གནོད་སྐྱོན་ཐེབས་ཡུལ་མང་ཚོགས་ཀྱིས་མཆི་མ་འཁོར་བཞིན་དྲིན་ཅན་མི་སྣ་ཕེབས་སྐྱེལ་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2014-12-22

གནོད་སྐྱོན་ཐེབས་ཡུལ་མང་ཚོགས་ཀྱིས་མཆི་མ་འཁོར་བཞིན་དྲིན་ཅན་མི་སྣ་ཕེབས་སྐྱེལ་བྱས།

ཟླ་བ12པའི་ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད11ཐོག   དར་མདོ་རྫོང་མི་ཉག་རྫོགས་ཆེན་སློབ་གྲྭའི་སྒོ་ཁར་བཅིངས་འགྲོལ་དམག་མིར་བཀའ་དྲིན་ཆེ་ཞིང་པའི་དམག་དམངས་བར་ཕན་ཚུན་བརྩེ་དུང་ཟབ་མོ་མཚོན་པའི་སྐད་ཆས་ཡུལ་དེ་གའི་མི་ཚང་མའི་སེམས་སུ་བདེ་དྲོད་སྟེར་བ་རེད།
དར་མདོ་རྫོང་དུ་ས་འགུལ་བྱུང་རྗེས།དཀར་མཛེས་ཡན་ལག་དམག་ཁུལ་དང་ཁུལ་དུ་བཅའ་སྡོད་བྱེད་མཁན་དྲག་ཆས་ཉེན་རྟོག་དམག    ཁུལ་སྤྱི་བདེ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་བཅས་ཀྱིས་ཆུ་ཚོད་གཉིས་ཙམ་མ་འགོར་བ་རྡོ་ར་དཀར་མོ་རུ་སླེབས་ནས་རྨས་མ་སྨན་ཁང་ནང་སྐྱེལ་རོགས་བྱས་པ་དང་།འཕྲོ་ལུས་ས་འགུལ་ཡོང་བར་མི་འཛེམས་ནས་གཏོར་བཤིག་ཐེབས་པའི་ཁང་པའི་ནང་དངོས་ཟོག་ཕྱིར་མྱུར་འདྲེན་བྱས་པ་རེད།ཉིན20ལྷག་ཙམ་རིང་ལ་ཉིན་མཚན་སྦྲེལ་ནས་གུར་ཕུབ་པ་དང་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བཅས་བྱས་ནས་གུར་ཁྱོན་བསྡོམས3900ལྷག་ཙམ་ཕུབ་རོགས་བྱས་པར་མ་ཟད།ད་དུང་མལ་ཆས་དང་སྲིང་བལ་སྟོད་ཐུང་།བཟའ་བཅའ་རིགས་སོགས་རྒུད་སྐྱོབ་དངོས་རྫས་ཏུན100ཙམ་སྐྱེལ་འདྲེན་དང་བགོས་རོགས་བྱས།མཚན་མོར་ཚོ་ཆུང་བགོས་ནས་གནོད་ཐེབས་མང་ཚོགས་གནས་སྐབས་བཀོད་སྒྲིག་བྱེད་ས་དང་གནོད་ཐེབས་ཤང་དང་གྲོང་སྡེ་ལ་སྐོར་སྐྱོད་ཉེན་སྲུང་བྱས་ནས་གནོད་སྐྱོན་ཐེབས་ཁུལ་གྱི་སྤྱི་ཚོགས་བདེ་འགོད་ཡོང་བར་ཁག་ཐེག་བྱས་ཡོད།གནོད་སྐྱོན་ཐེབས་པའི་ཕྱི་ཉིན་སྔ་མོར་ཁོ་ཚོས་མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མར་ཨ་མོག་ཚ་ལྷོག་ལྷོག་དང་དྲི་ཞིམ་འཐུས་པའི་ཇ་བསྲུབས་མ་བླུགས་པ་རེད།གནོད་སྐྱོན་ཐེབས་ཡུལ་དུ་གང་ལ་དཀའ་ངལ་བྱུང་ན་ཉེན་རྟོག་པ་ཚོ་དེར་རོགས་རམ་བྱས་པར་མཐོང་རྒྱུ་ཡོད།ཉིན20ལྷག་ཙམ་རིང་གི་དུས་ཚོད་ནང་ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ།བོད་རིགས་མང་ཚོགས་ལ་བློ་དཀར་སེམས་དཀར་དང་སྒེར་སེམས་མེད་པ་འབྲོག་དམངས་ཚོར་རོགས་རམ་བྱས་པའི་སྤྱོད་བཟང་དེ་ཁམས་པའི་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་བཞིན་ཡོད་པ་རེད།།
