ཧུའུ་ཁྲང་ཧྲེང་གིས་ལི་ཐང་དང་ཉག་རོང་རྫོང་དུ་རྟོག་ཞིབ་གནང་དུས་ལས་བྱེད་པ་ཚོར་སྲིད་ཇུས་ཀྱི་དྲིལ་བསྒྲགས་པ་དང་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ།མང་ཚོགས་ཀྱི་སེམས་རྟེན་ས་བཅས་བྱེད་དགོས་པའི་ནན་གསུང་གནང་།

        2014-04-19

ཧུའུ་ཁྲང་ཧྲེང་གིས་ལི་ཐང་དང་ཉག་རོང་རྫོང་དུ་རྟོག་ཞིབ་གནང་དུས་ལས་བྱེད་པ་ཚོར་སྲིད་ཇུས་ཀྱི་དྲིལ་བསྒྲགས་པ་

 ཟླ་བ4པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ལི་ཐང་རྫོང་གྱང་པ་ཤང་དང་ཉག་རོང་རྫོང་གི་ར་ལང་གྲོང་རྡལ་སོགས་ལ་ཕེབས་ནས་མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་གནང་བ་རེད། ཉག་རོང་རྫོང་གི་མར་སྐྱིད་ཤང་དང་། ནོར་ཁོག་ཤང་། མ་རེད་ཤང་། པང་སྨད་ཤང་བཅས་སུ་ཕེབས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་ཐེངས་གཉིས་པ་དང་མང་ཚོགས་ལས་ཀ་ཁྱོན་ཡོངས་སུ་ཁྱབ་པའི་ལས་ཀ་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ཤང་དང་གྲོང་སྡེའི་ལས་བྱེད་པ་རྣམས་དང་མཛའ་བརྩེའི་ཁ་བརྡ་གནང་ཞིང་ཞིང་འབྲོག་མང་ཚོགས་ཀྱིས་མང་ཚོགས་ལས་ཀ་སྤེལ་བར་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་འཇོག་གནང་། ཧུའུ་ཁྲང་ཧྲེང་གིས་ནན་གསུང་གནང་དོན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་ལས་ཀའི་ལོའི་གོ་སྐབས་དང་བསྟུན་ནས་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། གོང་རིམ་གྱི་སྲིད་ཇུས་འོག་རིམ་ལ་སྒྲོག་པ་དང་འོག་རིམ་གྱི་གནས་ཚུལ་གོང་རིམ་ལ་ཞུ་བའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་སྲ་བརྟན་ཡིན་པའི་འཐབ་འཛིང་བཙན་རྫོང་དུ་ཆགས་སུ་འཇུག་དགོས། མུ་མཐུད་དེ་མང་ཚོགས་ལས་ཀ་ཡག་པོ་བསྒྲུབས་ནས་ལས་ཀ་ཁག་མང་ཚོགས་ཀྱི་བློ་ལ་བབ་པ་བྱས་ཤིང་མང་ཚོགས་ངོ་མ་ཡི་རང་བ་བྱེད་དགོས། སྲིད་ཇུས་ཀྱི་དྲིལ་བསྒྲགས་པ་ཡག་པོ་ཞིག་བྱས་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་བྱེད་ཕྱོགས་སྲིད་ཇུས་ཁག་ཁུལ་ཡོངས་ཀྱི་གྲོང་སྡེ་ཚང་མར་དྲིལ་བསྒྲགས་བྱ་རྒྱུ་དང་། མང་ཚོགས་ཀྱིས་ལྟ་དགའ་མཐོང་དགའ་བྱེད་པའི་ཁྲིམས་ལུགས་ཤེས་བྱ་ཞིང་འབྲོག་དམངས་ཀྱི་དུད་ཁྱིམ་ཚང་མར་བསྐྱལ་ནས་གྲོང་སྲོལ་ཡ་རབས་དང་། ཤང་སྲོལ་བག་ཆགས། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྣེ་ཁྲིད་བྱེད་དགོས། འཕེལ་རྒྱས་དང་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས། ཤང་གི་ལས་བྱེད་པ་ཚོས་འགན་ནུས་སྒྲུབ་པའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་གང་ཐུབ་བྱས་ཤིང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད་ཐབས་ཤེས་དང་ལམ་བུ་འཚོལ་དགོས། གྲོང་སྡེའི་ལས་བྱེད་པ་ཚོས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་མཐོང་རྒྱ་ཆེ་རུ་བཏང་ནས་དངོས་གནས་དྲང་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པའི་ནུས་པ་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། ཤང་དང་གྲོང་སྡེའི་ལས་བྱེད་པ་ཚོ་མང་ཚོགས་ཀྱི་སེམས་རྟེན་ས་བྱས་ནས་ཏང་དང་མང་ཚོགས་བར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་དགོས།
    རྟོག་ཞིབ་བྱེད་རིམ་ཧུའུ་ཁྲང་ཧྲེང་ད་དུང་ཉག་རོང་རྫོང་གི་ཆོས་ལུགས་ལས་རིགས་མི་སྣ་རྣམས་ལ་འཚམས་འདྲི་ཞུ་སར་ཕེབས་པ་རེད།
  • ལེ་ཚན་སྔོན་མ།:སྐྱ་གད་ཤང་གི་ཞིང་པ་ཚོས་དཔྱིད་རྨོས་ལས་ཀར་བྲེལ་བཞིན་པ།
  • ལེ་ཚན་རྗེས་མ།:ཞིང་ལས་འཕྲུལ་ཆས་ཀྱིས་ལི་ཐང་རྫོང་གི་ཞིང་པའི་དཀའ་སྡུག་སེལ།
  • དོ་སྣང་ཆེ་བའི་རྩོམ།