གསར་འགྱུར་གནད་བསྡུས།

        2014-12-08

༄༅།།ཟླ་བ11པའི་ཚེས28ཉིན།ཞིང་ཆེན་རྩ་འཛུགས་པུའུ་དང་ཞིང་ཆེན་གུང་གཞོན་ཚོགས་པའི་ལས་སྒྲུབ་ཚོ་ཆུང་བློ་མུ་མཐུན་ཡོན་ཡ་ཞུན་གྱི་ཁྱིམ་མི་དང་རྨས་སྐྱོན་ཕོག་པའི་ལས་སྒྲུབ་མི་སྣར་འཚམས་འདྲི་བྱེད་ས་ཕྱིན་ཞིང་བློ་མཐུན་ཡོན་ཡ་ཞུན་ནི་ལོ་ཆུང་ཚང་མས་སློབ་སྦྱོང་བྱེད་ཡུལ་གྱི་མིག་དཔེ་ཡིན་ཞེས་བསྟན་པ་རེད།
༄༅།།ཟླ་བ11པའི་ཚེས30ཉིན།ཞིང་ཆེན་གུང་གཞོན་ཚོགས་པ་དང་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་མཐུན་ཡོན་ཡ་ཞུན་ལ་སི་ཁྲོན་ན་གཞོན་ལྔ་བཞིའི་གཟེངས་རྟགས་རྗེས་སྤྲོད་གནང་བ་མ་ཚད་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གུང་གཞོན་ཚོགས་པའི་ན་གཞོན་ཚང་མས་ཁོང་ལ་སློབ་སྦྱོང་བྱ་དགོས་པའི་འབོད་སྐུལ་བྱས་པ་རེད།
༄༅།།ཟླ་བ11པའི་ཚེས29ཉིན།ཧུའུ་ཁྲང་ཧྲེང་གིས་དར་མདོ་ས་ཁུལ་གྱི་སློབ་གྲྭའི་འགུལ་འགོག་གནོད་སེལ་གྱི་ལས་ཀར་ཁྲིད་སྟོན་གནང་སྐབས་སློབ་ཁྲིད་སྒྲིག་ལམ་རྒྱུན་ལྡན་ཡོང་བ་དང་།སློབ་གྲྭའི་སྡོད་ཁང་ཉེན་མེད་ཡིན་པ། སློབ་མ་ཚོ་ས་འགུལ་རྡོག་ལན་བྱུང་བའི་ཁྲོད་སེམས་འཚུབ་པས་བཀྲ་མི་ཤིས་པའི་དོན་རྐྱེན་མི་བྱུང་བ་བཅས་ཁག་ཐེག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
༄༅།།ཟླ་བ11པའི་ཚེས30ཉིན།ཧུའུ་ཁྲང་ཧྲེང་ས་འགུལ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་སྐབས་བཀོད་སྒྲིག་ས་ཚུགས་ལ་དྲུག་ཡོད་དྲུག་འགོག་གི་ཚད་གཞི་ལྡན་པར་ཁག་ཐེག་བྱ་དགོས་ཞེས་གསུངས།
༄༅།།ཟླ་བ11པའི་ཚེས28ཉིན།ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ནས་གྲོས་ཚོགས་ཀྱི་གྲོས་རིམའཆར་ཟིན་དང་མི་དོན་བསྐོ་འཐེན་གྱི་གྲོས་གཞི་ལ་བརྡས་ཐག་བཅད་ནས་གྲོས་འཆམས་བྱུང་ཞིང་།ལི་ཁང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་གསུང་བཤད་ཀྱང་གནང་བ་རེད།
༄༅།།ཟླ་བ11པའི་ཚེས28ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་ཀྱིས་རུ་ཁག་ཁྲིད་ནས་དཀར་མཛེས་ཁུལ་བཙོན་ཁང་དུ་གནོད་སྐྱོན་ཐེབས་ཚུལ་ལ་རྟོག་ཞིབ་གནང་ཞིང་ལས་གནས་བརྟན་སྲུང་བྱེད་ཅིང་འགུལ་འགོག་གནོད་སེལ་ལ་ཧུར་ཐག་གིས་ཞུགས་པའི་མི་དམངས་ཉེན་རྟོག་པ་དང་།དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་བྱས་པ་མ་ཚད་ཡུལ་དངོས་སུ་འགུལ་འགོག་གནོད་སེལ་གྱི་ལས་ཀར་ཁྲིད་སྟོན་གནང་བ་རེད།
  • ལེ་ཚན་སྔོན་མ།:དར་མདོའི་སློབ་མ13601ཡང་དུ་སློབ་གྲྭའི་ནང་ལོག
  • ལེ་ཚན་རྗེས་མ།:འཇོན་ཐང་ཆེ་བའི་ལོ་ཙཱ་བ་ཆུང་ཆུང་།
  • དོ་སྣང་ཆེ་བའི་རྩོམ།