ནམ་ཡང་མི་འཇིག་པའི་ཚེ་སྲོག་གི་མར་མེ།
མིག་དམར་དོན་འགྲུབ་དང་ཀུན་དགའ་ནས། 2014-12-04
གློ་བུར་དུ་བྱུང་བའི་གནོད་སྐྱོན་ལ་དཔའ་མི་ཞུམ་ཞིང་མདུན་དུ་བསྐྱོད་དེ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དུ་མ་ཤུལ་དུ་བཞག མང་ཚོགས་ཀྱི་རྒྱུན་ཆད་མེད་པའི་བསྟོད་པ་དང་འགྱོ ད་གདུང་ཚད་མེད་ཀྱི་ཁྲོད་དུ་ཁོང་གཤེགས་སོང་། འདི་འདྲ་མགྱོ གས་པའི་ངང་གཤེགས་སོང་།རེད་དེ་ཁོང་གི་སྐུ་གཟུགས་འགྱེལ་སོང་ཡང་ཉམས་མེད་ཀྱི་དར་ཆ་ཞིག་ཁམས་པའི་ས་གཞི་ཆེན་མོར་བཙུགས།
ཁོང་གི་དགུང་ལོ33གྱི་མི་ཚེ་མཇུག་བསྒྲིལ་ཀྱང་མདོ་དབུས་མཐོ་སྒང་དུ་ནམ་ཡང་ཞུམ་ཞིག་བྲལ་བའི་སྙིང་སྟོབས་ཀྱི་རྡོ་རིང་བཞེངས་ཤིང་ཚེ་སྲོག་གི་མར་མེ་ནམ་ཡང་འཇིག་མི་སྲིད། ཟླ་བ11པའི་ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད4པའི་ཐོག་གུང་གཞོན་ཚོགས་པའི་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཡོན་ཡ་ཞུན་གནོད་སྐྱོབ་བྱེད་པའི་ལམ་བར་གཞུང་དོན་དུ་ཚེ་ལས་འདས་པ་རེད།
རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་ས་འགུལ་ལྟེ་གནས་ཀྱི་དར་མདོ་རྫོང་ལྷ་སྒང་ཤང་བར་གྱི་གཞུང་ལམ་གྱ་གྱུ་ཞིག་ཏུ་ཁོང་བསྡད་ཡོད་པའི་ལྗོངས་འཁོར་བཤུད་དེ་ལམ་འོག་ཏུ་འགྲེད་པ་རེད། ཁོང་ལྗོངས་འཁོར་ལས་ཕྱིར་འཕངས་ཏེ་མགོ་ས་ལ་བརྡབས་ཤིང་། མྱུར་སྐྱོབ་རླངས་འཁོར་ཐོན་དུས་ཁོང་གི་ངོ་གདོང་ས་འགུལ་ལྟེ་གནས་སུ་འཁོར་ཡོད་ཅིང་མཁྲིག་རྩ་ད་དུང་ཅུང་ཙམ་འཕར་བཞིན་ཡོད་ཀྱང་དུས་ཚོད་སྐར་མ་བཅུ་ཙམ་ལ་འཕྲལ་སྐྱོབ་བྱས་མོད།འོན་ཀྱང་ན་གཞོན་གྱི་ཚེ་སྲོག་ང་ཚོ་དང་ཡུན་ནས་ཡུན་དུ་བྲལ་སོང་། ཡོན་ཡ་ཞུན་ནི་མི་སྤྱིར་བཏང་བ་ཞིག་ཡིན་ཡང་གནོད་སྐྱོན་ཐེབས་པའི་སྐད་ཅིག་ཉིད་ལ་ཁོང་གིས་ཞུམ་མེད་ཀྱི་དཔའ་ངར་བསྐྱེད་དེ་མི་གཤིས་ཀྱི་གཟི་བརྗིད་བསྟན། ཁོང་གིས་རང་ཉིད་ཀྱི་ཤ་ཁྲག་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