངས་བའི་ཉིན་མོ་བྱེད་པ།དགེ་བ་གཅེས་སེམས་ཀྱི་རིག་གནས་དྲིལ་བསྒྲགས་བྱེད་དགོས།གཅེས་སེམས་ཐོག་ནས་རོགས་སྐྱོར་བྱས་པར་བརྒྱུད།བདེ་སྐྱིད་དང་དགེ་བ་ལྡན་པའི་ཁུལ་ཞིག་བསྐྲུན་གང་ཐུབ་བྱས་ནས་ཁམས་པ་ཐང་ཆེན་དུ་གཅེས་སེམས་བཅངས་པ་དང་གཅེས་སེམས་བརྒྱུད་སྤྲོད།གཅེས་སེམས་ཡོངས་སུ་ཁྱབ་པ།དུས་གཏན་དུ་གཅེས་སེམས་ཀྱི་ཉི་འོད་འཕྲོ་བ་བཅས་བྱེད་འཇུག་དགོས།གསུམ་ནི་ཁ་བརྡ་མང་པོ་བྱེད་པའི་ལས་ཀ་བསྒྲུབས་ནས་བློ་སེམས་ཕྱོགས་གཏད་བྱ་རྒྱུ་ཡོངས་སུ་ཁྱབ་པར་ཁག་ཐེག་བྱེད་དགོས།ཁུལ་རིམ་པའི་འགོ་ཁྲིད་དང་ཁུལ་རིམ་པའི་སྡེ་ཁག་གི་འགན་ཁུར་གཙོ་བོས་དགོན་པ(ཆོས་ཁང་།)གཅིག་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མི་སྣ་དང་འབྲེལ་བ་བྱེད་དགོས་པ་དང་།རྫོང་སོ་སོས་རྫོང་རིམ་པ་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པས་རྫོང་ཁོངས་གཏོགས་ཀྱི་དགོན་པ་དང་ཆོས་ཁང་།འཐུས་མི་མི་སྣ་བཅས་ལ་འབྲེལ་བ་བྱེད་པར་ཁག་ཐེག་བྱེད་དགོས།ཤུགས་ཆེན་པོས“ཤར་གཏོང་ལྔའི་”ལས་གྲྭ་ལག་ལེན་བསྟར་ནས་དགོན་པར་ཆུ་བགྲོད་དང་གློག་བགྲོད།ལམ་བགྲོད།རྒྱང་བསྒྲགས་བརྙན་འཕྲིན་གཏོང་ཐུབ་པ་སོགས་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་དགོས།ཤུགས་ཆེན་པོས་འབྲེལ་བ་ཞིག་འཛུགས་པ་དང་།སྙིང་གཏམ་བཤད་རེས་ཀྱི་གྲོས་ཚོགས་ཤིག་འཚོགས་པ།གཅེས་སེམས་རེ་སྐྱེལ་བ།རྣམ་གྲངས་ཁག་གཅིག་ཡག་པོ་བསྐྲུན་པ།ནང་རྐྱེན་ཞིག་གསར་གཏོད་བྱེད་པ།དཔུང་སྡེ་ཞིག་བསྐྲུན་པ།སྔོན་ཐོན་ཁག་གཅིག་ལ་བསྟོད་ར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་དགོས།ལྷག་བསམ་རྣམ་དག་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མི་སྣ་དང་གྲོགས་པོ་བྱེད་པ་དང་བརྩེ་དུང་ཟབ་ཏུ་འགྱུར་བ།ཐུན་མོང་དུ་དགོན་པ་དོ་དམ་ལམ་ལུགས་གསར་པ་འཛུགས་པར་སྐུལ་འདེད་གཏོང་དགོས།ཧུར་ཐག་གིས་ཆོས་ལུགས་ལས་རིགས་མི་སྣ་ལ་སྙིང་ཐག་པ་ནས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་སྲུང་བྱེད་རྒྱུ་དང་།ཏང་ཨུ་སྲིད་གཞུང་དང་ཆབ་སྲིད་ཐོག་བློ་གཅིག་སེམས་གཅིག་དང་།བསམ་པའི་ཐོག་བློ་སེམས་ཕྱོགས་གཏད།བྱ་སྤྱོད་ཐད་བློ་གཅིག་མཉམ་སྐྱོད་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དང་།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པ་བྱ་རྒྱུའི་ཁྲིད་སྟོན་དང་།ཆོས་དད་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱས་ནས་རིམ་བཞིན་འཆམ་མཐུན་གྱི་ཆབ་སྲིད་དང་ཆོས་ལུགས་བར་གྱི་འབྲེལ་བ་གསར་པ་བཙུགས་ནས་མཐུན་སྒྲིག་ཡིན་པའི་ཁུལ་ཞིག་བསྐྲུན་གང་ཐུབ་བྱེད་དགོས།བཞི་ནི་དཀའ་ངལ་ཁྲི་སྟོང་མང་པོ་སེལ་ནས་དོན་དངོས་བསྒྲུབས་ཏེ་བདེ་སྐྱིད་ཀྱི་ལས་གྲྭ་ཁུལ་ཡོངས་སུ་ཁྱབ་པར་ཁག་ཐེག་བྱེད་དགོས།དོན་དངོས་སྒྲུབ་དགོས་ན་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས།དམངས་ཀྱི་དཀའ་ངལ་ཐག་གཅོད་བྱེད་དགོས་ན་སྔོན་འགྲོའི་ཆ་རྐྱེན་ནི་མི་དམངས་ཀྱི་འདོད་བློར་བརྩི་འཇོག་བྱེད་དགོས་པ་དེ་རེད།ཕྱིན་ཆད་ཀྱི་ལོ་གསུམ་ནང་ཁུལ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར85བཏང་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་མི་སེར་གཞིས་ཆགས་དང་ངལ་ལས་ཡོང་འབབ་འཕར་བ།དམངས་ཡོངས་འགན་སྲུང་།སློབ་གསོ་ལ་རོགས་རམ།ལུས་ཁམས་བདེ་ཐང་ལ་སེམས་ཁུར།རིག་གནས་མཉམ་དུ་ལོངས་སྤྱོད།ཞིང་སྡེར་ཆུ་ཁྲིད།གྲོང་ཚོར་གློག་གཏོང་།འགྲིམ་འགྲུལ་དམངས་བདེ།གྲོང་གསར་དཔེ་སྟོན་སོགས་ཀྱི་ལས་གྲྭ་ཆེན་པོ་བཅུ་ལག་ལེན་བསྟར་རྒྱུ་ཡིན།ལོ་གསུམ་རིང་གི་འགག་སྒྲོལ་དང་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད།རང་ཁུལ་དེ་མི་དམངས་བདེ་སྡོད་ལས་བརྩོན་དང་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་པའི་བདེ་སྐྱིད་ཀྱི་ཁུལ་དུ་འགྱུར་བ་བྱེད་དགོས།
