རང་ཁུལ་གྱི་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར36.01མངོན་འགྱུར་བྱུང་ཡོད།

        2014-01-16

 ཁུལ་བསྡོམས་རྩིས་ཅུས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ཟླ་བ་དང་པོ་ནས8པའི་བར་རང་ཁུལ་གྱི་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར36.01མངོན་འགྱུར་བྱུང་ཡོད་བས། ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ12.9འཕར་སྣོན་བྱུང་ཡོད། གྲོང་ཁྱེར་དང་གྲོང་བརྡལ་ཚོང་རའི་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར་29.87མངོན་འགྱུར་བྱུང་བས། ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ12.8འཕར་སྣོན་བྱུང་ཡོད། ཤང་གྲོང་ཚོང་རའི་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར6.14མངོན་འགྱུར་བྱུང་བས།ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ13.3འཕར་སྣོན་བྱུང་ཡོད། ལས་རིགས་ལ་དབྱེ་ནས་བལྟས་ན། སྡེབ་འཚོང་ལས་རིགས་ཀྱི་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར10.02མངོན་འགྱུར་བྱུང་བས། ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ7.9འཕར་སྣོན་བྱུང་ཡོད། སིལ་འཚོང་ལས་རིགས་ཀྱི་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར21.04མངོན་འགྱུར་བྱུང་བས། ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ15.7འཕར་སྣོན་བྱུང་ཡོད། མགྲོན་ཁང་ལས་རིགས་ཀྱི་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར0.62མངོན་འགྱུར་བྱུང་བས། ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ2.5དམའ་རུ་ཕྱིན་ཡོད། བཟའ་བཅའ་ལས་རིགས་ཀྱི་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར4.33མངོན་འགྱུར་བྱུང་བས། ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ14.4འཕར་སྣོན་བྱུང་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་གསེར་ཐར་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་མེ་སྐྱོན་ཤོར་ཡུལ་དངོས་ཀྱི་ཚོགས་འདུ་ཐོག་ནན
  • ལེ་ཚན་རྗེས་མ།: ལི་ཐང་རྫོང་གིས་དབང་པོ་སྐྱོན་ཅན་ལ་གཅེས་སེམས་བཅངས།
  • དོ་སྣང་ཆེ་བའི་རྩོམ།