ཟླ་བ་དང་པོར་རང་ཁུལ་གྱི་ཚོང་རའི་ཟོག་གོང་ཟླ་བ་གོང་མའི་དུས་མཉམ་ལས་བརྒྱ་ཆ་2.9འཕར་ཡོད།

དབྱངས་ཅན་གྱིས་བསྒྱུར།        2014-03-06

 རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་བརྟག་དཔྱད་རུ་ཁག་གིས་བརྟག་དཔྱད་བྱས་ནས་མཚོན་རྒྱུར། ཟླ་བ་དང་པོར་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གཉིས་ཀྱི་ཕན་ནུས་ལྡན་པའི་ཤུགས་རྐྱེན་བཟང་པོའི་འོག དཀར་མཛེས་ཁུལ་གྱི་ཚོང་རའི་ཟོག་གོང་ཟླ་བ་གོང་མ་ལས་བརྒྱ་ཆ0.4འཕར་བ་དང་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ2.9འཕར་བས། ལོ་གོང་མའི་དུས་མཉམ་དང་བསྡུར་ན་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གྲངས་ཀ0.4འཕར་ཡོད། ཟླ་བ་དང་པོར་བཟའ་བཅའི་རིན་གོང་གིས་ཚོང་རའི་ཟོག་གོང་ལ་བརྒྱ་ཆའི་གྲངས་ཀ1.7ཙམ་ཤུགས་རྐྱེན་ཐེབས་ནས་ཤུགས་རྐྱེན་ཐེབས་ཚད་བརྒྱ་ཆ59ལ་སླེབས་ཡོད།
    ཟླ་བ་གོང་མའི་བསྡུར་ཚད་ལ་བལྟས་ན་འཛད་སྤྱོད་རིན་གོང་གི་བསྡུར་གྲངས་རིགས་ཆེན་པོ་བརྒྱད་དེ་འཕར་ཐེངས་གསུམ་དང་དོ་མཉམ་གྱི་གནས་ཚུར་ཐེངས་ལྔ་མངོན་པ་རེད། དེའི་ནང་ཡར་འཕར་བ་ནི་བཟའ་བཅའ་རིགས་དང་། རོལ་རྩེད། སློབ་གསོ། རིག་གནས་སྤྱོད་ཆས་བཅས་དང་། ཞབས་ཞུའི་རིགས། སྨན་བཅོས་བདེ་སྲུང་། མི་སྒེར་གྱི་སྤྱོད་ཆས་སོགས་ཁག་དབྱེ་ནས་བརྒྱ་ཆ0.9དང་། བརྒྱ་ཆ0.9 ། བརྒྱ་ཆ0.1བཅས་འཕར་ཡོད། དོ་མཉམ་ཡིན་པ་ནི་ཐ་མག་དང་ཨ་རག་རིགས་དང་། གྱོ ན་གོས་རིགས། ཁྱིམ་ཚང་སྤྱོད་ཆས་དང་ཉམས་གསོ་ཞབས་ཞུའི་རིགས། འགྲིམ་འགྲུལ་དང་ཆ་འཕྲིན་རིགས། སྡོད་ཆས་རིགས་སོགས་ཡིན་པ་རེད།
    ལོ་གོང་མའི་དུས་མཉམ་དང་བསྡུར་ནས་བལྟས་ན་འཛད་སྤྱོད་རིན་གོང་གི་བསྡུར་གྲངས་རིགས་ཆེན་པོ་བརྒྱད་ལ་ཐེངས་བདུན་ཡར་འཕར་བ་དང་ཐེངས་གཅིག་མར་ཆག་པ་རེད། དེའི་ནང་ཡར་འཕར་རྒྱུ་ནི་བཟའ་བཅའ་རིགས་དང་། གྱོ ན་གོས་རིགས། སྡོད་ཆས་རིགས། སྨན་བཅོས་བདེ་སྲུང་རིགས། མི་སྒེར་གྱི་སྤྱོད་ཆས་རིགས། ཁྱིམ་ཚང་སྤྱོད་ཆས་རིགས་བཅས་དང་ཉམས་གསོ་ཞབས་ཞུའི་རིགས། རོལ་རྩེད་དང་། སློབ་གསོ ། རིག་གནས་བཅས་ཀྱི་སྤྱོད་ཆས་དང་། ཞབས་ཞུའི་རིགས། འགྲིམ་འགྲུལ། ཆ་འཕྲིན་རིགས་སོགས་ཁག་དབྱེ་ནས་བརྒྱ་ཆ4.7དང་། བརྒྱ་ཆ3.8 །བརྒྱ་ཆ 2.9 ། བརྒྱ་ཆ2.7 ། བརྒྱ་ཆ1.4 ། བརྒྱ་ཆ1.1 ། བརྒྱ་ཆ0.3 བཅས་འཕར་ཡོད། ཐ་མག་དང་ཨ་རག་རིགས་བརྒྱ་ཆ་4.1མར་ཆག་ཡོད་པ་རེད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་དགོན་པ་རུ་མེ་གསོད་ཡོ་བྱད་འགྲེམ་གཏོང་བྱས།
  • ལེ་ཚན་རྗེས་མ།:བཅའ་ཁྲིམས་ལ་བརྟེན་ནས་དཀར་མཛེས་ཁུལ་འཛུགས་སྐྱོང་དང་ཁྲིམས་སྐྱོང་ལ་བརྟེན་ནས་དཀར་མཛེས་ཁུལ་སྐྲུན་པར་སྐུལ་འ
  • དོ་སྣང་ཆེ་བའི་རྩོམ།