ལྔ་ནི་དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་བསྒྲུབས་ནས“མཉམ་འཛུགས་མཉམ་སྐྲུན”གྱི་ལས་ཀ་ཡོངས་སུ་ཁྱབ་པ་ཁག་ཐེག་བྱེད་དགོས།རྨང་གཞི་བརྟན་པོ་མིན་ན་གནམ་ས་གཡོ་ངེས་རེད།གཞི་རིམ་ཏང་རྩ་འཛུགས་ནི་རྩིག་རྨང་ལྟ་བུ་དང་གུང་ཁྲན་ཏང་ཡོན་ཚང་མ་ནི་རྨང་རྡོ་ལྟ་བུ་ཡིན།ཁུལ་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན1657གྱི་ཏང་ཀྲི་པུའུ་ཡིས་གྲོང་ཚོ་དང་འདུས་ཁུལ(ཡུལ་མིའི་ཨུ་ཡོན་ལྷན་ཁང)གི་ཏང་ཀྲི་པུའུ2709དང་ཆ་སྒྲིག་བྱེད་དགོས་པ་དང་།མཉམ་འཛུགས་མཉམ་སྐྲུན་གྱི་ལས་ཀ་གཏིང་ཟབ་སྤེལ་བ་དང་མཉམ་སྐྲུན་གྱི་འགན་འཁྲི་ཡི་གེ་བཞག་ནས་མཉམ་སྐྲུན་གྱི་བྱེད་ཐབས་གཏན་འབེབས་བྱེད་དགོས།སྔར་ལས་ལྷག་པར་ཀྲི་པུའུ་ཡི་ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ལས་ཁུངས་ཀྱི་ཀྲི་པུའུ་ཡི་ཏང་གི་འཛུགས་སྐྲུན་ལས་ཀའི་ཉམས་མྱོང་དང་ཤེས་ལྡན་མི་སྣའི་བྱང་ཚད་སྤྱི་ཡོངས་སུ་ཡག་ཙམ་ཡིན་པའི་དགེ་མཚན་བེད་སྤྱོད་བཏང་ནས།ཧུར་ཐག་གིས་ཞིང་སྡེའི་ཀྲི་པུའུ་ཡི་ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་མཐོར་འདེགས་གཏོང་རྒྱུར་རོགས་རམ་བྱེད་པ་དང་།ནུས་ཤུགས་གང་ཡོད་ཀྱིས་དབུལ་ཕོངས་ཏང་ཡོན་ལ་རོགས་སྐྱོར་བྱ་རྒྱུ་དང་ཏང་ཡོན་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལས་ཀ་ཡག་པོ་བསྒྲུབས་ནས།གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་མི་འདང་བའི་གནས་གནད་ཐག་གཅོད་མཐར་ཕྱིན་བྱེད་པ་དང་།གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་།གསར་སྐྲུན་གྱི་ནུས་ཤུགས།འཐབ་འཛིང་གི་ནུས་ཤུགས་བཅས་ཐུན་མོང་དུ་མཐོར་འདེགས་གཏོང་ཐུབ་པ་བྱས་ནས་ཡར་རྒྱས་བརྩོན་ལེན་གྱི་ཁུལ་ཞིག་སྐྲུན་གང་ཐུབ་བྱེད་དགོས།དྲུག་ནི་ཐབས་བརྒྱ་ཇུས་སྟོང་གིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཡོངས་སུ་ཁྱབ་ཐུབ་པར་ཁག་ཐེག་བྱེད་དགོས།ཏང་དང་སྲིད་གཞུང་གི་སྐད་ཆ་མང་ཚོགས་ཀྱི་ཁྲོད་དུ་བསྒྲགས་མི་ཐུབ་པ་དང་།བདེན་ལ་མི་བདེན་པའི་ཁྲོམ་གཏམ་དང་དཀྲོག་གཏམ་ནི་ག་ས་གར་ཁྱབ་པ་རེད།གསར་འགྱུར་མཚམས་སྦྱོར་དང་དྲིལ་བསྒྲགས་དཔུང་སྡེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱིས་ཉོན་འདོན་པ་དང་། ཉོན་ཤེས་པ།སེམས་ལ་ངེས་ཐུབ་པ་སོགས་ཀྱི་དཔེར་འོས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཤུགས་ཆེན་སྤེལ་ནས་གཙོ་གནད་དུ་ཏང་གི་དམངས་ཕན་སྲིད་ཇུས་བློ་རུ་ངེས་ཐུབ་པ་བྱེད་དགོས་པ་དང་།ས་གནས་ཀྱི་མི་རིགས་ཁྱད་ཆོས་ལ་བསམ་བློ་གང་ལེགས་བཏང་ནས་སེམས་འགུལ་ཐེབས་ནུས་པའི་ཕུལ་བྱུང་གི་རྩོམ་རིགས་སྔོག་འདོན་དང་གསར་རྩོམ་བྱེད་པ་དང་།དམིགས་སའི་རང་བཞིན་ལྡན་པའི་སྒོས་སྒྱུ་རྩལ་དང་། གློག་བརྙན། བརྙན་པར་དང་དཔྱིད་གསར་ཆ་ཡིག ཞབས་ཞུ་ལས་ཀ་སོགས་གྲོང་གསེབ་ཏུ་སྐྱེལ་བ་དང་མང་ཚོགས་རང་བཞིན་ལྡན་པའི་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སོགས་སྤེལ་ནས།དུས་རབས་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཐོས་ཐུབ་པ་བྱེད་དགོས།མང་ཚོགས་ལ་སེམས་འགུལ་ཐེབས་ཐུབ་པ་བྱས་ཏེ་བསམ་པ་གཅིག་གྱུར་ཡོང་བར་སྐུལ་ཁྲིད་བྱེད་མཁས་པ་བྱས་ཏེ།ཁྱོན་ཡོངས་དང་།རིམ་པ་མང་པོ། གོང་ནས་འོག་ཏུ་དྲིལ་བསྒྲགས་གནས་གཞི་འཛུགས་སྐྱོང་བྱེད་པ་དང་། ཉ་ཆུ་ལྟ་བུའི་བརྩེ་དུང་འཕེལ་བ་དང་།ཤ་ཕྲག་གཅིག་འབྲེལ་གྱི་འབྲེལ་བ་ཇེ་དྲག་ཏུ་གཏོང་ཐུབ་པ་སོགས་བྱས་ནས། རྒྱལ་ཁབ་དང་སྤྱི་དམངས། ཁྲིམས་སྐྱོང་།དྲིན་གཟོ། མཐུན་སྒྲིལ་བཅས་ཀྱི་འདུ་ཤེས་དེ་མི་དམངས་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་དུ་འཇུག་དགོས།དཀར་མཛེས་ཁུལ་དེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་།མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བ།སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བའི་ཆེས་ཡག་ཤོས་ཀྱི་ཁུལ་དུ་འགྱུར་ཐུབ་པ་བྱེད་དགོས།བཞི་པ།དངོས་གཉེར་གསར་སྐྲུན་གྱིས་མང་ཚོགས་ཀྱི་ལས་ཀ་རྩ་བ་ཚུགས་ཐུབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