འགུལ་འགོག་གནོད་སེལ་ཀྱི་བབ་བསྟུད་རོགས་སྐྱོབ་ལས་ཀ་མཇུག་རྫོགས་པ་དང་བསྟུན།གནོད་ཐེབས་མང་ཚོགས་ཀྱི་བར་རྒལ་བཀོད་སྒྲིག་གོ་རིམ་ཡོད་པར་སྤེལ་ཞིང་།མི་ཉག་རྫོགས་ཆེན་སློབ་གྲྭའི་ལོ་རིམ་དགུ་པའི་སློབ་མ་ཡང་དགུན་ཁའི་གུང་སེང་གཏོང་གྲབས་ཡོད་པས།ཁུལ་བཀོད་འདོམས་པུའུ་ཡིས་བཀོད་སྒྲིག་ལྟར་འགུལ་འགོག་གནོད་སེལ་ནང་ཞུགས་མཁན་དམག་དཔུང་གི་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་པ་མང་ཆེ་བ་སྒར་སར་ཕྱིར་ལོག་བཅུག་པ་རེད།དཀའ་ངལ་ཆེན་པོ་བ་བྱུང་དུས་རོགས་རམ་ཡོང་མཁན་བཅིངས་འགྲོལ་དམག་འགྲོ་རན་ཡོད་རྒྱུ་ཤེས་ནས་ལྷ་སྒང་དང་ར་རྔ་ཁ།ཝ་ཁྲལ།འགག་པ།ལྕགས་གད་སོགས་གནོད་སྐྱོན་ཐེབས་ཡུལ་གྱི་ཤང་དང་གྲོང་རྡལ་གྱི་མང་ཚོགས300ལྷག་ཙམ་དང་མི་ཉག་རྫོགས་ཆེན་སློབ་གྲྭའི་དགེ་སློབ320བཅས་ཀྱིས་གྲང་ངར་གྱི་ཁྲོད་མི་ཉག་རྫོགས་ཆེན་སློབ་གྲྭའི་སྒོ་ཁའི་ལམ་གཉིས་སུ་འགྲམ་དུ་གྲལ་བསྒྲིགས་ནས་མཆི་མ་འཁོར་བཞིན་དྲིན་ཅན་བུ་སྤུན་དམག་ལ་ཕེབས་སྐྱེལ་བྱས་པ་རེད།ལྷ་སྒང་ཤང་རྡོ་ར་དཀར་མོ་གྲོང་སྡེའི་ཐུབ་བསྟན་གྱིས་མིག་མཆི་མས་གང་བཞིན་དུ་ས་འགུལ་བྱུང་ནས་ངེད་ཚང་གི་སྡོད་ཁང་བཤིག་ལོག་སྟེ་དཀའ་ངལ་ཆེན་པོའི་ཡོང་སྐབས་བཅིངས་འགྲིལ་དམག་མི།ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་ཉེན་ཁར་མི་འཛེམས་ནས་ང་ལ་ཅ་ལག་ལེན་རོགས་དང་གུར་ཕུབ་རོགས་བྱེད་པའི་ཚེ།ང་རང་གིས་ཀྱང་ཁྱིམ་གཞིས་སྐྱར་འཛུགས་ཀྱི་སྤོབས་སེམས་ཡང་སྐྱེས་བྱུང་།དངོས་གནས་ཁོང་ཚོར་འོ་བརྒྱལ་ཆེ་ཐལ།བཀའ་དྲིན་བརྗེད་རྒྱུ་མེད་ཅེས་བཤད་པ་རེད།
  • ལེ་ཚན་སྔོན་མ།:༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་དགུ་པ་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་གིས་དར་མདོ་རྫོང་ཝ་ཁྲལ་ཤང་དུ་བར་བརྒལ་བཀོད་སྒྲིག་ལས་ཀར་ཁྲིད་སྟོན་དང་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།