་བླ་མེད་ཀྱི་འགན་འཁྲི་དང་མཆོག་འགྱུར་གྱི་ལས་འགན་ལ་གསལ་འགྲེལ་བྱས་པ་རེད། གལ་སྲིད་དར་མདོ་ལ་གནས་ཚུལ་འདི་འདྲ་ཞིག་བྱུང་མེད་ན་ཡོན་ཡ་ཞུན་ད་ལྟར་ནན་ཅིན་དུ་གུང་གསེང་ལ་རོལ་བཞིན་ཡོད་རྒྱུ་རེད། ལོ་གཅིག་ལ་ངལ་གསོ་བྱེད་མེད་པའི་ཁོང་གིས་ཁུལ་འཛུགས་པའི་དུས་ཆེན་དང་བསྟུན་ནས་ནན་ཅིན་ལ་ངལ་གསོ་བྱེད་དུ་སོང་ཞིང་།ཟླ་བ11པའི་ཚེས22ཉིན་ཡོན་ཡ་ཞུན་ནན་ཅིན་ལ་ཐོན་མ་ཐག་ཕ་ཡུལ་ལ་ས་འགུལ་ཡོང་བ་ཐོས་འཕྲལ་ཁོང་གིས་ང་ལ་ཁ་པར་ཞིག་བཏང་སྟེ་ཕྱིར་ཡོང་རྒྱུའི་རེ་བ་བཏོན་ཞིང་།སྐབས་དེར་གནོད་ཐེབས་བྱུང་བའི་གནས་ཚུལ་མི་ཤེས་པས་ངས་ཁོང་ལ་བཀའ་སྒུག་དགོས།དོན་དག་ཡོད་ན་ཁྱོད་ལ་བརྡ་སྦྱོར་རྒྱུ་ཡིན་ཞེས་བཤད་ཀྱང་དུས་རྒྱུན་ཞི་ཞིང་འཇམ་པའི་ཁོང་གིས་མི་འདོད་པའི་རྣམ་འགྱུར་བསྟན་བྱུང་།ང་ཡུལ་ཤུལ་ས་འགུལ་གྱི་རོགས་སྐྱོབ་ཏུ་སོང་མྱངས་ཕྱིར་ང་ལ་ཉམས་མྱོང་ཡོད་པས་ང་མགྱོ གས་པོར་ཕྱིར་ལོག་རྒྱུ་ཡིན་ཞེས་ཁུལ་གུང་གཞོན་ཚོགས་པའི་ཧྲུའུ་ཅི་བློ་བཟང་ལྷ་སྒྲོལ་ལ་དེ་ལྟར་བཤད་པ་རེད། ཕྱི་ཉིན་ཡོན་ཡ་ཞུན་ངལ་གསོའི་མཚམས་བཞག་སྟེ་གནམ་གྲུ་ནས་དར་མདོ་ལ་འབྱོར་མ་ཐག་ལྷ་སྒང་གནོད་སྐྱོན་ཐེབས་ཁུལ་དུ་ཕེབས་པ་རེད། ཕྱིར་དར་མདོའི་གནོད་སྐྱོན་ཐེབས་ཁུལ་དུ་དཔའ་མི་ཞུམ་ཏེ་མདུན་དུ་བསྐྱོད་པའི་ལམ་བར་ནི་ཁོང་གི་མི་ཚེའི་ནང་གི་ཆེས་མཇུག་མཐའི་དུས་ཚོད་ཡིན་པ་སུས་ཀྱང་ག་ལ་ཤེས་། ས་འགུལ་བྱུང་རྗེས་གུང་གཞོན་ཚོགས་པས་ས་གནས་དེ་གའི་འགུལ་འགོག་བཀོད་འདོམས་པུའུ་ཡིས་གཅིག་འགྱུར་གྱི་སྒྲིག་འཛུགས་འོག མགྱོ གས་མྱུར་ངང་འགུལ་འགོག་གནོད་སེལ་ལ་ཞུགས་པ་རེད། གུང་གཞོན་ཚོགས་པའི་ལས་བྱེད་པ་རྣམས་ཀྱིས་ཁྱད་ཡོན་འབུར་དུ་བཏོན་ནས་སྒྲིག་འཛུགས་ཀྱི་དང་བླངས་པ་དང་གནོད་སྐྱོབ་ཀྱི་དངོས་པོ་མཐུན་སྦྱོར་བྱེད་པ་སོགས་ཀྱི་འགན་བཞེས་ཤིང་། ཡོན་ཡ་ཞུན་གྱིས་བབ་བསྟུན་ན་གཞོན་དང་བླངས་པའི་ཞབས་ཞུ་ཚོགས་པའི་བཀོད་འདོམས་པ་གཞོན་པའི་འགན་བཞེས་ནས་ལས་རོགས་པ་རྣམས་དང་མཉམ་དུ་མི་ཁོམ་མི་ལྕོགས་བྱས་པ་རེད། ཚེས24ཉིན།གསར་འགོད་པས་ས་འགུལ་གནོད་སྐྱོན་ཐེབས་ཁུལ་དུ་ཡོན་ཡ་ཞུན་མཐོང་བྱུང་།ཁོང་གི་སྤྱན་ཟུང་དམར་པོར་གྱུར་ཞིང་སྐད་འགག་པ་དང་མགོ་སྐྲ་ཟིང་ཟིང་ངང་ནས་མང་ཚོགས་བདེ་སྡོད་ཀྱི་སྦྲ་གུར་སྔོན་པོའི་མདུན་དུ་བོད་པའི་རྒན་པོ་ཞིག་ལ་སེམས་གསོ་བྱེད་གིན་འདུག ཁྱེད་སེམས་ཁྲལ་མི་དགོས་ཏང་ཨུ་དང་སྲིད་གཞུང་།མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་རྒྱབ་སྐྱོར་ཡོད་པས་ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་པོ་འགྲོ་ལེ་རེད་ཅེས་བཤད་པས་རྒན་པོས་ཀྱང་མགོ་བོ་ལྕོག་ལྕོག་བྱེད་བཞིན་མཐེ་བོང་བསྒྲེངས་ཏེ་ཁ་བྲོ་ཁ་བྲོ་ཞེས་བཤད་པ་རེད། ང་ཚོས་ཁོང་གི་དགོད་ཅིང་འཛུམ་པའི་གདོང་ལས་ཁྲག་དམར་འཛག་བའི་རྨ་ཁར་ལྟ་བཞིན་སེམས་སུ་ན་ཟུག་དྲག་པོ་ཞིག་དབང་མེད་དུ་སྐྱེས་བྱུང་། གང་ལགས་ཞེ་ན། ཁོང་ནི་དཀའ་ངལ་དང་བར་ཆད་ཀྱི་ཁྲོད་དུ་ནམ་ཡང་མགོ་བོ་མི་སྒུར་ཞིང་མདུན་དུ་བསྐྱོད་པའི་དཔའ་བོ་ཞིག་ཡིན་ལ། མུན་ནག་དང་འཇིགས་སྐྲག་གི་ཁྲོད་དུ་ནམ་ཡང་མི་ནུབ་པའི་སྒྲོན་མེ་ཞིག་ཡིན།ཁོང་གི་བླ་མེད་ཀྱི་སྤྱོད་བཟང་དང་ཞུམ་མེད་ཀྱི་སྤོབས་པ་དེ་ང་ཚོའི་སེམས་སུ་རྡོ་བརྐོས་རི་མོ་བཞིན་ནམ་ཡང་འཇིག་མི་སྲིད།
ཚེས25ཉིན་ནི་ཧ་ཅང་རྒྱུན་ལྡན་གྱི་དུས་ཤིག་ཡིན་མོད། འོན་ཀྱང་ཡོན་ཡ་ཞུས་ལ་མཚོན་ན་ཉིན་དེ་ནི་ཧ་ཅང་བྲེལ་འཚུབ་ཆེ་བའི་ཉིན་ཞིག་ཡིན་ཏེ། ཉིན་དེའི་ཞོགས་པར་ཁོང་དང་ཐོན་ཞིང་ཨུ་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་སྤྱི་ཚོགས་ཞབས་ཞུ་འགུལ་འགོག་རོགས་སྐྱོར་ཚོ་ཆུང་དང་མཉམ་དུ་ལྷ་སྒང་གནོད་ཐེབས་ཁུལ་གྱི་ཞབས་ཞུ་ས་ཚུགས་སུ་ཞབས་ཞུ་བྱེད་སྟངས་སྐོར་ལ་རྒྱུས་ལོན་དུ་སོང་བ་དང་། ལྷ་སྒང་སློབ་ཆུང་དང་ར་རྔ་ཁ་སློབ་ཆུང་། མི་ཉག་རྫོགས་ཆེན་སློབ་ཆུང་བཅས་སུ་གནོད་སྐྱོན་ཐེབས་ཚུལ་ལ་རྒྱུས་ལོན་དང་བཅར་འདྲིར་ཕེབས།ཉིན་དེའི་དགོང