ཚེ་རིང་རྒྱ་མཚོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-06-05
ཡུས་ཧྲུའུ་ཁུལ་གྱིས་ས་གནས་སོ་སོའི་ནགས་ཚལ་གྱི་ཁེབས་ཚད་དང་ནམ་ཟླའི་ཆ་རྐྱེན་ལ་ཟུང་འབྲེལ་བྱས་ཏེ། ནགས་བསྐྲུན་ལྗང་སྒྱུར་གྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། 2012ལོ་ནས2016ལོ་བར་གྱི་ནགས་བསྐྲུན་ལྗང་སྒྱར་གྱི་འཆར་གཞི་གཏན་འབེབས་བྱེད་པ་དང་རྫོང་སོ་སོའི་དོན་ལ་དངོས་གཞིར་བཟུང་སྟེ། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ཕྱིན་ཆད་ལོ8ཀྱི་འཕེལ་རྒྱས་དང་དོ་དམ་ལ་གཅིག་གྱུར་གྱིས་བསམ་བློ་བཏང་ཞིང་། ཆེ་ཕྱོགས་ནས་ལོ8འཛུགས་སྐྲུན་ཇུས་གཞི་བཀོད་སྒྲིག་ལེགས་པོ་དང་། རྨང་གཞིའི་སྒྲིག་ཆས་དང་ནུས་པའི་འཛུགས་སྐྲུན་ལ་དོ་སྣང་བྱས་ཏེ། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་རིམ་པ་གཉིས་པའི་འཆར་འགོད་བྱ་བ་ལེགས་པོར་བསྒྲུབ་པར་ཚན་རིག་ལྟར་བཀོད་སྒྲིག་བྱས། གཞན་ཡང་། ཡུས་ཧྲུའུ་ཁུལ་གྱིས་ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལྟ་ཞིབ་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ་། ནུས་ཤུགས་ཡོད་དགུ་བཏོན་ནས་གྲུབ་ཆ་གཙོ་བོའི་བཅོས་སྒྱུར་མཇུག་བསྡུ་བ་དང་ཞིབ་བཤེར་ཚད་ལེན་ལོའི་བྱ་བ་སྣ་ཚོགས་ལེགས་པོ་བསྒྲུབས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10