ཕྱག་ཕྲེང་རྫོང་ཕྲེང་སྨད་ཤང་གི་བརྔ་བསྡུ་རོགས་སྐྱོར་ཡན་ལག་རུ་ཆུང་གིས་སྟོན་བསྡུ་ལ་རོགས་སྐྱོར་བྱས།

ཀུན་དགས་བསྒྱུར།        2013-11-14

ཕྱག་ཕྲེང་རྫོང་ཕྲེང་སྨད་ཤང་གཟི་འདུས་གྲོང་སྡེའི་ཡུལ་མི་མུན་སེལ་སྐལ་བཟང་ཚང་ལ་ཁྱོན་བསྡོམས་ས་ཞིང་མུའུ12ཡོད་ཀྱང་ངལ་རྩོལ་མི་ལག་མི་འདང་བའི་རྐྱེན་གྱིས་སྟོན་བསྡུ་དུས་ཚིགས་ལ་སླེབས་སྐབས་ཧ་ཅང་སེམས་ཁྲལ་བྱེད་དགོས་པ་རེད། ཡིན་ནའང་ད་ཐེངས་བརྔ་བསྡུ་རོགས་སྐྱོར་ཡན་ལག་རུ་ཆུང་མུན་སེལ་སྐལ་བཟང་ཚང་གི་ཁྱིམ་དུ་འོང་ནས་ལོ་ཏོག་བརྔ་བསྡུ་བྱེད་རོགས་བྱས་པ་ནས་བཟུང་ཁོ་ཁྱིམ་མི་ཚང་མས་སྔར་བཞིན་བརྔ་བསྡུ་ལས་ཀའི་ཐད་ལ་སེམས་ཁྲལ་བྱེད་མི་དགོས་པར་མ་ཟད།ད་དུང་ནམ་ཡང་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་བཞིན་པ་རེད།
    ད་ལོ་ལོ་ན45ལ་ལོན་པའི་དབང་སྐྱོན་མི་སྣ་ཉི་མས་མཐེ་བོང་བསྒྲེངས་ཏེ་ལོ་རེ་བཞིན་གྱི་སྟོན་བསྡུ་དུས་སྐབས་སུ་བརྔ་བསྡུ་རོགས་སྐྱོར་རུ་ཆུང་གིས་ང་ཚོར་སྟོན་བསྡུ་བྱེད་རོགས་བྱས་པར་བཀའ་དྲིན་ཆེ། བཀའ་དྲིན་ཆེ་ཞེས་བཤད།
    ཤང་དེའི་ཏང་ཨུའི་ཧྲུའུ་ཅི་ཡེ་ཤེས་ཚུལ་ཁྲིམས་ཀྱིས་སྨྱུག་འཛིན་པར་བཤད་རྒྱུར། ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མའི་ས་བབ་གནས་ཚུལ་མི་འདྲ་བས་ལོ་ཏོག་བརྔ་བསྡུའི་དུས་ཚིགས་ཀྱང་མི་འདྲ་བའི་གནས་ཚུལ་ལ་གཞིགས་ནས་སྲིད་འཛིན་གྲོང་ཚོ་སོ་སོས་བརྔ་བསྡུ་རོགས་སྐྱོར་རུ་ཆུང་སྒྲིག་འཛུགས་བྱས་ཡོད་པ་རེད། ལོ་རེ་བཞིན་གྱི་ལོ་ཏོག་བརྔ་བསྡུ་བྱེད་པའི་དུས་ཚིགས་ལ་སླེབས་སྐབས་བརྔ་བསྡུ་རོགས་སྐྱོར་རུ་ཁག་གིས་གནམ་གཤིས་ཀྱི་ཆ་རྐྱེན་ལེགས་པའི་དུས་སྐབས་དང་བསྟུན་ནས་དབང་པོ་སྐྱོན་ཅན་དང་།ནད་པ།ལོ་ན་རྒན་གྲས། ངལ་རྩོལ་ནུས་ཤུགས་ཞན་པ་སོགས་ཀྱི་ཁྱིམ་ཚང་ལ་ལོ་ཏོག་བརྔ་བསྡུ་བྱེད་རོགས་བྱས་པ་རེད། དེ་མིན་ཤང་ནང་གི་ལག་རྩལ་མི་སྣ་གྲོང་གསེབ་ཏུ་སོང་ནས་རིགས་སྣ་ཚོགས་ཀྱི་ཞིང་ལས་འཕྲུལ་ཆས་བསྡོམས་རྩིས་དང་ཉམས་གསོ་བྱས་པ་དང་།ཞིང་ལས་འཕྲུལ་ཆས་ལ་དགོས་ངེས་ཀྱི་ཁྲའེ་ཡིའུ་དང་རླངས་སྣུམ་གསོག་འཇོག་བྱས་ཏེ། ཞིང་ལས་འཕྲུལ་ཆས་འགའ་མི་འདང་བར་སྒྲིག་སྦྱོར་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་རེད། སྟོན་བསྡུའི་ལས་ཀ་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་ཆེད།གྲོང་སྡེ་རུ་ད་རུང་བབ་བསྟུན་ལས་སྒྲུབ་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་སྟོན་བསྡུའི་སྐབས་སུ་བྱུང་སླ་བའི་ཉེན་སྐྱོན་གྱི་གནད་ཚུལ་དང་།ཐོན་སྐྱེད་ཀྱི་བྱུར་རྐྱེན། འགལ་ཟླ་བྱུང་བའི་གནས་ཚུལ་སོགས་དུས་ཐོག་ཏུ་གཙང་བཤེར་དང་། ཐག་གཅོད། སྙན་ཞུ་བཅས་བྱས་པ་རེད།
  • ལེ་ཚན་སྔོན་མ།:མི་ཉག་རྫོགས་ཆེན་སློབ་གྲྭའི་ཟླ་འཁོར་ཚགས་པར་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།: 2014ལོའི༼ ཁམས་པའི་ཚགས་པར ༽མངག་ཉོ་བྱེད་པར་དགའ་བསུ་ཞུ།
  • དོ་སྣང་ཆེ་བའི་རྩོམ།