དངོས་དོན་གཉེར་བའི་རྣམ་འགྱུར་འཛིན་ནས་ཚན་རིག་དང་མཐུན་པའི་ལམ་ལུགས་འཛུགས་གཉེར་བྱ་རྒྱུ་དང་།གསར་སྐྲུན་གྱི་བྱེད་སྟངས་སྤྱད་ནས་ཕན་ནུས་ལྡན་པའི་ནང་རྐྱེན་འཛུགས་གཉེར་བྱ་རྒྱུ་ནི་མང་ཚོགས་ཀྱི་ལས་ཀ་བདེ་བླག་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་པའི་འགག་རྩ་ཡིན།མང་ཚོགས་དང་འབྲེལ་བ་བྱ་རྒྱུ་ནི་སྒྲུབ་དཀའ་བ་ཞིག་མིན་ལ་དཀའ་བ་ནི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་རྒྱུ་དེ་ཡིན།གཞི་རིམ་དུ་ཟབ་འཇུག་བྱ་རྒྱུ་དེ་སྒྲུབ་དཀའ་བ་ཞིག་མིན་ལ་སྒྲུབ་དཀའ་བ་ནི་ཡུན་རིང་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། གྲོང་ཚོ་དང་དུད་ཚང་དུ་ཕྱིན་རྒྱུ་དེ་སྒྲུབ་དཀའ་བ་ཞིག་མིན་ལ་སྒྲུབ་དཀའ་བ་ནི་མི་སེར་དང་མཛའ་བརྩེ་ཟབ་མོ་འཛུགས་རྒྱུ་དེ་ཡིན། མང་ཚོགས་ཀྱི་ལས་ཀ་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན།ནམ་རྒྱུན་ཅན་དུ་འགྱུར་ཐུབ་ན་ད་གཟོད་ང་ཚོའི་ལས་བྱེད་པ་ཚོ་གཞི་རིམ་དུ་ཟབ་འཇུག་དང་།མང་ཚོགས་དང་འབྲེལ་འདྲིས།སྤྱོད་བཟང་འཛུགས་པ་བཅས་བྱེད་ནུས་པ་དང་།ང་ཚོའི་མང་ཚོགས་ཀྱིས་དེ་ནས་མུ་མཐུད་དེ་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཡོང་ཚད་མཐོར་འདེགས་གཏོང་ཐུབ།གཅིག་ནི་དམངས་ཀྱི་གནས་ཚུལ་ཁོང་དུ་ཆུད་ཐུབ་པར་དམིགས་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཞབས་ཞུའི་ནང་རྐྱེན་འཛུགས་གཉེར་བྱེད་དགོས།ཏང་ཨུའི་ཧྲུའུ་ཅི་ནི་མང་ཚོགས་ཀྱི་ལས་ཀ་སྒྲུབ་འགན་ཁུར་མཁན་དང་པོ་ཡིན་པ་དང་།རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་ནས་སྤྱི་ཡོངས་ཀྱི་ལས་ཀ་འཛིན་པ་དང་སྤྱི་ཚོགས་ལས་རིགས་ཁག་གཞུང་དོན་ནང་ཞུགས་གང་ཐུབ་བྱས་ནས།“འཕྲེད་ཕྱོགས་དང་གཞུང་ཕྱོགས་ཀྱི་ལས་ཀ་ཡོངས་སུ་བསྒྲུབས་ནས་ལས་འགན་གསལ་པོ་དང་འགན་འཁྲི་དང་ནུས་པ་དང་མཐུན་པའི”ལས་ཀའི་རྣམ་པ་འཛུགས་གང་ཐུབ་བྱེད་དགོས།གཞི་རིམ་གྱི་བརྟག་དཔྱད་ཞིབ་འཇུག་གི་ལམ་ལུགས་འཛུགས་གཉེར་བྱེད་དགོས།གཞུང་ཞབས་པ་ལོ་རེར་གཞི་རིམ་དུ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་དུས་ཡུན་ཆད་ལུས་གཏན་ནས་གཏོང་མི་ཆོགམང་ཚོགས་ལ་ཞབས་ཞུ་དང་འབྲེལ་འདྲིས་བྱེད་ཚད་དང་ཐུག་འཕྲད་བྱེད་ཚད་ངེས་པར་དུ་གསལ་པོ་བྱེད་དགོས་པར་མ་ཟད་དཔྱད་ཞིབ་ནན་པོ་བྱེད་དགོས་པ་དང་།གཙོ་གནད་དུ་ཉེ་སྒྲིག་རོགས་སྐྱོར་དང་།གཅེས་སེམས་བཅངས་ནས་རོགས་སྐྱོར་བྱེད་པ།བློ་སེམས་ཕྱོགས་གཏད་སོགས་ཀྱི་འབྲེལ་འདྲིས་ལས་ཀ་ཕན་ནུས་ལྡན་པར་ཁག་ཐེག་བྱས་ནས་བཟོ་ལྟ་ཙམ་མ་ཡིན་པར་མ་ཟད།ཆ་ཚང་བསྒྲིགས་ནས་འགོ་ཁྲིད་ལས་བྱེད་པས་ལྐོག་ཏུ་འདྲི་རྩད་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། ལྟ་སྐོར་འཚམས་འདྲིའི་ལམ་ལུགས་འཛུགས་གཉེར་བྱེད་དགོས། ནད་གཞི་ལྗིད་པོ་ཕོག་ནས་སྨན་ཁང་དུ་སྡོད་པ་དང་།བུ་རྒྱུད་སློབ་ཤོར་གྱུར་པའམ་ལས་སྒུག་བྱེད་མཁན། བསམ་ཡུལ་ལས་འདས་པའི་ཆག་སྒོ་བྱུང་མཁན། མི་རྒན་པོ་ཚེ་ལས་འདས་པ། བསམ་བློ་ནམ་རྒྱུན་དང་མི་འདྲ་བར་གྱུར་མཁན།གལ་ཆེའི་དུས་ཆེན་སོགས་ལ་ངེས་པར་དུ་འཚམས་འདྲི་བྱེད་དགོས་པའི་“འཚམས་འདྲི་དྲུག་”གི་བྱེད་སྟངས་སྤྱད་པ་དང་།དུས་ཚོད་བེད་སྤྱོད་གང་ལེགས་བྱས་ནས་མང་ཚོགས་ཀྱི་ལས་ཀ་སྤེལ་དགོས།དམངས་ཀྱི་གནས་ཚུལ་ལ་མཉམ་འབྲེལ་གྲོས་ཚོགས་འཚོགས་པའི་ལམ་ལུགས་འཛུགས་དགོས།རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་ནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། དྲིལ་བསྒྲགས། སྲིད་ཁྲིམས། འཐབ་ཕྱོགས་གཅིག་གྱུར། ཡིག་སྐུལ་ངོ་གཏུག། དམངས་སྲིད་དང་ལས་བཟོ་ཨུ་ལྷན། གུང་གཞོན་ཚོགས་པ།བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གི་གྲུབ་མི་བསྡུ་རུབ་བྱས་པ་དང་། ཏང་གི་འཐུས་ཚབ་དང་། མི་དམངས་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་གདན་ཞུ་བྱས་ཏེ་དུས་བཀག་ལྟར་མཉམ་འབྲེལ་གྲོས་ཚོགས་ནང་ཞུགས་ནས་ཐུན་མོང་དུ་སྤྱི་ཚོགས་དང་མི་དམངས་ཀྱི་འདོད་བློ་གྲོས་མོལ་དང་ཕྱོགས་བསྡོམས་བྱེད་དགོས།གཉིས་ནི་མི་དམངས་ཀྱི་འཁོན་འཛིན་ཆེ་བའི་གནད་དོན་ཞི་ལྷོད་ཏུ་གཏོང་རྒྱུར་དམིགས་ནས་འགལ་བ་སེལ་བའི་ནང་རྐྱེན་འཛུགས་དགོས།གུང་ཁྲན་ཏང་ཡོན་དང་གཞུང་ཞབས་པ་ཡོད་ཚད་རང་རྟོགས་ཀྱིས་གནད་དོན་ཆེས་མང་ཤོས་དང་འགལ་བ་ཆེས་མངོན་བསལ་ཡིན་པའི་ས་གནས་ལ་ཕྱིན་ནས།མང་ཚོགས་ཀྱིས་ཞུ་བའི་དཀའ་གནད་ཆེ་བའི་གནད་དོན་དང་ལུགས་མཐུན་དང་སྒྲིག་ཁྲིམས