ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ལ་བསྡོམས་པས་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར་དུང་ཕྱུར99.7འབྱོར་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར        2013-11-06

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གནོད་ཕྱིའི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2010ལོའི་སྤྱི་ཟླ4བར་ཡུས་ཧྲུའུ་ལ་ས་འགུལ་ཆེན་པོ་བྱུང་ནས་ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ལ་བསྡོམས་པས་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར་དུང་ཕྱུར99.7འབྱོར་ཡོད།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་མ་དངུལ་ལྟ་སྐུལ་དོ་དམ་ཚན་ཆུང་གི་ཚན་གཙོ་དང་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཁྲིན་ཧྥིན་གྱིས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་ཞིང་ཆེན་ལ་ཞལ་འདེབས་འབྱོར་བའི་སྤྱི་ཚོགས་མ་དངུལ་ཁྲོད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར34.71བསྡུ་ལེན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མ་དངུལ་སྒོར་དུང་ཕྱུར26.1བསྡུ་ལེན་བྱས་ལ། མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱི་ཁྱབ་ཚོགས་པས་མ་དངུལ་སྒོར་དུང་ཕྱུར27.5བསྡུ་ལེན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར11.39བསྡུ་ལེན་བྱས།

སྤྱི་ཚོགས་ཞལ་འདེབས་མ་དངུལ་ཁྲོད་སྒོར་དུང་ཕྱུར15.5གནོད་ཐེབས་མང་ཚོགས་ཀྱི་གནས་སྐབས་རོགས་སྐྱོར་ཐད་ལ་བཀོལ་ཞིང་། མ་དངུལ་སྒོར་དུང་ཕྱུར84.2གནོད་ཕྱིའི་བསྐྱར་འཛུགས་ཁྲོད་ཀྱི་ལས་གཞི་ཐད་ལ་བཀོལ་ཡོད།

ཁྲིན་ཧྥིན་གྱིས་བཤད་རྒྱུར། དངུལ་གཏོང་འཆར་འགོད་དང་ལས་གཞིའི་འཕེལ་ཚུལ་ལ་གཞིགས་ན། མིག་སྔར་བསྡོམས་པས་སྤྱི་ཚོགས་ཞལ་འདེབས་མ་དངུལ་སྒོར་དུང་ཕྱུར81.42རྩིས་སྤྲོད་བྱས་ཡོད་པ་དང་། དེས་འབྲེལ་མཐུད་ལས་གཞི་ལ་མ་དངུལ་གཏོང་ཚད་ཀྱི95.21%ཟིན་ཡོད། །

  • ལེ་ཚན་སྔོན་མ།:ཡུལ་ཤུལ་གྲོང་ཁྱེར་གྱི་སྒོ་བྱང་དངོས་སུ་བཀལ་བ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཡུལ་མིའི་ཆ་སྙོམས་མི་རེའི་བཅོལ་དངུལ་སྒོར་ཁྲི་ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།