རང་ཁུལ་གྱིས་སི་ཁྲོན་ཞིང་ལས་སློབ་ཆེན་དང་མཉམ་དུ་ཆེད་དོན་གསོ་སྦྱོང་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-03-24

  ཉེ་ཆར་ཁུལ་ཨུའི་ཞིང་ལས་གཞུང་ལས་ཁང་གིས་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་ཞིང་སྡེ་གསར་པ་འཕེལ་རྒྱས་དང་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱེད་པ་དང་། སི་ཁྲོན་ཞིང་ལས་སློབ་ཆེན་ཀྱི་ལས་རིགས་སློབ་གསོའི་གསོ་སྦྱོང་ལྟེ་གནས(ཞིང་ལས་པུའུ་དེང་རབས་ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་རྟེན་གཞི)ཀྱི་སྒྲུབ་འགན་འཁུར་ནས་སི་ཁྲོན་ཞིང་ལས་སློབ་ཆེན་དང་རང་ཁུལ་གཉིས་མཉམ་དུ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་སྒྲིལ་བ་རེད།
    ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་དེ་རང་ཁུལ་གྱི་ཐོན་ཁུངས་ཕུན་སུན་ཚོགས་པ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཨ་རག(ནས་ཆང་དང་། རྒུན་ཆང)དང་། ཤ(ཟོག་ཤ ། བོད་ཕག བོད་བྱ)། ཇ(འོ་སེར་ཇ)། ཤ་མོ(རིགས་སྣ་ཚོགས་ཀྱི་བཟའ་བྱའི་ཤ་མོ)། སྨན(མ་ཁ་དང་རྒྱ་བོད་སྨན་རྫས་)བཅས་ཕྱོགས་ལྔ་ཡི་ཐད་ཀྱི་གསོ་སྦྱོང་ནང་དོན་བཀོད་སྒྲིག་བྱས་པ་དང་། རིགས་པའི་གཞུང་ལུགས་ཐོག་ནས་སློབ་ཁྲིད་དང་། ཡུལ་དངོས་སུ་ལག་བསྟར། བཞུགས་མོལ་བྱས་ཏེ་བསམ་ཚུལ་བརྗེ་ལེན་བྱེད་པ། བསམ་བློའི་མྱོང་འཚོལ་བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ནས། ཁྱོན་བསྡོམས་སློབ་དུས་112བཀོད་སྒྲིག་བྱས་པ་དེའི་ནང་རིགས་པའི་གཞུང་ལུགས་སྐོར་སློབ་དུས96དང་། ལས་ཡུལ་དངོས་སུ་ལག་བསྟར་སློབ་དུས་8 ། བཞུགས་མོལ་བྱས་ནས་བསམ་ཚུལ་བརྗེ་ལེན་བྱེད་པའི་སློབ་དུས8 ། ཁུལ་དང་རྫོང་གི་ཞིང་ལས་དང་། འབྲོག་ལས། ནས་ལས་བཅས་ཀྱི་ཚན་རྩལ་མི་སྣ45གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་པ་རེད།
    གསོ་སྐྱོང་སྦྱོང་བརྡར་གྱི་དངོས་ཕན་ཐོབ་པར་ཁག་ཐེག་བྱེད་ཆེད། སློབ་ཁྲིད་བཀོད་སྒྲིག་བྱེད་སྟངས་ཐད་ཐུན་མོང་གི་སློབ་ཁྲིད་དང་། ཆེད་ལས་སློབ་ཁྲིད། ལག་བསྟར་སློབ་ཁྲིད་བཅས་ཀྱི་བྱེད་སྟངས་སྤྱད་ནས། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཚོང་གཉེར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བ་དང་རྒྱ་སྨན་དང་ཟོག་སྨན་སྨན་རྫས་དེ་ཚོ་གསོ་སྤེལ་ལས་རིགས་ཐད་བེད་སྤྱོད་གཏོང་ཚུལ། དེང་རབས་ཀྱི་བྱ་རིགས་གསོ་སྤེལ་ལག་རྩལ་དང་བོད་བྱ་གསོ་སྤེལ་བྱེད་ཚུལ་གྱི་དངོས་དཔེར། བཟའ་བྱའི་ཤ་མོ་ཐོན་ལས་གྱི་ད་ཡོད་གནས་ཚུལ་དང་ཚད་ལྡན་ཅན་དུ་བྱེད་ཚུལ། ཁྱད་ཆོས་ལྡན་ལྡན་པའི་འབྲས་ཤིང་གི་སོན་མྱུར་གསར་པ་ཡུལ་དེ་གར་འདེབས་འཛུགས་བྱེད་ཚུལ་སོགས་རིགས་གཞུང་གི་ཤེས་བྱ་མཐོར་འདེགས་གཏོང་ཐུབ་པར་མ་ཟད། ཆབ་སྲིད་དང་འབྲེལ་བའི་ཁྲིམས་སྲོལ་དང་། ད་དུང་ལག་བསྟར་བྱེད་པའི་ཁྲོད་ཀྱི་དཔེར་མཚོན་དངོས་བཀོད་སྒྲིག་བྱས་ཡོད།ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་ཐོག་སློབ་མའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པར་མ་ཟད། དམིགས་སའི་རང་བཞིན་གྱི་སློབ་མའི་དངོས་ཡོད་ལས་ཀའི་ཁྲོད་ཀྱི་གནད་དོན་འགའ་ཐག་གཅོད་བྱེད་ཐུབ་པ་དང་མཁོ་བསྟུན་དང་སྤྱོད་གོ་ཆོད་པའི་རྩ་དོན་གསལ་པོར་མཚོན་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་མང་ཚོགས་ལས་ཀ་ཞིང་འབྲོག་ཁྱིམ་ཚང་ཡོངས་སུ་ཁྱབ།
  • ལེ་ཚན་རྗེས་མ།: དཔལ་ཡུལ་རྫོང་གིས་ནགས་ཚལ་མེ་འགོག་གི་དྲིལ་བསྒྲགས་ལས་ཀ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།