་དང་མཐུན་པའི་གཏུག་བཤེར་ལ་ཐག་གཅོད་བྱ་རྒྱུར་རོགས་རམ་བྱེད་དགོས། ཞུ་གཏུག་བྱེད་སྟངས་ཀྱི་ལམ་ལུགས་གསར་སྐྲུན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་དུས་བཀག་ལྟར་ཡོངས་གྲགས་སུ་སྣེ་ལེན་དང་འཚམས་འདྲི་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་།ཁུལ་དང་རྫོང་གི་འགོ་ཁྲིད་ཀྱི་སྣེ་ལེན་དང་འཚམས་འདྲི་བྱེད་པ་དང་གྱོད་གཞི་ཐག་གཅོད་བྱ་རྒྱུ་འགན་ལེན་གྱི་ལམ་ལུགས་འཐུས་ཚང་གཏོང་བ་དང་།གྱོད་གཞི་བསྒྲུབ་རྒྱུ་དང་།ལྟ་སྐུལ་བྱ་རྒྱུ།མཐུན་སྦྱོར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས།མང་ཚོགས་ཀྱིས་གཏུག་བཤེར་བྱེད་སླ་བ་བྱེད་དགོས།ཉེ་སྒྲིག་རོགས་སྐྱོར་བྱེད་རིང་ནང་རྒྱ་ཆེ་བའི་མང་ཚོགས་ཀྱི་སྐད་ཆ་བཤད་ས་ཡོད་པ་དང་། སྡུག་བཤད་ས་ཡོད་པ། དཀའ་གནད་ཐག་གཅོད་བྱེད་ས་ཡོད་པ།དོན་དག་སྒྲུབ་ས་ཡོད་པ་བཅས་ལ་འགན་ལེན་བྱེད་དགོས།འགལ་བ་མེད་པ་བཟོ་བའི་ལམ་ལུགས་གསར་སྐྲུན་བྱེད་དགོས།ཡིག་སྐུལ་ངོ་གཏུག་བྱེད་པའི་དུད་ཚང་དང་།དཀའ་ངལ་ཡོད་པའི་དུད་ཚང་།གནས་སྤོ་ཡུལ་མིའི་དུད་ཚང་སོགས་ལས་དོན་སྒྲུབ་ཡུལ་གཙོ་བོ་བྱེད་པ་དང་།ཆུ་གློག་གསར་སྦོལ་དང་།གྲོང་ཁྱེར་འཛུགས་སྐྲུན།ཆོས་ལུགས་ལས་ཀ་སྤེལ་ཡུལ་སོགས་ས་ཁོངས་གལ་ཆེ་བྱས་ནས།འགལ་བ་མེད་པ་དང་གནད་དོན་ཐག་གཅོད་བྱེད་པ་དང་།གལ་ཆེ་བའི་ཐབས་ཇུས་དང་སྤྱི་ཚོགས་བརྟན་བརླིང་གི་ཉེན་ཁ་ཚོད་དཔག་ཡག་པོ་བྱེད་པ།བབ་བསྟུན་མྱུར་སེལ་གྱི་གྲབས་གཤོམ་ཇུས་གཞི་འཐུས་ཚད་དུ་གཏོང་བ་བཅས་ཀྱི་སྒོ་ནས་འབྱུང་རྩ་ནས་བརྟན་བརླིང་མིན་པའི་རྒྱུ་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་དགོས།  ཁེ་དབང་སྲུང་སྐྱོང་གི་ལམ་ལུགས་གསར་སྐྲུན་བྱེད་དགོས། སྤྱི་ཚོགས་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་བྱེད་པ་ནི་ང་ཚོའི་སྲིད་འཛིན་གྱི་ནུས་པར་ཉམས་ཚོད་ལེན་པ་དང་།རིམ་པ་ཁག་གི་ལས་བྱེད་པའི་ལས་ཀའི་ཆུ་ཚད་ལ་ཞིབ་བཤེར་བྱེད་པ་དེ་རེད།དཔེར་ན།གང་འདྲ་བྱས་ནས་ཞིང་པར་ཕན་པའི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱེད་དགོས་རྒྱུ་དང་། གང་འདྲ་བྱས་ནས་ནུས་ཞན་ཚོགས་པའི་ཁེ་དབང་སྲུང་སྐྱོང་བྱེད་དགོས་རྒྱུ། གང་འདྲ་བྱས་ནས་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཐད་ཀྱི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས་རྒྱུ་སོགས་ཀྱི་ལས་ཀ་ཚང་མ་ང་ཚོས་འཚོལ་ཞིབ་བྱེད་དགོས་པ་དང་འབྲེལ་ཡོད་ལམ་ལུགས་འཛུགས་གཉེར་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་གཏོང་དགོས།གསུམ་ནི་དམངས་ཡོངས་སུ་ཞུགས་དགོས་པར་དམིགས་ནས་མངོན་བསལ་ཐབས་ཇུས་ཀྱི་ནང་རྐྱེན་འཛུགས་གཉེར་བྱེད་དགོས།ཏན་ཏིག་གིས་མངོན་བསལ་གྱི་ཐབས་ཇུས་དེ་ཏང་ཨུའི་གྲོས་རིམ་ཉིན་ཐོ་ནང་བཞག་ནས་མང་ཚོགས་ཀྱི་བསམ་འཆར་དེ་ཐབས་ཇུས་འགོད་རྒྱུའི་ཆ་འཕྲིན་དུ་བསྒྱུར་བ་དང་། “གཅིག་གྱུར་གྱི་འགོ་ཁྲིད་དང་། རིམ་བགོ་འགན་ཁུར། གཅིག་བསྡུས་ཐག་གཅོད། ཁོངས་སྒྲིལ་སྒྲུབ་གཉེར”བཅས་བྱེད་དགོས།མང་ཚོགས་སྲིད་ཞུགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས།དམངས་ཀྱི་འདོད་བློ་གཅིག་བསྡུས་དང་བསྡུ་ལེན་བྱེད་པ་དང་དམངས་ཀྱི་བསམ་ཚུལ་ཕྱིར་སྒྲོག་པ་དང་གདེང་འཇོག་བྱ་རྒྱུར་དོ་སྣང་བྱས་ནས།གལ་ཆེ་ཐབས་ཇུས་སྤྱི་བསྒྲགས་བྱ་རྒྱུ་དང་བདེན་དཔང་ཉོན་འཇོག་གི་ལམ་ལུགས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་མང་ཤོས་དང་ཕྱོགས་འགལ་མང་ཤོས་ཀྱི་གནད་དོན་ཇུས་ཐག་གཟབ་ནན་བཅད་ནས།གནད་དོན་གལ་ཆེན་ཇུས་ཐག་གཅོད་པ་དེ་དམངས་གཙོ་ཅན་དང་འཁོར་སྐྱོད་ཚད་ལྡན་ཅན་དུ་འགྱུར་བར་བྱེད་དགོས།མང་ཚོགས་ཀྱིས་གནས་ཚུལ་ཤེས་རྒྱུའི་བདག་དབང་ལ་སྲུང་སྐྱོང་བྱས་ནས་སྤྱི་པའི་ཐབས་ཇུས་སྤྱི་ཚོགས་ལ་ཡོངས་སུ་བསྒྲགས་པ།མང་ཚོགས་ཞུགས་པ་དང་ཆེད་རམས་པར་བློ་འདྲི་བའི་ལམ་ལུགས་ཇེ་མགྱོགས་སུ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་ཚུལ་མཐུན་བསམ་འཆར་དང་གྲོས་གཞིར་ཁེངས་སྐྱུང་ངང་དང་ལེན་བྱེད་དགོས་།ནུས་ཤུགས་ཆེན་པོས་ཏང་དོན་དང་སྲིད་དོན།གྲོང་སྡེའི་ནོར་དོན་སོགས་ཡོངས་བསྒྲགས་བྱེད་པ་དང་།དུས་ཐོག་ཏུ་དབུལ་སྐྱོར་རྣམ་གྲངས་དང་མ་དངུལ་བེད་སྤྱོད། གྲོང་སྡེ་རིམ་པའི་ནོར་སྲིད་གཏོང་ཡོང་། གྲོང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་། ཞིང་སྡེའི་རྣམ་པ་གསར་པའི་རྒན་གསོ་ཉེན་འགོག་འགན་ལེན་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་སྲིད་ཇུས་དམངས་ཀྱི་སེམས་སུ་འཇུག་པར་འགན་སྲུང་བྱེད་དགོས།   