རང་ཁུལ་ཞིང་ལས་སྡེ་ཁག་གིས་དཔྱིད་རྨོས་ལས་ཀར་གྲ་སྒྲིག་ཧུར་ཐག་བྱས།

ཀུན་དགས་བསྒྱུར།        2014-04-17

 དཔྱིད་ཀ་ཤར་བ་ནས་བཟུང་། རང་ཁུལ་གྱི་རིམ་པ་ཁག་གི་ཞིང་ལས་སྡེ་ཁག་གིས་སྔ་ནས་གྲ་སྒྲིག་དང་བཀོད་སྒྲིག དོན་འཁྱོལ་བཅས་ཀྱི་ལས་ཀ་བྱས་ཏེ་ནུས་ཤུགས་ཡོད་དགུས་དཔྱིད་རྨོས་ཐོན་སྐྱེད་ཀྱི་གྲ་སྒྲིག་ལས་ཀ་དམ་འཛིན་བྱས་པ་རེད།
    བཀོད་སྒྲིག་ལས་ཀ་དམ་འཛིན་བྱས་པ།དཔྱིད་རྨོས་ཀྱི་གྲ་སྒྲིག་ལས་ཀ་དང་མང་ཚོགས་ལས་ཀའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཤུགས་ཆེན་པོས་འདེབས་ཁྱོན་བརྟན་པོ་དང་། མུའུ་རེའི་ཐོན་ཚད།ཐོན་ཚད་བསྡོམས་འབོར་བཅས་ཀྱི་ཐད་གཏོར་རྒལ་ཡོང་བ་བྱས་ཏེ་འབྲུ་རིགས་འདེབས་རྒྱ་མུའུ་ཁྲི112དང་ཐོན་ཚད་བསྡོམས་འབོར་ཏུན་ཁྲི26.8ཐོག་སླེབ་པ། སྣུམ་རྒྱུ་འདེམས་རྒྱ་མུའུ་ཁྲི8.5དང་ཐོན་ཚད་བསྡོམས་འབོར་ཏུན་ཁྲི1.28ཐོག་སླེབ་པ། སྔོ་ཚལ་འདེམས་རྒྱ་མུའུ་ཁྲི10དང་ཐོན་ཚད་བསྡོམས་འབོར་ཏུན་ཁྲི20ཐོག་སླེབ་པ་བཅས་བྱས་ནས་ཞིང་ལས་ཐོན་སྐྱེད་བསྟུད་མར་ལོ་བདུན་འཕར་སྣོན་ཡོང་བར་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད།
    སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་པ། ནན་ཏན་གྱིས་ཞིང་ཕན་སྲིད་ཇུས་ཁག་དོན་འཁྱོལ་མཐར་ཕྱིན་བྱས་སྟབས།སྔར་ལས་ལྷག་པར་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་། མིག་སྔའི་བར་དུ་སླེབས་དུས་ཞིང་ཕན་སྲིད་ཇུས་ཁག་གི་ཁ་གསབ་མ་དངུལ་སྒོར་ཁྲི6723གཏོང་ཡོད་པ་དང་། དེའི་ནང་ཞིང་སྤྱོད་དངོས་རྫས་ཕྱོགས་བསྡུས་ཀྱི་ཐད་ཀའི་ཁ་གསབ་མ་དངུལ་སྒོར་ཁྲི6229དང་འབྲུ་འདེབས་ཁ་གསབ་ཐད་སྤྲོད་ཀྱི་མ་དངུལ་སྒོར་ཁྲི494ཡོད་པ་དང་།རྒྱལ་ཁབ་ཀྱི་ཞིང་ལས་འཕྲུལ་ཆས་ཉོ་བར་ཁ་གསབ་མ་དངུལ་སྒོར་ཁྲི380བརྩོན་ལེན་བྱེད་ཡོད།
    ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་བྱས་པ། ཞིང་རྫས་ཚོང་རར་ལྟ་སྐུལ་དོ་དམ་ཤུགས་ཆེན་བྱེད་པ་དང་།ཞིང་སྤྱོད་དངོས་རྫས་ཚོང་ར་གཙང་བཟོ་བྱས་ནས་ཞིང་སྤྱོད་དངོས་རྫས་ཉེན་མེད་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་བྱས་པ། ནས་དང་རྒྱུད་འདྲེས་མ་རྨོས་ལོ་ཏོག ཞོག་ཁོག གྲོ་སོགས་ལོ་ཏོག་སྣ་ཚོགས་ཀྱི་སོནབཟང་ཏུན2800དང་།རིགས་འདྲ་མིན་གྱི་རྫས་ལུད་ཏུན0.75དང་འགྱིག་ཤོག་ཏུན300 ཞིང་སྨན་ཏུན70བཅས་སྒྲིག་འཛུགས་དང་གཏོང་འདྲེན་བྱས་ཡོད་པར་མ་ཟད། ད་དུང་ཞིང་ལས་འཕྲུལ་ཆས་བདག་གཅེས་ཉམས་གསོའི་ལས་ཀ་ཡག་པོ་བྱེད་ཡོད་པ་དང་། དཔྱིད་རྨོས་ཞིང་ཁ་དོ་དམ་གྱི་ལས་ཀ་ཤུགས་ཆེན་བྱེད་ཡོད།
  • ལེ་ཚན་སྔོན་མ།:སློབ་གསོ་བྱེད་སྒོ་ཡིས་མང་ཚོགས་ལ་ཁེ་ཕན་བསྐྲུན།
  • ལེ་ཚན་རྗེས་མ།:སྐྱ་གད་ཤང་གི་ཞིང་པ་ཚོས་དཔྱིད་རྨོས་ལས་ཀར་བྲེལ་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།