དངུལ་བྱང་གཅིག་གིས་གོ་ཆོད་པའི་སྤྱི་ཚོགས་འགན་སྲུང་དངུལ་བྱང་རབས་གཉིས་པ།

སྐལ་ཐུབ་ཀྱིས་བསྒྱུར།        2014-04-24

རང་ཁུལ་གྱི་སྤྱི་ཚོགས་འགན་སྲུང་དངུལ་བྱང་རབས་གཉིས་པ་དེ2013ལོའི་ཟླ་བ8པར་རྒྱལ་ཡོངས་དང་དུས་མཉམ་བྱས་ནས་དངོས་སུ་སྤྲད་འགོ་ཚུགས་ཤིང་།ད་ལོའི་ཟླ་བ3པའི་ཟླ་འགོར་སྤྱི་ཚོགས་འགན་སྲུང་དངུལ་བྱང་རབས་གཉིས་པ་ཁྲི27ལྷག་བཟོས་པ་མ་ཚད་ཁུལ་ཡོངས་ཀྱི་ཞིང་ལས་དངུལ་ཁང་དང་ཞིང་སྡེའི་མཉམ་ལས་ཡིད་རྟོན་དངུལ་ཁང་དུ་སྤྲད་པ་རེད།སྤྱི་ཚོགས་འགན་སྲུང་དངུལ་བྱང་རབས་གཉིས་པ་ནི་རྒྱལ་རྟགས་བཀོད་ཡོད་པའི་སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་དངུལ་བྱང་ཉག་ཅིག་དེ་ཡིན་པ་རེད།རང་ཁུལ་ས་རྒྱ་ཆེ་ཞིང་མི་གྲངས་སྡོད་ས་ཁ་ཐོར་ཡིན་པས་འདི་ཟླའི་བར་དུ་བསླེབས་ཚེ་སྤྱི་ཚོགས་འགན་སྲུང་དངུལ་བྱང་རབས་གཉིས་པ་དེ་རང་ཁུལ་གྱི་མང་ཚོགས་ཁྲི10ལྷག་གི་ལག་ཐོག་སྤྲད་པ་རེད།
    སྔ་མ་ཡིན་ན་སྤྱི་ཚོགས་འགན་སྲུང་དངུལ་བྱང་སྨན་ཁང་ག་གེ་མོ་ཞིག་གི་ནང་དུ་མ་གཏོགས་སྤྱོད་མི་ཆོག་ཅིང་སྤྱི་ཚོགས་འགན་སྲུང་ནང་དུ་ཞུགས་མཁན་ཚོ་ས་ཆ་གཞན་དུ་སྨན་གཏོང་བ་དང་སྡོད་པའི་སྐབས་སུ་སྨན་རིན་སྤྲད་པ་དང་འགྲོ་སོང་རྩིས་ཞུ་བྱེད་པའི་ཚེ་སྟབས་མི་བདེ་བ་མང་པོ་བཟོ་བ་རེད།ད་ལྟ་དངུལ་བྱང་གཅིག་གིས་གོ་ཆོད་པས།དངུལ་བྱང་ཡོད་པའི་ཚེ་སྤྱི་ཚོགས་འགན་སྲུང་ནང་དུ་ཞུགས་ཤིང་ནད་ལྟ་སར་འགྲོ་དུས་མགྱོགས་ཤིང་སྟབས་བདེ་བ་ཡིན་ཞིང་མང་ཚོགས་ལ་དངོས་ཕན་ཐོབ་པ་རེད་ཅེས་དར་མདོ་རྫོང་ཉི་གཏོད་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་ཞ་ཏན་ཕིང་གིས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད་པ་རེད།
  • ལེ་ཚན་སྔོན་མ།:མགོ་ལོག་ཐོག་གྲོང་སྡེ་གསུམ་པས་རྣམ་པ་རྙིང་པ་གསར་དུ་བསྒྱུར།
  • ལེ་ཚན་རྗེས་མ།: ཧུའུ་ཁྲང་ཧྲེང་གིས་ལི་ཐང་རྫོང་དང་ཉག་ཆུ་རྫོང་སོགས་སུ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།