དཀར་མཛེས་རྫོང་གིས་ད་ལོའི་འཕེལ་རྒྱས་ཀྱི་དམིགས་ཡུལ་གཏན་འཁེལ་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-01-16

   

དཀར་མཛེས་རྫོང་གིས་ད་ལོའི་འཕེལ་རྒྱས་ཀྱི་དམིགས་ཡུལ་གཏན་འཁེལ་བྱས།

 2013ལོར་དཀར་མཛེས་རྫོང་གི་རྫོང་ཁོངས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་འགྲོ་བཞིན་པ་དང་།དམངས་འཚོའི་འགན་སྲུང་ལས་ཀ་རྒྱུན་མཐུད་ངང་མཐོར་འདེགས་བྱུང་ཡོད། དམངས་གཙོའི་འཆམ་མཐུན་རྣམ་པ་སྲ་བརྟན་ཡིན་པ་དང་ཏང་འཛུགས་ལས་ཀར་སྐུལ་འདེད་གཏིང་ཟབ་བཏང་བ་རེད། 2014ལོར་རྫོང་དེས་དམིགས་ཡུལ་གྱི་ལས་ཀ་གཏན་འཁེལ་བྱས་ཡོད་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ10འཕར་ཐུབ་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་གཏོང་འཇོག་མ་དངུལ་བརྒྱ་ཆ20འཕར་སྣོན་ཐུབ་པ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་འབོར་བརྒྱ་ཆ16འཕར་བ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་བརྒྱ་ཆ13འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་བརྒྱ་ཆ15འཕར་བ་བཅས་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
    2014ལོར་རྫོང་དེས་མུ་མཐུད་དུ་གསུམ་འགྱུར་མཉམ་འགུལ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཕེལ་རྒྱས་ཡོང་བ་དང་། ཐོན་ལས་གསོ་སྤེལ་ཇེ་མགྱོ གས་སུ་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བཏང་ནས་ཐུན་མོང་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ནས་ནུས་ལྡན་གྱིས་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་བྱེད་པ། རང་འགུལ་གྱིས་བརྟན་བརླིང་གསར་གཏོད་ཀྱི་ལས་ཀ་ཟབ་ཏུ་སྤེལ་ནས་ནུས་ལྡན་གྱིས་འཆམ་མཐུན་གྱི་དཀར་མཛེས་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད། མུ་མཐུད་དུ་ལྗོངས་རྒྱུའི་ཐོན་ལས་སྟོབས་ལྡན་ཡོང་བ་དང་། ཁུལ་བྱང་རྒྱུད་ཀྱི་ལྗོངས་རྒྱུའི་བསྡུ་འགྲེམས་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུས་དམིགས་ཡུལ་བྱས་ནས། ལྗོངས་རྒྱུའི་ཐོན་ཁུངས་མཐུན་རྐྱེན་དེ་ལྗོངས་རྒྱུའི་དཔལ་འབྱོར་མཐུན་རྐྱེན་དུ་བསྒྱུར་ཐུབ་པ་བྱ་རྒྱུ་ཡིན་པ། གེ་སར་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་འགོ་ཚུགས་པར་དམིགས་ནས་འབྲེལ་ཡོད་ལྗོངས་རྒྱུའི་གནས་ཡུལ་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱེད་པ་དང་རིམ་པ་བཞི་ཅན་གྱི་ཞི་རི་གླིང་གི་མཛེས་ལྗོངས་ས་ཁུལ་དང་དམངས་ཁྲོད་ལག་རྩལ་རྩེ་གྲ་ལས་སྣོན་བྱེད་སའི་བཟོ་ལས་ལྡུམ་ཁུལ་འཛུགས་སྐྲུན་ཇེ་མགྱོ གས་སུ་བྱ་རྒྱུར་སྐུལ་འདེད་གཏོང་བ། དམར་དམག་རྒྱང་སྐྱོད་ཀྱི་ཤུལ་དངོས་སྲུང་སྐྱོང་དང་གསར་སྦོལ་མགྱོ གས་མྱུར་བྱེད་པ། ཞིང་སྡེ་གསར་པ་དང་། འབྲོག་པའི་གཞིས་ཆགས་ཨར་ལས།འགྲིམ་འགྲུལ་འཛུགས་སྐྲུན། ཆུ་གློག་དང་ཡུལ་མི་གནས་སྤོ་སོགས་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུའི་འདུས་སྡེ་གྲོང་རྡལ་དང་ལྗོངས་རྒྱུའི་གྲོང་ཚོ་ཚོ་གཅིག་མགྱོ གས་མྱུར་གསར་སྐྲུན་བྱས་ནས། ལྗོངས་རྒྱུ་ལ་བརྟེན་ནས་དེང་རབས་ཀྱི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་དོ་སྣང་བྱེད་པ།ཁྱད་ཆོས་ལྡན་པའི་ཞིང་ལས་ཡག་པོ་ལས་རྒྱུ་དང་སྤུས་ལེགས་ནས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལག་བསྟར་བྱེད་པ། དམིགས་ཚད་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་ཡག་པོ་འཛིན་པ་དང་ཞིང་ལས་འཕྲུལ་ཆས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཞིང་ལས་ཚོང་གཉེར་གྱི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱས་ནས་ཞིང་པར་ཆགས་ཚུལ་ལེགས་སྒྲིག་བྱེད་པའི་ཁྲོད་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞིས་ཆགས་འཕྲོད་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཅན་དུ་འཕེལ་རྒྱས་ཡོང་བ་བྱས་ཏེ་གྲོང་ཁུལ་གསར་པའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་སྒྲིག་གཞི་དང་། གྲོང་ཁྱེར་ཤར་ཕྱོགས་ཀྱི་སྐྱེ་ཁམས་ཐོན་ལས་ལྡུམ་ཁུལ། ཞིག་རི་གླིང་གི་མི་རིགས་རིག་གནས་ལྡུམ་ཁུལ་བཅས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཇེ་མགྱོ གས་སུ་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་གང་ལེགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་ཞུགས་བྱེད་འཕྲོད་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཕེལ་རྒྱས་བཏང་ནས་ཞིང་སྡེ་གསར་པ་དང་འབྲོག་ཁུལ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་དང་ཆུ་བེད་སོགས་གལ་ཆེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་ལེགས་བཅོས་བྱ་རྒྱུ་གཙོས་བྱས་པའི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཇེ་མགྱོ གས་སུ་བཏང་ནས་དམངས་འཚོ་བདེ་སྐྱིད་ཡོང་ཚད་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ། ཏང་གི་འཛུགས་སྐྲུན་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་ལས་ཀ་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་ལག་བསྟར་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
  • ལེ་ཚན་སྔོན་མ།: ལི་ཐང་རྫོང་གིས་དབང་པོ་སྐྱོན་ཅན་ལ་གཅེས་སེམས་བཅངས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་འཐུས་མི་ཚོས༼སྲིད་གཞུང་ལས་ཀའི་སྙན་སེང༽ལ་གྲོས་མོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།