རང་ཁུལ་གྱིས་ཞིང་ལས་དངོས་རྫས་རྫུན་མར་རྡུང་རྡེག་དང་དཔྱིད་རྨོས་ལས་ཀར་སྐྱོང་བའི་བྱེད་སྒོ་སྤེལ།

དབྱངས་ཅན་གྱིས་བསྒྱུར།        2014-04-22

མིག་སྔའི་དཔྱིད་རྨོས་ལས་ཀ་སྤེལ་བཞིན་པ་དང་འབྲེལ་ནས་ཁུལ་ཞིང་ལས་ཅུས་ཀྱི་ལས་སྒྲུབ་ཚོ་ཆུང་གི་ལས་སྒྲུབ་མི་སྣ་ཉེ་ཆར་སྔོན་རྗེས་སུ་དར་མདོ་དང་ལྕགས་ཟམ།དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཅུས།བརྒྱད་ཟིལ་རྫོང་ཞིང་ལས་ཉོ་ཚོང་ཚོང་ར་དང་རྫོང་དེའི་ཆུས་ཤང་དང་གྲོང་རྡལ་སོགས་ཞིང་ལས་དངོས་རྫས་བཙོང་སར་ཕྱིན་ནས།གཅིག་བསྡུས་ཀྱིས་ཞིང་ལས་དངོས་རྫས་རྫུན་མར་རྡུང་རྡེག་དང་དཔྱིད་རྨོས་ལས་ཀར་སྐྱོང་བའི་བྱེད་སྒོ་སྤེལ་བ་རེད།
    ཁྲིམས་འཛིན་མི་སྣས་ཞིང་ལས་དངོས་རྫས་ཉོ་ཚོང་ཚོང་ར་དང་ཚོང་གཉེར་བྱེད་སར་ཁྲིམས་འཛིན་ཞིབ་བཤེར་གྱི་གོ་རིམ་ལྟར།སྔོན་རྗེས་སུ་ཞིང་ལས་དངོས་རྫས་ཚོང་གཉེར་བྱེད་མཁན་60ལྷག་གི་ཚོང་གཉེར་ལག་ཁྱེར་དང་ཚོང་གཉེར་ཆོག་འཐུས་ཀྱི་དཔུང་ཡིག་ལ་ཞིབ་བཤེར་བྱས་པ་དང་།མ་རྨོས་ལོ་ཏོག་དང་ཆུ་འབྲས།ཡུངས་དཀར་སོགས་རྒྱུད་འདྲེས་ས་བོན་གྱི་ཞིབ་བཤེར་གཏན་འཁེལ་གྱི་ཨང་རྟགས་དང་ཐོན་སྐྱེད་དུས་ཚོད།ཚབ་འཚོང་ཀུང་སིའི་ཚོང་གཉེར་ལག་ཁྱེར།ཐོན་རྫས་སྤུས་ཚད་ཀྱི་ཚད་མཐུན་དཔང་ཡིགཐོན་རྫས་ཐོན་ཡུལ་གྱི་འགོས་ནད་ཞིབ་བཤེར་བྱེད་པའི་ཚད་མཐུན་དཔང་ཡིག་སོགས་ཀྱི་བསྐྱར་དཔར་དབང་ཡིག་དང་ས་བོན་ཚབ་འཚོང་གི་དབང་བཅོལ་ཡི་གེ།མངགས་བཅོལ་ཚབ་འཚོང་གི་གྲོས་གཞི།ཐོན་རྫས་ཉོ་ཚོང་གི་རྩིས་ཐོ།འབྲེལ་ཡོད་ཀྱི་འཛིན་ཡིགཞིང་སྨན་དང་ལུད་སོགས་ཞིང་ལས་དངོས་རྫས་ཀྱི་མིང་དང་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་ཨང་རྟགས།ཐོ་འགོད་འཛིན་ཡིག་གི་ཨང་རྟགས།ཐོན་རྫས་ལག་བསྟར་གྱི་དམིགས་ཚད་བཅས་ལ་ལྟ་ཞིབ་བྱས་པ་དང་།ཞིང་སྤྱོད་ཐོན་རྫས་ཉོ་འདྲེན་བྱེད་ས་དང་བྲིན་ཚོང་བྱ་ཡུལ་ལ་ཞིབ་དཔྱད་བྱས་པར་མ་ཟད།གཙོ་གནད་དུ་བཀག་སྡོམ་དང་ཚོད་འཛིན་བྱེད་པའི་ཞིང་སྤྱོད་སྨན་རྫས་ཡོད་མེད་དང་དུས་ཡོལ་གྱི་ཞིང་སྤྱོད་སྨན་རྫས།ཞིང་ལས་པུའུ་ཡིས་བརྡ་ཁྱབ་བཏང་བའི་ཚད་མི་མཐུན་པའི་ཞིང་སྤྱོད་སྨན་རྫས་སྣ་ཁ558དང་ཚད་མི་མཐུན་པའི་ཞིང་སྤྱོད་སྨན་རྫས་ཀྱི་ཤོག་བྱང་བཅས་ཡོད་མེད་ཞིབ་བཤེར་བྱེད་པ་དང་ཆབས་ཅིགཞིང་ལས་དངོས་རྫས་བྲིན་ཚོང་བྱེད་མཁན་ལ་གསོ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་བྱས་པས།སྔར་ལས་ལྷག་པར་ཞིང་ལས་དངོས་རྫས་བཙོང་མཁན་གྱི་ཁྲིམས་སྲུང་འདུ་ཤེས་དང་ཞིང་སྤྱོད་སྨན་རྫས་རྫུན་མར་དབྱེ་འབྱེད་བྱེད་པའི་ནུས་པ་མཐོར་འདེགས་བཏང་བ་རེད།
  • ལེ་ཚན་སྔོན་མ།:རྟའུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོ་ཤིང་འཛུགས་ལས་ཀར་བྲེལ།
  • ལེ་ཚན་རྗེས་མ།: དར་མདོ་རྫོང་གིས་དཔྱིད་རྨོས་དཔྱིད་འདེབས་ཀྱི་ལས་ཀ་སྤེལ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།