མང་ཚོགས་ཀྱི་ལྟ་སྐུལ་དབང་ཆ་ལ་སྲུང་སྐྱོང་བྱེད་དགོས།དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན།ཆེད་རམས་པ་དང་དེ་བཞིན་དུ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་ཏང་ཨུ་དང་སྲིད་གཞུང་གི་གལ་ཆེའི་ཐབས་ཇུས་ལ་དམངས་གཙོ་གྲོས་མོལ་དང་ལྟ་སྐུལ་བྱེད་པའི་ལམ་ལུགས་འཛུགས་དགོས།ལས་ཀའི་དམིགས་ཡུལ“ལྡོག་བཤོལ”དང་འགོ་ཁྲིད་ལས་བྱེད་པས་གཞུང་དོན་སྒྲུབ་པའི་དམ་བཅའི་ལམ་ལུགས་གསར་སྐྲུན་སྐུལ་འདེད་བྱས་ཏེ་སྤྱི་པའི་དབང་ཆ་སྤྱོད་པར་སྤྱི་ཚོགས་ལྟ་སྐུལ་དང་གླེང་ཕྱོགས་ལྟ་སྐུལ།ལམ་ལུགས་ལྟ་སྐུལ་བྱ་རྒྱུའི་ཐོག་བཞག་ནས་སྤྱི་ཚོགས་ལས་རིགས་ཁག་དང་མི་དམངས་མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་དང་ལེན་བྱེད་དགོས།བཞི་ནི་འགན་འཁྲི་དོན་བྱ་རྒྱུའི་ཐོག་བསམ་བློ་བཏང་ནས་སྐྱོན་ཞིབ་ཡོ་བསྲང་བྱ་རྒྱུའི་ནང་རྐྱེན་འཛུགས་དགོས།སྐྱོན་ཞིབ་ཡོ་བསྲང་བྱ་རྒྱུ་ནི་ལས་ཀ་ལེགས་སུ་གཏོང་ཡས་ཀྱི་སྨན་ཆ་ཡག་པོ་ཞིག་ཡིན་པ་རེད། གནད་དོན་དང་འཕྲད་དུས་མི་གཡོར་བ། མི་གབ་པ།དཀའ་ངལ་དང་འཕྲད་དུས་ཟུར་ནས་མི་འགྲོ་བ།རྣམ་གཡེང་མི་བྱེད་པ་བཅས་བྱེད་དགོས།ཁུལ་དང་རྫོང་གིས་མང་ཚོགས་ལས་ཀའི་སྐྱོན་ཞིབ་ཉན་ཞུ་བྱ་རྒྱུའི་ལམ་ལུགས་འཛུགས་དགོས།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་དང་སྐྱིན་གསབ་བྱེད་དགོས།དུས་བཀག་མེད་པར་མང་ཚོགས་ལས་ཀར་ལྟ་ཞིབ་ཁྲིད་སྟོན་བྱས་པ་དང་དུས་ཚོད་འཚམ་པའི་ནང་འཐེན་ཞིབ་བྱས་ཏེ་གནས་ཚུལ་ཁོང་དུ་ཆུད་པ་བྱེད་དགོས་པས་མ་ཚད།དུས་བཀག་ནང་བྱེད་སྒོ་ཆེན་པོ་དྲུག་གི་འཕེལ་ཚུལ་ཡོངས་བསྒྲགས་བྱས་ཏེ་རིམ་པ་རེ་རེ་བཞིན་གནད་དོན་ཞིབ་རྩད་བྱས་པར་མ་ཟད་ཡོ་བསྲང་བྱ་རྒྱུའི་ལམ་ལུགས་འཛུགས་དགོས།མང་ཚོགས་ལས་ཀར་ཕྱོགས་བསྡོམས་བྱེད་དུས་གནད་དོན་མང་ཙམ་བཤད་པ་དང་ཐབས་ཤེས་འདོན་པ། བྱེད་ཐབས་གཏན་འཁེལ་བཅས་བྱེད་དགོས། དུས་རྒྱུན་རང་བཞིན་གྱི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་བྱེད་སྒོ་སྤེལ་ནས་ལས་བྱེད་པ་ཁ་ཤས་ཀྱིས་མང་ཚོགས་ལས་ཀའི་བསམ་བློ་ལས་དོན་ཐད་ངོས་འཛིན་དང་ཕྱོགས་ལྷུང་མི་འདང་ས་ཡོད་ཅིང་།སེམས་ཐག་གཙང་བཅད་ཀྱིས་མི་ཁ་ཤས་ཀྱིས་སྔོན་ཆད་བྱས་རྗེས་ཕྲན་བུ་ཐོབ་པར་དགའ་སྣང་སྐྱེ་བ་དང་།རང་འུད་རང་སྟོད།རང་ཉིད་ཡི་རངས།རང་གི་ཚོར་སྣང་ཡག་པོ་ཡིན་པའི་རང་ཞེན།རང་བསྟོད་ཀྱི་རྣམ་པ་ཡོ་བསྲང་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དྲེགས་མེད་ཁེངས་སྐྱང་གི་དར་སྲོལ་ཡག་པོ་ཞིག་ཆགས་པ་བྱེད་དགོས།ལྔ་ནི་ལས་ཀའི་ཐད་ཕན་འབྲས་དངོས་ཐོབ་པར་བསམ་བློ་བཏང་ནས་ལས་ཆོད་གླ་ཕོགས་ལ་དཔྱད་ཞིབ་ཚད་བསྡུར་གྱི་ནང་རྐྱེན་འཛུགས་དགོས།མང་ཚོགས་ལས་ཀའི་དཔྱད་ཞིབ་ཚད་བསྡུར་བྱེད་སྐབས།དམིགས་ཚད་ཇུས་འགོད་ཐོག་རྩ་འཛུགས་དང་སྤྱི་ཚོགས།མང་ཚོགས་ཀྱི་གདེང་འཇོག་བཅས་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱེད་དགོས།ཁྱད་པར་དུ་མང་ཚོགས་ཀྱིས་འབྲེལ་བ་བྱེད་སའི་མི་དང་འབྲེལ་བ་བྱེད་སའི་ལས་ཁུངས་ལ་གདེང་འཇོག་བྱ་རྒྱུ་དེ་ནང་དོན་གཙོ་བོར་འཇོག་དགོས།དཔྱད་ཞིབ་བྱ་རྒྱུའི་ཐད་ཁྱབ་ཁོངས་སོ་སོར་ཁྱབ་ཐུབ་པ་བྱེད་དགོས།མང་ཚོགས་ཀྱི་ལས་ཀ་དེ་འགོ་ཁྲིད་ཚོ་པའི་ལོ་འཁོར་གྱི་དཔྱད་ཞིབ་ཚད་བསྡུར་བྱེད་པ་དང་འབྲེལ་ལམ་འཛུགས་དགོས་ཤིང་།ལས་ཁུངས་ཀྱི་ལོ་འཁོར་དམིགས་ཡུལ་གྱི་དཔྱད་ཞིབ་བྱེད་པ་དང་ལས་བྱེད་པར་བྱ་དགའ་ཆད་འགེལ་བྱེད་པ་དང་འབྲེལ་ལམ་འཛུགས་དགོས།དོན་ལས་ལས་ཁུངས་ལས་བྱེད་པའི་གོ་གནས་དང་གོ་མིང་དང་འབྲེལ་ལམ་འཛུགས་དགོས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ལས་ཀར་དཔྱད་བསྡུར་འདེམས་བསྐོ་དང་གཟེངས་བསྟོད་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