དཀར་མཛེས་ཁུལ་གྱི་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ50འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས།
སྒྲོལ་མ་ཚེ་མཚོ། 2013-10-21
ཟླ་བ10པའི་ཚེས17ཉིན་གྱི་སྔ་དྲོར་ཁུལ་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ50འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཚོགས་འདུའི་ནང་ཕེབས་ནས་གསུང་བཤད་གལ་ཆེན་གནང་།ཞིང་ཆེན་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་པའེ་མིང་གིས་ཞིང་ཆེན་ཏང་ཨུའི་འཐབས་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཆོས་ལུགས་ཅུས་ཀྱི་ཚབ་བྱས་ནས་ཚོགས་འདུར་རྟེན་འབྲེལ་ཞུས་ཡོད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་ཁྲིམས་ཨུ་ལྷན་གི་ཧྲུའུ་ཅི་བྱང་ཆུབ་ཀྱིས་ཚོགས་འདུའི་གཙོ་འགན་གཞེས་པ་རེད།
སྔ་དྲོའི་ཆུ་ཚོད་བརྒྱད་དང་སྐར་མ30ཐོག་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་རྒྱལ་ཁའི་ངང་ཚོགས་འགོ་ཚུགས་པ་རེད།ཧུའུ་ཁྲང་ཧྲེང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན།སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ50འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་།ཁུལ་ཡོངས་ཀྱི་སྐྱེ་ཆེན་དམ་པ་རྣམས་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་བྱས་རྗེས་བཞག་མཁན་འགྲོ་བའི་དགེ་ཕྲུག་རྣམས་ལ་བྱམས་བརྩེའི་ངང་འཚམས་འདྲི་ཞུ་ཞུས་པ་རེད།
ཚོགས་འདུའི་ཐོག་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས།ཡུན་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་སོགས་ཀྱི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱང་བྱས་པ་རེད།
ཚོགས་འདུའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གནང་ཡོད།ཁོང་གིས་གསུངས་རྒྱུར།ཡིན་མིན་གསལ་འབྱེད་དང་བློ་གྲོས་ཀྱིས་གདམ་ག་བྱས་ནས་ཧུར་ཐག་གིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པར་ཁྲིད་སྟོན་བྱེད་དགོས།རིམ་ཁག་ནང་བསྟན་མཐུན་ཚོགས་རྩ་འཛུགས་དང་ཁུལ་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་རྣམས་སྣེ་ཁྲིད་ནས་ཆོས་ལུགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་བཟང་པོ་རིག་གནས་འདོན་སྤེལ་གང་ལེགས་བྱེད་པ་དང་།ཧུར་ཐག་གིས་ཆོས་ལུགས་ཀྱིས་སྤྱི་ཚོགས་རིག་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་པར་ཞབས་ཕྱི་སྒྲུབ་དགོས།སྤྱི་ཚོགས་རིག་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པའི་འོད་སྟོང་འབར་བའི་བགྲོད་ལམ་དུ་འགྲོ་ཞིང་།སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པའི་ཆེས་རྩ་བ་དང་།ཆེས་རྨང་གཞི་ལྡན་པའི་དམིགས་ཚད་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་།ཆོས་ལུགས་བྱེད་སྒོས་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་མི་རིགས་ཀྱི་སྤྱི་ཁོག་གི་ཁེ་ཕན་ལ་དང་ལེན་དང་ཞབས་ཕྱི་སྒྲུབ་རྒྱུ་དེ་རེད།ཧུར་ཐག་གིས་ཏང་ཨུ་ལ་གཞོགས་འདེགས་བྱས་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་པ།ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ནི་རང་རྒྱལ་གྱི་དུས་ཡུན་རིང་པོའི་རྩ་བའི་རྒྱལ་ཇུས་ཤིག་ཡིན་ལ།རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་རིམ་སྤེལ་རྒྱུར་འགན་ལེན་བྱེད་པའི་རྩ་བའི་ཆ་རྐྱེན་ཞིག་ཀྱང་ཡིན་པ་རེད།
ཞིང་ཆེན་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་པའེ་མིང་གིས་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཆོས་ལུགས་ཅུས་ཀྱི་ཚབ་བྱས་ནས་རང་ཁུལ་གྱི་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ50འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པས་མ་ཚད།ལོ50ཡི་རིང་ལ་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཨུ་དང་སྲིད་གཞུང་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་ཆོས་ལུགས་མི་སྣ་དང་།ཁུལ་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་བྱམས་བརྩེའི་ངང་ནས་འཚམས་འདྲི་ཞུས་པ་རེད།ཁོང་གིས་གསུངས་རྒྱུར།དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་བརྒྱུད་པའི་ལོ་50ནི་མཐུན་སྒྲིལ་ཡར་ཐོན་དང་རྒྱལ་གཅེས་ཆོས་གཅེས་བྱས་པའི་ལོ50ཡིན་ལ།ཡིད་ཆེས་བརྒྱ་འགྱུར་སྤོབས་པས་ཁེངས་པའི་ལོ50ཡང་ཡིན།ཕུལ་དུ་བྱུང་བའི་ཆོས་ལུགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་50དང་།རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་གོང་འགྲིག་ཡོང་བ་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་རང་རྟོགས་ཀྱིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པའི་ལམ་བུ་ཐོག་སྐྱོད་པའི་ལོ50ཡང་ཡིན་པ་རེད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་དགའ་བསུ་ཞུ་ཚིག་འབུལ།དར་མདོའི་ཡེ་ཤུ་ཆོས་ལུགས་དགོན་པའི་ཨ་ཤང་ཡོན་ཏན་གྱིས་ཁུལ་ནང་གི་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་དག་གི་ཚབ་བྱས་ནས་ཤིས་ཚིག་འབུལ་བ་རེད།
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་སྒྲུབ་གཞོན་པ་དབྱང་ཅན་ཙན་དང་ཀྲུང་གོ་བོད་སྐད་མཐོ་རིམ་སློབ་གླིང་གི་ཡོན་ཀྲང་གཞོན་པ།དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ནག་ཚང་བྱམས་པ་ངག་དབང་།ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལྟ་སྐོར་པ་གཞོན་པ་ལི་མིང་ཆོན།ལིའང་ཧྲན་ཁུལ་དང་རྔ་བ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།ཆོས་ལུགས་ཅུས།ནང་བསྟན་མཐུན་ཚོགས་ཀྱི་འགན་ཁུར་པ་སོགས་གདན་ཞུ་ལྟར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ནང་ཞུགས་པ་རེད།
ཚོགས་འདུ་མ་འཚོག་སྔོན་དུ་ཚོགས་ཞུགས་མི་སྣས་ཁུལ་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ50ཡི་རིང་གི་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།