ཞིང་འབྲོག་པའི་ཁྱིམ་ཚང་གི་ཚོང་གཉེར་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་འགྲོ་བཞིན་པ།

དབྱངས་ཅན་གྱིས།        2014-02-17

 བསྡོམས་བརྩིས་ཅུས་ཀྱི་འབྲེལ་ཡོད་ཚན་ཁག་གི་བསྡོམས་བརྩིས་ལྟར་ན། ན་ལོར་རང་ཁུལ་གྱིས་སྤུས་ལེགས་སོན་བཟང་ཁྱབ་སྤེལ་བཏང་བ་དང་ཚན་རྩལ་འདུས་ཚད་མཐོར་འདེགས་བཏང་ནས་ཆགས་ཚུལ་ལེགས་སྒྲིག་ཇེ་མགྱོ གས་སུ་བཏང་བ་དང་། ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་བའི་ཚོང་རའི་དགོས་མཁོ་ཡིས་ཁྲིད་སྟོན་བྱས་ནས། སྔར་ལྷག་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཡོང་བ་དང་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ནས། རྒྱ་ཆེ་བའི་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ཆེན་པོ་བྱས་ཡོད། སྔོན་མའི་དུས་ཚིགས་གསུམ་གྱི་ནང་ཞིང་པའི་ཁྱིམ་ཚང་གི་ཚོང་གཉེར་ཡོང་འབབ་མི་རེར་ཆ་སྙོམས་སྒོར་2316.9ཐོབ་ཡོད་པས་སྤྱིའི་ལག་དངུལ་ཡོང་འབབ་ཀྱི་བརྒྱ་ཆ་66.75བཟུང་ཡོད་པས།ལོ་གོང་མ་ལས་སྒོར་311.23འཕར་སྣོན་བྱུང་ཡོད་པས་བརྒྱ་ཆ་15.52འཕར་ཡོད།
  • ལེ་ཚན་སྔོན་མ།:ཁུལ་སྨན་ཁང་གིས་འཕྲོད་བསྟེན་གྲོང་གསེབ་ཏུ་བསྐྱལ་ནས་ཞིང་འབྲོག་མི་དམངས་སྤྲོ་སྐྱིད་ཁེངས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཡང་བ་དང་ལྗིད་བའི་བཟོ་ལས་མགྱོ གས་མྱུར་འཕར་སྣོན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།