་དང་།གཟེངས་བསྟོད་ཐོབ་ཅིང་ཆ་རྐྱེན་མཐུན་པའི་ལས་བཟོར་འགན་རིམ་ཐོབ་ཐང་གི་གཟིངས་སྐྱོང་བྱ་རྒྱུ་ཡིན་པ་མ་ཟད།ད་དུང་སྔོན་ཐོན་ལ་གོ་གནས་སྤར་ནས་གལ་ཆེ་སར་བསྐོ་གཞག་བྱ་རྒྱུ།སྐབས་འཕྲལ་ཁུངས་འཁྱོལ་ཙམ་བྱེད་པ་དང་།འགན་ཤོར་དང་ལས་འཛོལ་ཤོར་བ།ལས་ཀ་ཐག་གཅོད་དང་བཀོད་སྒྲིག་བྱེད་སྟངས་མི་འོས་པའི་རྐྱེན་གྱིས་ཤུགས་རྐྱེན་ཚབས་ཆེན་དང་མཐའ་འབྲས་ཚབས་ཆེན་བཟོས་པའི་འབྲེལ་ཡོད་ཀྱི་འགོ་ཁྲིད་དང་ཐད་ཀའི་འགན་ཁུར་པར་ཐག་གཅོད་གཟབ་ནན་བྱ་རྒྱུ་ཡིན་པ།དཔྱད་ཞིབ་བྱས་ནས་ཞན་པ་ཙམ་ཡིན་པའི་ཚོ་པ་དང་མི་སྒེར་ལ་ཁ་ཏ་བསླབ་བྱ་དང་གླེང་མོལ་བྱས་ཏེ་དུས་བཀག་ལྟར་ལེགས་བཅོས་ཀྱི་བསམ་འཆར་འདོན་པ་དང་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་རྒྱུ།ཁུལ་ཨུས་ད་ལོའི་ཟླ་བ7པ་ནས་བཟུང་ཤུགས་ཆེན་པོས་ལས་ཁུངས་ཀྱི་ལས་བྱེད་པའི་ཀུན་སྤྱོད་ལེགས་སྒྲིག་ཆེན་པོ་བྱ་རྒྱུ་དང་།ཉེས་གཅོད་དང་བཀག་འགོག་མ་ལམ་འཛུགས་རྒྱུའི་ཚན་རིག་གི་རང་བཞིན་དང་།  མ་ལག་གི་རང་བཞིན།དམིགས་སའི་རང་བཞིན།སྒོ་འབྱེད་རང་བཞིན་བཅས་ལ་དོ་སྣང་བྱས་ཏེ་སྤྱི་ཡོངས་ཀྱི་མིག་རྒྱང་དང་།མ་ལག་གི་བྱེད་ཐབས་སྤྱད་དེ་ཉེས་གཅོད་དང་བཀག་འགོག་གི་མ་ལག་ལ་ཚད་མཐོའི་ཇུས་འགོད་དང་ཚན་རིག་ལ་བརྟེན་ནས་འཆར་གཞི་གཞག་རྒྱུ།   དྲུག་ནི་གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱ་རྒྱུར་དམིགས་ནས་སྡེ་ཚན་བར་ཕན་ཚུན་སྐུལ་ཁྲིད་བྱེད་རེས་བྱེད་པའི་ནང་རྐྱེན་འཛུགས་དགོས།གླེང་ཕྱོགས་སྔོན་དུ་སྤྱོད་པར་རྒྱུན་འཁྱོངས་བྱས་ཏེ་ཕན་ནུས་ལྡན་པའི་སྒོས་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་བྱས་ཤིང་།  དྲིལ་བསྒྲགས་བྱེད་ཕྱོགས་ཁོང་དུ་དམ་པོར་ཆུད་པ་དང་།བརྗོད་བྱ་གཙོ་བོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ།མ་སྐུལ་དང་བླངས་ཀྱིས་ལས་ཀ་སྒྲུབ་པ་བཅས་ནི་མང་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་ཐུབ་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན།ཁུལ་ཡོངས་ཀྱི་མཚམས་སྦྱོར་ལས་ཁུངས་ཀྱིས་ཆེད་སྒྲིག་ལས་ཚན་གཉེར་ནས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས།ཡང་དག་པའི་བསམ་བློ་སྤྱད་དེ་མང་ཚོགས་ལ་སློབ་གསོ་དང་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།འགན་མི་ཁུར་བའི་གཏམ་བཤད་ཀྱིས་ཁྱེར་ཡོང་བའི་ཤུགས་རྐྱེན་ངན་པ་དང་མང་ཚོགས་ཀྱི་ལས་ཀར་ཁྱེར་ཡོང་བའི་རང་དབང་ཤོར་བ་རིགས་སྔོན་འགོག་བྱེད་དགོས།ཧུར་ཐག་གིས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་ཆེན་པོ་བྱས་པའི་གནད་དོན་ལ་ཨ་ལན་སློག་དགོས་ཤིང་།མ་སྐུལ་དང་བླངས་ཀྱི་རྣམ་འགྱུར་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་བྱེད་དགོས།ལྷག་བསམ་རྣམ་དག་གི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས།ཁྲོམ་བསྒྲགས་དྭངས་གསལ་དང་དངོས་དོན་གཉེར་ཞིང་ཕན་ནུས་ལྡན་པའི་སྒོས་དྲིལ་བསྒྲགས་བྱས་ཏེ་གཏམ་འཁྱར་སྒྲོག་པར་བཀག་འགོག་བྱེད་དགོས།  ཤུགས་ཆེན་པོས་འགན་མི་ཁུར་བའི་གཏམ་འཁྱར་བཤད་པ་དང་།  ཆ་སྣོན་ཡ་སྣོན་གྱིས་གཏམ་འཁྱར་བརྒྱུད་བཤད་བྱེད་པ།དབྱེ་བ་མི་ཕྱེ་ནས་གཏམ་འཁྱར་བཤད་པར་ཡིད་ཆེས་བྱེད་པ་སོགས་ཀྱི་གནས་ཚུལ་མེད་པར་བཟོ་དགོས།ལྔ་པ།བསམ་པ་རྣམ་དག་གིས་མང་ཚོགས་ཀྱི་ལས་ཀར་སྐུལ་འདེད་གཏོང་བར་བྱས་རྗེས་བསྐྲུན་དགོས།འཛམ་གླིང་ཡོངས་ཀྱི་ཀུན་སྤྱོད་བཟང་པོ་ནི་ལྷག་བསམ་རྣམ་དག་ལས་ལྷག་པ་མེད།ལྷག་བསམ་རྣམ་དག་ནི་ཐོག་མཐའ་བར་གསུམ་དུ་ཡིད་མོས་དམ་སྲུང་ཡིན་པ་དང་།བརྟན་ཞིང་འགྱུར་བ་མེད་པའི་ཕུགས་བསམ་གྱི་བརྩོན་ལེན་ཡིན་པ།དམངས་ཀྱི་ཆེད་དུ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བརྩེ་སེམས་ཡིན་པ།ཁུལ་ཡོངས་ཀྱི་ལས་བཟོ་ཐམས་ཅད་ཀྱིས་ངེས་པར་དུ་ཆབ་སྲིད་གཤིས་ཀའི་བློ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་།ལྷག་བསམ་རྣམ་དག་གིས་གཤིས་ཀ་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།སེམས་ཐག་གཙང་བཅད་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུའི་ཇུས་བཀོད་དང་འཆར་འགོད་ཀྱི་ཐོག་ཚད་མཐོན་པོར་གཅིག་གྱུར་ཡོང་བ་བྱེད་དགོས།ཏང་ལ་ལྷག་བསམ་དག་པ་དང་།  