ཡུས་ཧྲུའུ་ཁུལ་གྱི་དབྱར་རྩྭ་དགུན་འབུའི་འགྲེམ་འཚོང་ཚོགས་འདུ་མཇུག་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-07-30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་འདུ་དེ་ཉིན་གསུམ་རིང་གི་བྲེལ་འཚུབ་དང་གོ་རིམ་ལྡན་པའི་འགྲེམ་སྟོན་དང་།ཚོང་གཏམ་བརྗེ་རེས་བརྒྱུད་དེ་རྒྱལ་ཁའི་ངང་མཇུག་བསྡུས་པ་དང་།གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་ལོ་རེར་སྒོར་ཁྲི2000བཏང་ནས་ཆེད་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་དབྱར་རྩྭ་དགུན་འབུའི་འགྲེམ་འཚོང་ཁྲོད་ཞུགས་པའི་ཁེ་ལས་དང་ཚོང་བ་ཚོས་བརྗེ་རེས་དང་མཉམ་ལས་ཚོང་གཏམ་རྒྱ་ཆེར་བྱས་སྟབས།མཉམ་འབྲེལ་གསར་སྤེལ་དང་དགེ་མཚན་ཁ་གསབ།མཉམ་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་བྱེད་པ་སོགས་ཀྱི་ཐད་ནས་ཐུན་མོང་གི་ལྟ་བ་གྲུབ་པར་བྱས་ནས།ཡུས་ཧྲུའུ་ཡི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཐད་སྐུལ་འདེད་བྱས།སྐབས་འདིའི་དབྱར་རྩྭ་དགུན་འབུའི་འགྲེམ་འཚོང་ཐད་ནས་མུ་མཐུད་དུ་ཁྱད་ཆོས་དང་གསར་སྐྲུན།འཕེལ་རྒྱས་བཅས་དང་།འཛམ་གླིང་གི་དབྱར་རྩྭ་དགུན་འབུའི་ཐད་ནས་ཀྲུང་གོར་བལྟ་བ་དང་ཀྲུང་གོའི་དབྱར་རྩྭ་དགུན་འབུའི་ཐད་ནས་མཚོ་སྔོན་ལ་བལྟ་བ།མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐད་ནས་ཡུས་ཧྲུའུ་ལ་བལྟ་བའི་བརྗོད་དོན་རྒྱུན་འཁྱོངས་བྱས་ནས།དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་དང་།མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་ཞོར་དུ།རང་སྟོབས་དང་དྲིན་གཟོ།བཟོད་སྒོམ།གསར་སྐྲུན།འགྲིག་མཐུན་གྱི་ཡུས་ཧྲུའུ་གསར་བ་ཞིག་ཀུན་ལ་ངོམས།
དུས་ཡུན་རིང་བོར།ཡུས་ཧྲུའུ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་ཚོང་དོན་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ།རྒྱུན་ཆད་མེད་པར་བསམ་ཕྱོགས་བསྒྱུར་བ་དང་།ངོས་ཟིན་ཇེ་མཐོར་གཏོང་བ།རྒྱལ་ཁབ་དང་ཞིང་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་མོ་བྱེད་པ་བཅས་བྱས།དེར་མ་ཟད།ཁེ་ལས་ལ་རོགས་སྐྱོར་བྱེད་པར་སྔར་ལས་ཤུགས་བསྣན་ནས།ཁེ་ལས་ཀྱི་དངུལ་གཏོང་ལས་དར་བྱེད་པའི་ཐད་ཀྱི་བརྩོན་སེམས་ཆེར་བསྐྱེད་ཆེད།ཡུས་ཧྲུའུ་ཁུལ་གྱིས་ལོ་རེར་སྒོར་བྱེ་བ་གཉིས་བཏང་ནས་ཆེད་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་སྤྱོད་བྱས་ཏེ།རང་འགུལ་གྱིས་ཐོན་སྐྱེད་ཉོ་ཚོང་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་རྒྱུ་རེད།དེ་དང་མཉམ་དུ།ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་གནས་ཚུལ་དངོས་ལ་དམིགས་ནས།ས་ཁུལ་གྱི་ཚོང་ཚོགས་དང་མཐུན་ཚོགས་མང་པོ་འཛུགས་པ་དང་།མཛུབ་སྟོན་དང་ཞབས་ཞུ།དོ་དམ་སོགས་བྱེ་བྲག་གི་བྱ་བ་བཟང་བོར་བསྒྲུབ་ནས།ས་ཁུལ་གྱི་ཚོང་ཚོགས་དང་མཐུན་ཚོགས་མང་པོརས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་འདོན་འོས་པའི་ནུས་པ་འདོན་སྤྲོད་བྱེད་དུ་འཇུག་རྒྱུ་རེད།  །
 
  • ལེ་ཚན་སྔོན་མ།:ཡུལ་ཤུལ་ཁུལ་རིག་རྩལ་གསར་གཏོད་ལྟེ་གནས་ཀྱི་སྒོ་བྱང་བཀལ།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་ནས་ཐད་ཀར་ལྷ་སར་འཕུར་ཆོག་པའི་མཁའ་ལམ་ཐོག་མ་ཡོངས་འགྲུབ་བྱས།
  • དོ་སྣང་ཆེ་བའི་རྩོམ།