རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 2012-07-25
ཟླ7པའི་ཚེས22ཉིན། ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རོགས་འཛུགས་བྱས་པའི་ཀྲུང་ཁོང་རྒྱལ་ཁབ་ཀྱི་མཛའ་མཐུན་སློབ་ཆུང་བཟོ་སྐྲུན་ལེགས་འགྲུབ་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་སྤེལ། རྒྱུས་ལོན་པ་ལྟར་ན། 2011ལོའི་ཟླ2པར་ཁོང་ཀོ་རྒྱལ་ཁབ་ཀྱིས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་ལ་མི་དམངས་ཤོག་སྒོར་ཁྲི1600ཡི་ཞལ་འདེབས་གནང་སྟེ། ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་གི་ཀྲུང་ཁོང་མཛའ་མཐུན་སློབ་ཆུང་ལས་གཞི་འཛུགས་སྐྲུན་ཐད་བཀོལ། མིག་སྔར་ལེགས་འགྲུབ་བྱས་པའི་ཀྲུང་ཁོང་མཛའ་མཐུན་སློབ་ཆུང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ42625ཡོད་ལ། གནོད་སྐྱོན་མ་བྱུང་སྔོན་གྱི་སློབ་གྲྭའི་རྒྱ་ཁྱོན་གྱི་ལྡབ4ལྷག་ཡིན། སློབ་གྲྭའི་མལ་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ10483ཡོད་ལ་གནོད་སྐྱོན་མ་བྱུང་སྔོན་གྱི་རྒྱ་ཁྱོན་གྱི་ལྡབ7ལྷག་ཡིན། དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་དང་ཕྱོགས་བསྡུས་ཚོད་ལྟའི་ཐོག་ཁང་། ཟ་ཁང་། སློབ་མ་དང་དགེ་རྒན་ལས་བཟོ་བའི་མལ་ཁང་། ཚད་ལྡན་ཅན་གྱི་ལྒང་ལི་ར་བ་དང་ལུས་རྩལ་ར་བ་བཅས་འཛུགས་སྐྲུན་བྱས་ཡོད་ལ། སློབ་མ240ལྷག་ཤོང་ཐུབ། སློབ་གྲྭ་དེ་ད་ལོའི་ཟླ9བར་དངོས་སུ་བཀོལ་སྤྱོད་བྱེད་འགོ་རྩོམ་རྒྱུ་རེད། །
ཟླ7པའི་ཚེས22ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཀྲུང་ཁོང་མཛའ་མཐུན་སློབ་ཆུང་གི་ལོ་རིམ་གཉིས་པའི་སློབ་མ་སློབ་ཁང་ནང་ཡོད་པ།
ཟླ7པའི་ཚེས22ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཀྲུང་ཁོང་མཛའ་མཐུན་སློབ་ཆུང་གི་དགེ་རྒན་གྱིས་ལེགས་འགྲུབ་འཛད་སྒོའི་སྟེང་ཞབས་བྲོ་འཁྲབ་བཞིན་པ།
ཟླ7པའི་ཚེས22ཉིན་པར་བླངས་བའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཀྲུང་ཁོང་མཛའ་མཐུན་སློབ་ཆུང་།
ཟླ7པའི་ཚེས22ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཀྲུང་ཁོང་མཛའ་མཐུན་སློབ་ཆུང་གི་སློབ་མ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་བཞིན་ཡོད་པ།
ཟླ7པའི་ཚེས22ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཀྲུང་ཁོང་མཛའ་མཐུན་སློབ་ཆུང་གི་སློབ་མས་སློབ་ཁང་ནང་དཔེ་ཆར་ལྟ་བཞིན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10