རྒྱལ་ཁབ་ལ་ལྷག་བསམ་དག་པ།  མི་དམངས་ལ་ལྷག་བསམ་དག་པ།བློ་སྒྲིམ་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་དང་མཛའ་བརྩེ་ཟབ་མོ་འཛུགས་དགོས།མང་ཚོགས་ཀྱི་ལས་ཀ་དེ་ལྡེ་མིག་ཅིག་བྱེད་དགོས།རང་ཁུལ་ལ་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་པའི་ལྗོངས་རྒྱུ་དང་།ནུས་ཁུངས།གཏེར་ལས་སོགས་མཐུན་རྐྱེན་ཐུན་ཁུངས་ལྡན་པ།ཁུལ་ཡོངས་ཀྱི་ནུས་ཤུགས་བཏོན་ནས་མང་ཚོགས་ཀྱི་ལས་ཀ་རྩ་བར་ཚུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ནི་མང་ཚོགས་ཀྱི་ལས་ཀ་དེ་དཀར་མཛེས་ཁུལ་གྱི་མཐུན་རྐྱེན་ཐོན་ཁུངས་དེ་མི་དམངས་ཕྱུག་འགྱུར་ཡོང་བའི་ལྡེ་མིག་ཅིག་ཏུ་འགྱུར་བ་དང་།དཀར་མཛེས་ཁུལ་གྱི་མི་དམངས་ལ་འཆམ་མཐུན་བདེ་སྐྱིད་ཀྱི་འཚོ་བ་རོལ་འཇུག་ཐུབ་པའི་ལྡེ་མིག་ཅིག་ཏུ་འགྱུར་བའི་རེ་བ་ཡིན།འདི་འདྲའི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ་མིན་གྱི་གནད་འགག་ནི་ལས་བྱེད་པར་ཐུག་པས།ང་ཚོས་ལྡེ་མིག་དེ་ཡག་པོ་སྤྱད་དེ་མང་ཚོགས་ཀྱི་བསམ་ཚུལ་ཤེས་ཏེ་མང་ཚོགས་ལ་ང་ཚོའི་བསམ་པ་རྣམ་དག་དང་སེམས་རྣལ་དུ་ཕབ་པ་ཤེས་སུ་འཇུག་དགོས།འདི་འདྲ་མ་བྱེད་ན།ང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་དུ་གྱུར་ངེས་དང་ལོ་རྒྱུས་ཀྱིས་མཆིལ་མ་ལྟར་འདོར་རྒྱུ་རེད།མང་ཚོགས་ཀྱི་ལས་ཀ་དེ་གོམས་གཤིས་ཤིག་ཏུ་བྱེད་དགོས། མང་ཚོགས་ཀྱི་ལས་ཀ་ཁུལ་ཡོངས་སུ་ཁྱབ་དགོས་པས་ལས་སླ་མོ་མིན་པ།  ལྕགས་ཟམ་ཁའི་རྡོ་རིང་ཐོག་ཡི་གེ་འདི་འདྲ་བྲིས་ཡོད་པ་སྟེ།“ལས་དོན་ཆེ་ཆུང་གང་བསྒྲུབས་ན།  དམངས་ལ་ཕན་པའི་རེ་བ་འཆང།  མཛད་རྗེས་དཀའ་སླ་གང་བསྐྲུན་ན།  ཡུན་བརྟན་ཡོང་རྒྱུར་བསམ་བློ་གཏོང”།ང་ཚོར་ངེས་པར་དུ་རྒྱུན་འཁྱོངས་ལྷོདམེད་ཀྱི་སྙིང་རུས་ཡོད་དགོས་ཤིང་།ངེས་པར་དུ་བསམ་མནོ་གང་མང་གཏོང་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཡོད་དགོས། མང་ཚོགས་ཀྱི་ལས་ཀ་དེ་རི་བོ་ཐའེ་ཧྲན་ལས་ལྗི་་བ་བྱེད་དགོས།  ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ལ“འཁྱག་ལྟོགས་མྱོང་མཁན་ཡོད་ན་དེར་སེམས་ཁྲལ་བྱེད་པ་དང་།  དཀའ་སྡུག་མྱོང་མཁན་ཡོད་ན་དེར་སེམས་སྡུག་བྱེད་པ།  དགའ་པོ་བྱེད་མཁན་ཡོད་ན་དེའི་དོན་དུ་དགའ་བ།ཕྱུག་འགྱུར་ཡོང་མཁན་ཡོད་ན་དེའི་དོན་དུ་སྤྲོ་བ”བྱེད་པའི་བརྩེ་སེམས་ཟབ་མོ་ཁྱེར་དགོས།མང་ཚོགས་དང་མཉམ་གཤིབ་དང་ཕན་ཚུན་རྒྱུས་ཤེས་པ་དེ་འཚོ་བའི་སྤྲོ་སྐྱིད་དང་མི་ཚེའི་བརྩོན་ལེན་བྱེད་དགོས།ཉིན་གསུམ་མང་ཚོགས་དང་མ་ཐུག་ན་ཁོ་ཚོར་སེམས་ཁྲལ་བྱེད་པ་དང་།ཉིན་གསུམ་མང་ཚོགས་ཀྱི་དོན་དག་འདྲི་རྟོག་བྱེད་མེད་ན་དེ་ཚོའི་དཀའ་གནད་དྲན་པ།དུས་ནམ་ཡང་མང་ཚོགས་ཀྱི་གྲོས་གཞི་སེམས་སུ་ངེས་པ་དང་ལག་ཐོག་བཟུང་ནས་མང་ཚོགས་ཀྱི་ལས་ཀ་དེ་མ་སྐུལ་དང་ལེན་དང་།  རྒྱུན་ལྡན་ལས་ཀ།  གོམས་གཤིས་བཅས་སུ་འགྱུར་ཐུབ་པ་བྱེད་དགོས། མང་ཚོགས་ཀྱི་ལས་དོན་སྒྲུབ་རྒྱུ་དེ་ཞུ་ཐབ་ཅིག་ཏུ་འགྱུར་བ་བྱེད་དགོས།མང་ཚོགས་ཀྱི་ལས་དོན་ནི་ལས་བྱེད་པའི་འཇོན་ཐང་སྦྱོང་བརྡར་དང་ལས་བྱེད་པ་ན་སོན་པར་རོགས་རམ་བྱེད་པའི་ཐབ་ཞུ་ཞིག་ཡིན།ང་ཚོས་བསམ་པ་རྣམ་དག་གིས་མང་ཚོགས་དགེ་རྒན་དུ་བསྟེན་ནས་མང་ཚོགས་ནི་ངོ་མའི་དཔའ་བོ་ཡིན་ལ། ང་ཚོ་ནི་བྱིས་པ་བགད་མོ་སློང་དགོས་པ་ཞིག་ཡིན། གྲོང་གསེབ་དུ་ཟབ་ཞུགས་བྱས་ཤིང་ཞིང་ཁར་བསྐྱོད་དེ་མང་ཚོགས་དང་མཉམ་འདུགམཉམ་ཟ།མཉམ་ལས་བྱེད་དགོས།སྲིད་སྐྱོང་གང་འདྲ་བྱེད་དགོས་པ་མང་ཚོགས་ལ་འདྲི་བ་དང་དགོས་མཁོ་གང་འདྲ་ཡོད་པ་མང་ཚོགས་ལ་འདྲི་བ།འཆར་གཞི་གང་འདྲ་བཞག་པ་མང་ཚོགས་ལ་དྲིས་ནས་མང་ཚོགས་ལས་དོན་གྱི་སློབ་གྲྭ་ཆེན་མོའི་ནང་བློ་གྲོས་དང་ལེན་བྱས་ཤིང་ནུས་པ་མཐོ་རུ་གཏོང་དགོས།མང་ཚོགས་ཀྱི་ལས་དོན་དེ་ཏང་གི་རང་བཞིན་སྦྱོང་བརྡར་བྱེད་པའི་ཐབ་ཞུར་བྱེད་དགོས།དཀའ་སྡུག་ཆེ་བའི་མང་ཚོགས་ལས་དོན་གྱི་མདུན་ལམ་དུ་མི་ཚེའི་རིན་ཐང་མངོན་དགོས།མང་ཚོགས་ཀྱི་ལས་དོན་སྒྲུབ་རྒྱུ་དེ་དར་ཆ་ཞིག་ཏུ་འགྱུར་བ་བྱེད་དགོས།རྔམ་རྔམ་བརྗིད་བརྗིད་ཀྱི་མང་ཚོགས་ལས་དོན་གྱི་དཔུང་སྡེ་དེ་ཁམས་པའི་ས་གཞིའི་ཁྱོན་