ལིའུ་ཀྲེན་ཡས་རང་ཁུལ་དུ་གློག་དྲ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-08-29

  ཟླ་བ8པའི་ཚེས20ནས་ཚེས23ཉིན་གྱི་བར་རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་འཛིན་འགོ་གཙོ།ཏང་ཙུའུ་ཧྲུའུ་ཅི་ལིའུ་ཀྲེན་ཡ་ཡིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་ནས་རང་ཁུལ་གྱི་འབའ་ཐང་དང་ཕྱག་ཕྲེང་།འདབ་པ་རྫོང་བཅས་ཀྱི་ཡུལ་དངོས་སུ་ཁྲོན་བོད་གློག་དྲ་འབྲེལ་བའི་ལས་གྲྭ་འཛུགས་སྐྲུན་དང་གློག་མེད་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བྱེད་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཁོང་གིས་ནན་གསུང་གནང་དོན།ཁྲོན་བོད་གློག་དྲ་འབྲེལ་བའི་ལས་གྲྭ་འཛུགས་སྐྲུན་བྱེད་མཁན་མི་སྣས་ཚད་མཐོན་པོའི་འགན་སེམས་ཐོག་ནས་ལས་གྲྭ་འཛུགས་སྐྲུན་བྱེད་པར་ཞུགས་ཤིང་གློག་ཤུགས་འཛུགས་སྐྲུན་གྱི་ངར་ལྕགས་ལྟ་བུའི་དཔུང་སྡེ་ཞེས་པའི་གཞན་ལས་ལྷག་པའི་འགན་ཁུར་ཐུབ་པ་དང་།གཞན་ལས་ལྷག་པའི་དཀའ་སྡུག་མྱོང་ཐུབ་པ།གཞན་ལས་ལྷག་པའི་ལས་འཐབ་བྱེད་ཐུབ་པ།གཞན་ལས་ལྷག་པའི་ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་དཔའ་ངར་ཞུམ་མེད་ཀྱིས་སྤྱོད་ཚུལ་འདོན་སྤེལ་བྱས་ནས་ཉེན་མེད་དང་སྤུས་ལྡན།འཆམ་མཐུན་བཅས་ཨང་དང་པོར་བཞག་ནས་གློག་གིས་བོད་ཁུལ་གསལ་བ་དང་དམངས་སེམས་དྲོད་པའི་གློག་ཤུགས་མཁའ་ལམ་འཛུགས་སྐྲུན་གྱི་ཚད་གཞི་ཆེས་མཐོ་ཤོས་དང་སྤུས་ཀ་ཆེས་མཐོ་བ་བཅས་ཡག་པོ་སྐྲུན་དགོས།ཚེས20ཉིན་གྱི་དགོང་མོར།ཁྲོན་བོད་གློག་དྲ་འབྲེལ་བའི་ལས་གྲྭ་དང་གློག་མེད་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བྱེད་ཚུལ་གྱི་སྙན་སེང་ཚོགས་འདུ་འབའ་ཐང་དུ་འཚོགས་པ་རེད།བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ།རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེང་ཡ་ཞན་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ལིའུ་ཅེ་ཚོགས་འདུའི་ནང་ཞུགས་པ་རེད།
    ལིའུ་ཀྲེན་ཡ་ཡིས་སི་ཁྲོན་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཁྲོན་བོད་གློག་དྲ་འབྲེལ་བའི་ལས་གྲྭ་དང་གློག་མེད་པའི་ས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ལས་གྲྭ་འཛུགས་སྐྲུན་ལ་གནང་བའི་གལ་འགངས་ཆེ་བའི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པ།ལས་གྲྭ་འཛུགས་སྐྲུན་གྱི་གལ་འགངས་ཆེ་བའི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ནི་ནན་ཏན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གལ་འགངས་ཆེ་བའི་བྱེད་ཐབས་ཤིག་ཡིན་པ་དང་།རྒྱལ་ཁབ་དང་རྒྱལ་ཁབ་གློག་དྲ།ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་སྤུན་ཟླའི་སེམས་ཁུར་གོང་འགྲིལ་ཡོང་བཞིན་ཡོད་པས།འཛུགས་སྐྲུན་ནང་ཞུགས་མཁན་མི་སྣས་ཁྲོན་བོད་གློག་དྲ་འབྲེལ་བའི་ལས་གྲྭ་དང་གློག་མེད་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློ་དང་། ལས་ཀ། ལུས་པོ་བཅས་ཀྱི་ཐོག་ནས་གྲ་སྒྲིག་ཡག་པོ་གང་ལེགས་བྱས་ཤིང་།ཡིད་ཆེས་བརྟན་པོ་བྱེད་པ་དང་།འགག་སྒྲོལ་དཀའ་གནད་སེལ་བ།ཚད་མཐོ་བའི་འགན་སེམས་ཀྱི་ཐོག་ནས་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་ཤིང་།གློག་ཤུགས་འཛུགས་སྐྲུན་གྱི་ངར་ལྕགས་ལྟ་བུའི་དཔུང་སྡེ་ཞེས་པའི་གཞན་ལས་ལྷག་པའི་འགན་འཁྲི་དང་།གཞན་ལས་ལྷག་པའི་དཀའ་སྡུག་མྱོང་ཐུབ་པ།གཞན་ལས་ལྷག་པའི་དམག་འཐབ་བྱེད་ཐུབ་པ།གཞན་ལས་ལྷག་པའི་ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ་འདོན་སྤེལ་བྱས་ནས།ཉེན་མེད་དང་།སྤུས་ལྡན་འཆམ་མཐུན་བཅས་ཨང་དང་པོར་བཞག་ནས་གློག་གིས་བོད་ཁུལ་གསལ་བ་དང་དམངས་སེམས་དྲོད་པའི་གློག་ཤུགས་མཁའ་ལམ་འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ་དང་སྤུས་ཀ་མཐོ་བའི་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་བཏོན་པ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་སེར་ཝེ་ཡའི་ཙུང་ཐུང་ཉི་ཁི་ལིས་ཆི་དང་གླེང་མོལ་མཛད།
  • ལེ་ཚན་རྗེས་མ།: ཧུའུ་ཁྲང་ཧྲེང་གིས་གྲོང་སྡེ་རིམ་པའི་རྩ་འཛུགས་བརྗེ་རེས་འདེམས་བསྐོའི་ལས་ཀའི་ཚོགས་འདུའི་སྟེང་དུ་གསུངས་བ
  • དོ་སྣང་ཆེ་བའི་རྩོམ།