་མོའི་དུས་ཚོད8པར། ཁོང་ལས་སྒྲུབ་ཚོ་ཆུང་དང་མཉམ་དུ་གནོད་ཐེབས་ས་ཁུལ་གྱི་དང་བླངས་པ་དང་ལས་སྒྲུབ་མི་སྣར་འཚམས་འདྲིར་ཕེབས་པ་མ་ཚད། ད་དུང་འགུལ་འགོག་རོགས་སྐྱོར་སྐོར་གྱི་ཡིག་རིགས་འཚོལ་བསྡུས་བྱས་པར་བཀོད་སྒྲིག་བྱས་ཏེ་ཧ་ལམ་མཚན་གང་བོར་ཉལ་རྒྱུ་མ་བྱུང་བ་རེད། ཉིན་དེའི་དགོང་མོའི་དུས་ཚོད23དང་སྐར་མ19ཐོག་དར་མདོར་སླར་ཡང་ཚད་རིམ5.8ཀྱི་ས་འགུལ་བྱུང་བ་རེད། ཡོན་ཡ་ཞུན་ལ་མཚོན་ན་ཚེས26ཉིན་ནི་ཆེས་བྲེལ་འཚུབ་ཆེ་བའི་ཉིན་ཞིག་ཡིན ། ཉིན་དེའི་སྔ་དྲོར། ཁོང་སྔ་རྗེས་སུ་དཔལ་སྨད་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་གསེར་ཁ་སློབ་ཆུང་། ཞི་བདེ་སློང་ཆུང་། ལུང་བསྟན་སློབ་ཆུང་བཅས་སུ་ཕེབས་ནས་ས་འགུལ་ཁྲོད་དུ་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་དེ་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ1680ཐོག་སྟབས་བདེའི་ཁང་བ30འཛུགས་རྒྱུར་གྲོས་མོལ་གནང་བ་རེད།ས་འགུལ་ཐེངས་གཉིས་ཀྱིས་སློབ་གྲྭ་ཁག་གི་སློབ་ཁྲིད་ཐོག་ཁང་དང་སློབ་ཁྲིད་སྒྲིག་ཆས་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པས་སློབ་མ་རྣམས་སློབ་སྦྱོང་བྱེད་ཐབས་བྲལ་ཞིང་། གནས་ཚུལ་དེ་དང་བསྟུན་ནས་སྟབས་བདེའི་སློབ་ཁང་བཙུགས་ཏེ་མུ་མཐུད་དེ་སློབ་ཁྲིད་བྱ་ཐུབ་རྒྱུ་སོགས་ཀྱི་ལས་ཀར་བྲེལ་བ་རེད། ཕྱི་དྲོའི་དུས་ཚོད3དང་སྐར་མ30ཐོག་དཔལ་སྨད་ནས་ལྷ་སྒང་དུ་བསྐྱོད་པའི་ལམ་བར་དུ་རླངས་འཁོར་བྱུར་རྐྱེན་བྱུང་སྟེ་ཚེ་ལས་འདས། སེམས་སྐྱོ་བ་ཞིག་ལ་ལམ་བར་དུ་ཁ་པར་བཏང་ནས་ལྷ་སྒང་དུ་བསྐྱལ་དགོས་པའི་རོགས་སྐྱོར་དངོས་རྫས་ཏེ་སྲིང་བལ་སྟོད་ཐུང་ཆ1000དེ་གྲ་སྒྲིག་ཅི་འདྲ་རེད་འདུག་ཅེས་སེམས་ཁུར་གྱི་ཁ་པར་བཏང་ནས་དུས་ཚོད་སྐར་མ10ཙམ་ལས་མ་འགོར་བར་དོན་རྐྱེན་བུད་པ་རེད། དཀར་མཛེས་ཁུལ་གྱི་མི་དམངས་ཁྲི་ཚོ100ལྷག་གིས་ཁྱེད་ཀྱི་མཛད་རྗེས་དང་སྤྱོད་བཟང་ནམ་ཡང་བརྗེད་མི་སྲིད།