ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-10-11
ཉེ་ལམ། སི་ཁྲིན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐང་བོད་གནའ་ལམ་གནའ་རྫས་རྟོག་ཞིབ་ཀྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཤིང་། གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་ལོ་གསུམ་གྱི་རིང་ལ་གཟིགས་ཞིབ་བྱས་པར་བརྒྱུད། བསྟུད་མར་སེར་ཤུལ་རྫོང་ཁོངས་སུ་བཙན་པོ་དུས་སྐབས་ཀྱི་རྡོ་བརྐོས་གནས3རྙེད་ཅིང་། འདི་ནི་མིག་སྔར་རྙེད་ཟིན་པའི་རང་རྒྱལ་བོད་རིགས་ས་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བའི་བཙན་པོ་དུས་སྐབས་ཀྱི་རྡོ་བརྐོས་སྐོར་ཞིག་རེད། ཆེད་མཁས་པས་བསྟན་དོན། ཐེངས་འདིའི་གནའ་རྫས་རྟོག་ཞིབ་གསར་རྙེད་བྱུང་བ་འདིས་མདོ་དབུས་མཐོ་སྒང་གི་ཐང་བོད་གནའ་ལམ་ཞིབ་འཇུག་བྱེད་པའི་གལ་ཆེའི་དཔྱད་ཡིག་གི་སྟོང་ཆ་བསྐངས་པ་རེད།
ད་ལོའི་ཟླ5བར། གནའ་བོའི་ཕོ་བྲང་བཤམས་སྟོན་ཁང་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། སི་ཁྲིན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། ཧྲན་ཞི་ཞིང་ཆེན་རིག་དངོས་ཅུའུ་སོགས་གནའ་རྫས་རྟོག་ཞིབ་ཚན་ཞིབ་ལས་ཁུངས་ཀྱིས་སེར་ཤུལ་རྫོང་དུ་བཙན་པོ་དུས་སྐབས་ཀྱི་རྡོ་བརྐོས་ཐད་ལ་ཞིབ་ཕྲའི་རྟོག་ཞིབ་བྱས་ཤིང་། གསར་དུ་རྙེད་པའི་རྡོ་བརྐོས་སྐོར་དེ་ནི་སེར་ཤུལ་རྫོང་གི་ལོ་ཆུང་གྲོང་རྡལ་གྱི་པདྨ་ལྷ་རི་དང་ཁྲོམ་གཟའ་འགབ་མ་ཡུལ་ཚོ། འབའ་དགའ་ཡུལ་ཚོའི་དབྱེར་གོ་སྡེ་བ་བཅས་སུ་ཡོད། དེ་ལས་བོད་ཀྱི་གནའ་ཡིག་གིས་བྲིས་ཡོད་པར་བལྟས་ན། རྡོ་བརྐོས་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་སྟེ་ཧ་ལམ་སྤྱི་ལོའི་དུས་རབས8པའི་དུས་མཇུག་དང་དུས་རབས9བའི་དུས་མགོ་རུ་བྱུང་བ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10