ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།

སྐལ་ཐུབ་ཀྱིས་བསྒྱུར།        2014-01-06

 ཟླ་བ12པའི་ཚེས27ཉིན། ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད།ཧུའུ་ཁྲང་གིས་གསུང་བཤད་གནང་ཞིང་ཡེ་ཤེས་ཟླ་བས་གཙོ་འགན་བཞེས། ལི་ཁང་དང་དབྱི་ཧྥན།ལིའུ་ཕིང་། བྱང་ཆུབ་བཅས་གྲོས་ཚོགས་སུ་ཞུགས།
    ཧུའུ་ཁྲང་ཧྲེང་གིས་ཀྲུང་དབྱང་དང་ཞིང་ཆེན་ཁུལ་བཅས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བཏང་ནས་མིག་སྔའི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ2014ལོའི་དཔལ་འབྱོར་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་དགོས་པ་བསྟན་ཞིང་། ཡེ་ཤེས་ཟླ་བས་ད་ལོའི་དཔལ་འབྱོར་ལས་ཀར་ཁྱོན་ཡོངས་ནས་ཕྱོགས་བསྡོམས་མཛད་ཅིང་སང་ལོའི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།
    ཚོགས་ཐོག་བསྟན་དོན། སང་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་ཀ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་། མགྱོ གས་པོར་འཕེལ་རྒྱས་གཏོང་བ། དམའ་ས་ནས་གཏོར་བརྒལ་བྱ་རྒྱུ་བཅས་ལས་ཀའི་ནང་དོན་སྙིང་པོར་བྱས་ནས་བཅོས་བསྒྱུར་སྒོ་འབྱེད་བྱ་རྒྱུ་དེ་དཔལ་འབྱོར་ལས་ཀའི་གོ་རིམ་ཡོངས་སུ་ཁྱབ་པར་བྱསཏེ། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དེས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྤྱི་འདོམས་བྱས་ནས་ནུས་ཤུགས་ཡོད་དགུས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
    ཚོགས་ཐོག་སང་ལོའི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་སྟེ། གཅིག་ནི་སྐྱེ་ཁམས་འཛུགས་སྐྱོང་བྱ་རྒྱུ་རྨང་གཞི་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲུང་ཡོལ་སྲ་བརྟན་ཡོང་བར་ཁག་ཐེག་བྱ་དགོས། གཉིས་ནི་འགྲིམ་འགྲུལ་འགག་སྒྲོལ་བྱ་རྒྱུ་གཙོ་གནད་བྱས་ནས་རྨང་གཞིའི་འགན་སྲུང་གི་ནུས་པ་མཐོར་འདེགས་གཏོང་བར་ཁག་ཐེག་བྱ་དགོས། གསུམ་ནི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དེས་སྤྱི་འདོམས་བྱས་ནས་ཐོན་ལས་གསོ་སྤེལ་གྱི་གོམ་སྟབས་མགྱོ གས་སུ་གཏོང་བ་ཁག་ཐེག་བྱ་དགོས། བཞི་ནི་མང་ཚོགས་དེ་བས་བདེ་སྐྱིད་ཡོང་བར་བྱ་རྒྱུ་དམིགས་འབེན་བྱས་ནས་དམངས་འཚོ་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བར་ཁག་ཐེག་བྱ་དགོས། ལྔ་ནི་གྲོང་ཁྱེར་དང་གྲོང་སྡེར་གཅིག་གྱུར་འཆར་འགོད་བྱ་རྒྱུ་གནད་འགག་བྱས་ནས་གྲོང་རྡལ་ཅན་གསར་པ་སྐུལ་འདེད་བརྟན་པོར་ཡོང་བར་ཁག་ཐེག་བྱ་དགོས། དྲུག་ནི་བཅོས་བསྒྱུར་སྒོ་འབྱེད་བྱ་རྒྱུ་གཙོ་ཕྱོགས་བྱས་ནས་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལྡན་པར་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱ་རྒྱུ། བདུན་ནི་ཁྲིམས་ལྟར་ཁུལ་སྐྱོང་བ་སྲོག་ཤིང་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།
    ཁུལ་དང་རྫོང་གི་འབྲེལ་ཡོད་འགན་ཁུར་མི་སྣ་གྲོས་ཚོགས་སུ་ཞུགས་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཚགས་པར་ཁང་གིས་གཞི་ཁྱོན་ཆེ་བའི་མང་ཚོགས་ལས་ཀ་སྤེལ།
  • ལེ་ཚན་རྗེས་མ།:ལི་ཐང་དང་འདབ་པ་ལ་གློག་མི་འདང་བའི་ལོ་རྒྱུས་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།