ཡོངས་སུ་ཕྱིན་ཏེ་གཞུང་དོན་ལས་སྒྲུབ་ཡོད་ཚད་དེ་སེམས་བཟང་བརྒྱུད་སྤྲོད་བྱེད་མཁན་དུ་འགྱུར་ཞིང་། ཚང་མ་ནི་ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་ཡིན་ལ། ཚང་མ་ནི་དཀའ་ངལ་དང་སེམས་སྡུག་སེལ་མཁན་ཡིན།ང་ཚོས་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིམས་ཏེ་མང་ཚོགས་ཀྱི་ལས་དོན་གསོན་ཉམས་དོད་པོའི་སྒོ་ནས་སྐུལ་འདེད་བྱེད་དགོས།ང་ཚོས་གཅེས་སེམས་དང་འགན་སེམས་ཁུར་ནས་ནུས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིམས་ནས་ལྟ་ན་སྡུག་པའི་མང་ཚོགས་ལས་དོན་སྒྲུབ་པའི་དར་ཆ་ཞིག་ཆགས་པ་བྱེད་དགོས།དར་ཆ་དེ་ཁམས་པའི་བུ་དང་བུ་མོའི་སེམས་ལ་ཆགས་ཏེ་རླུང་གིས་བསྐྱོད་ནས་དཀར་མཛེས་ཁུལ་གྱི་ས་གཞི་རུ་གཡུགམང་ཚོགས་ཀྱི་ལས་དོན་སྒྲུབ་རྒྱུ་དེ་རྡོ་རིང་ཆེན་མོ་ཞིག་ཏུ་འགྱུར་བ་བྱེད་དགོས། མང་ཚོགས་ཀྱི་ལས་དོན་ཡོངས་ལ་ཁེབས་པ་བྱ་རྒྱུ་དེ་ཚོད་ལྟ་ཞིག་མིན། དེ་ཁུལ་ཡོངས་ཀྱི་རྫོང་ཁག་གི་མངའ་ཁོངས་ཚང་མར་གལ་ཆེ་ཆུང་དང་སྔོན་རྗེས།དཔེ་མཚོན་བྱ་ཡུལ་དང་ཁྱབ་གདལ་བྱ་ཡུལ་བཅས་ཀྱི་དབྱེ་བ་གང་ཡང་མེད།ཁུལ་ཨུས་གུང་ཁྲན་ཏང་ཡོན་ཚང་མརབླང་བྱ་བཏོན་དོན།ནམ་ཡིན་ཡང་བསམ་པ་རྣམ་དག་གིས་ཏང་གི་གཤིས་རྒྱུད་བརྟན་སྲུང་བྱེད་དགོས་ཤིང་མི་དམངས་མང་ཚོགས་དང་བབ་ཆགས་ཀྱི་བརྩེ་དུང་འབྲེལ་བ་འཛུགས་རྒྱུ་དེ་མི་ཚེའི་ཕུགས་འདུན་དུ་བཅོལ་ཏེ་མཛེས་སྡུག་སྐྱེ་ཁམས་ལྡན་པའི་དཀར་མཛེས་ཁུལ་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་འཛུགས་རྒྱུ་དེ་འགྱུར་མེད་དམ་བཅའི་དམིགས་འབེན་བྱེད་དགོས།ནམ་ཡིན་རུང་སྤྲོ་སེམས་ཀྱི་ངང་ནས་འཇུག་ཅིང་འབད་འབུངས་ལྷོད་མེད་ཀྱིས་དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་བྱས་ཏེ་སྔོན་དུ་བསྐྱོད་དགོས།དཀར་མཛེས་ཁུལ་གྱི་དམངས་འཚོ་ལེགས་བཅོས་ཀྱི་མདུན་ལྗོངས་དེ་ཉིན་བཞིན་ལེགས་ཕྱོགས་སུ་བསྐྱོད་ཅིང་དཀར་མཛེས་ཁུལ་འཆམ་མཐུན་བདེ་སྐྱིད་ཀྱི་རེ་འདུན་སྔར་ཙམ་མངོན་འགྱུར་ཡོང་བ་བྱེད་དགོས།མང་ཚོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་ཁེབས་པ་དེས་དཀར་མཛེས་ལོ་རྒྱུས་ཀྱི་འཕེལ་རིམ་ཐོག་མཛེས་སྡུག་ཉམས་དགའི་ལེ་ཚན་ཞིག་བསྐྲུན།དཀར་མཛེས་ཕ་ཡུལ་གྱི་རྒན་རབས་དང་ཤ་གཉེན་སྤུན་ཟླ་རྣམས་ཀྱིས་ང་ཚོའི་རྣམ་དག་དང་འགན་ཁུར་ལ་བདེན་དཔང་བྱ་རྒྱུ་ཡིན་ཞིང་བརྗིད་ཆགས་སྟར་ཕྲེང་གི་གངས་རིས་དཀར་མཛེས་ཁུལ་གྱི་བུ་དང་བུ་མོ་ཁྲི་བརྒྱལྷག་གི་དགའ་སྤྲོ་དང་བདེ་སྐྱིད་ལ་བདེན་དཔང་བྱ།ཡངས་ཤིང་རྒྱ་ཆེ་བའི་ཁམས་པའི་ས་གཞིའི་ཐོག་འགྱིང་ངེར་ལངས་པའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཀྱི་རྡོ་རིང་ཆེན་མོ་ཞིག་འཛུགས་དགོས།བློ་མཐུན་རྣམ་པ།བཙན་འགག་ལྕགས་ལྟར་སྲ་མོ་རེད་ཟེར་མ་སྨོས་ཤིག།དེ་རིང་གོམ་སྟབས་ཆེན་པོས་ཡང་བསྐྱར་མགོ་ནས་སྐྱོད།ཁུལ་ཡོངས་ཀྱི་ནུས་ཤུགས་བཏོན་ནས་མང་ཚོགས་ཀྱི་ལས་དོན་ཁྱོན་ཡོངས་ལ་ཁེབས་པ་བྱ་རྒྱུ་དེ་ང་ཚོ་གཞུང་ཞབས་མི་སྣ་ཁྲི5ཡིས་གྲག་མེད་འགུལ་མེད་ཀྱིས་འབད་བརྩོན་བྱེད་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལས་དོན་སྒྲུབ་དགོས་ཤིང་། ངལ་བ་ཁྱད་བསད་ཀྱིས་བྲེལ་རྒྱུག་བྱེད་དགོས།ལམ་བར་དུ་ཚེར་མས་གང་ནའང་ང་ཚོས་ཚེར་ཤིང་རྩ་བཅད་བྱས་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དགོས།ལམ་བར་དུ་རྦ་རླབས་འཇིགས་སུ་རུང་བ་ཡོད་ནའང་ང་ཚོས་རྦ་རླབས་འགོམ་ནས་མདུན་བསྐྱོད་དང་བརྟན་བརླིང་ཨུ་ཚུགས་བྱེད་རྒྱུ་ཡིན།དཀར་མཛེས་ཁུལ་མི་དམངས་ལ་ང་ཚོའི་རྐྱེན་གྱིས་བདེ་སྐྱིད་ཡོང་རྒྱུ་ཡིན་ཞིང་དཀར་མཛེས་ཁུལ་མི་དམངས་ལ་ང་ཚོའི་རྐྱེན་གྱིས་ང་རྒྱལ་བྱེད་ཆོག་རྒྱུ་ཡིན་ལ།དཀར་མཛེས་ཁུལ་མི་དམངས་ལ་ང་ཚོའི་རྐྱེན་གྱིས་སྤོབས་པ་སྐྱེད་ཆོག་པ་བྱེད་དགོས།
 
  • ལེ་ཚན་སྔོན་མ།:ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བཅས་བར་གྱི་གློག་དྲ་སྦྲེལ་མཐུད་ཀྱི་ལས་གྲྭ་ལས་འགོ་ཚུགས་པའི་མཛད་སྒོའི་པར་རིས
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་སྐབས་བཅུ་པའི་ཚང་འཛོམས༼རྒྱས་འཛོམས།༽གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།