བརྒྱད་ཟིལ་རྫོང་གི་ཞིང་འབྲོག་མི་དམངས་ཕྱི་ལ་ཡོང་འབབ་སྒྲུབ་ས་འགྲོ་བར་ཐབས་ལམ་ཡོད།

དབྱངས་ཅན་གྱིས་བསྒྱུར།        2013-08-08

    ད་ལོའི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་སླེབས་པ་ནས་བཟུང་།བརྒྱད་ཟིལ་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབད་པ་ཆེ་སྐྱེད་ཀྱིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བའི་བཀའ་སློབ་དང་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། དབྱར་རྩྭ་དགུན་འབུ་རྐོ་བར་དམ་པོ་དམིགས་ནས་ཐོན་ཁུངས་འབེལ་པོ་ཡོད་སའི་རྫོང་དང་མཐུན་སྦྱོར་དང་གྲོས་མོལ་ཡང་ཡང་བྱས་ནས། མང་ཚོགས་གོ་རིམ་ལྡན་པའི་སྒོས་དབྱར་རྩྭ་དགུན་འབུ་བརྐོ་ས་མངག་རྒྱུ་སྒྲིག་འཛུགས་བྱས་པས། མི་རེས་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལྷག་རག་ནས་ཕན་ནུས་ལྡན་པའི་སྒོས་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་རེད།
    བརྒྱད་ཟིལ་རྫོང་གི་མང་ཚོགས་འགའ་ཤས་སྔར་ནས་ལི་ཐང་དང་། ཉག་ཆུ། རྟའུ་སོགས་རྫོང་དུ་དབྱར་རྩྭ་དགུན་འབུ་རྐོ་ས་འགྲོ་བའི་ལུགས་སྲོལ་ཡོད་པར་གཞིགས་ནས། རྐོ་འདོན་དོ་དམ་བྱ་རྒྱུ་ཚད་ལྡན་ཡོང་བ་དང་མང་ཚོགས་ཀྱི་ཡོང་འབབ་དངོས་སུ་འཕར་སྣོན་བཏང་ནས་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་ཆེད། ཟླ་བ3པའི་ཟླ་སྟོད་ལ་བརྒྱད་ཟིལ་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་སྣུར་དུ་ལི་ཐང་དང་ཉག་ཆུ་སོགས་རྫོང་དང་མཉམ་དུ་འབྲེལ་ཡོད་བྱ་བ་སྒྲུབ་ཚུལ་ཐད་བསམ་ཚུལ་བརྗེ་རེས་དང་མཐུན་སྦྱོར་བྱས་པ་དང་། རང་མོས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག འབྲེལ་ཡོད་རྫོང་སོ་སོའི་ཤང་དང་། གྲོང་ཚོ། ཚོ་ཆུང་བཅས་ཀྱིས་དུས་ཐོག་ཏུ་རིམ་པ་གསུམ་གྱི་ཚོགས་འདུ་འཚོགས་ནས། དབྱར་རྩྭ་དགུན་འབུ་རྐོ་འདོན་བྱེད་པའི་འབྲེལ་ཡོད་བྱ་བ་ཐད་ནན་བཤད་དང་བཀོད་སྒྲིག་བྱས་པ་དང་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ཞིབ་ཕྲ་བྱས། ཁྱད་པར་དུ་མི་སྣ་ཕྱི་ཡུལ་དུ་མངག་མཁན་ཤང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དབྱར་རྩྭ་དགུན་འབུ་རྐོ་མཁན་མང་ཚོགས་ལ་ངེས་པར་དུ་ཡུལ་དེ་རང་གི་དོ་དམ་ལས་ཀར་དང་ལེན་བྱེད་དགོས་པ་དང་། ཡུལ་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང་བྱས་ཏེ་འཆམ་མཐུན་སྒོས་དབྱར་རྩྭ་དགུན་འབུ་རྐོ་དགོས་པའི་བླང་བྱ་བཏོན་པ་རེད། གྲོང་ཚོས་སྡེ་ཚན་བྱས་པ་དང་གྲོང་ཚོའི་ཚོ་ཆུང་གི་ལས་བྱེད་པས་སྣེ་ཁྲིད་དེ་གོ་རིམ་ལྡན་པའི་ངང་ལི་ཐང་རྫོང་དུ་མང་ཚོགས430ལྷག་དབྱར་རྩྭ་དགུན་འབུ་རྐོ་སར་བསྐྱལ་བར་མ་ཟད། རྐོ་འདོན་བྱེད་པའི་གོ་རིམ་ཡོངས་ལ་རྗེས་འདེད་ལྟ་སྐུལ་བྱས་ནས་རྐོ་འདོན་གྱི་སྒྲིག་ལམ་ཡག་པོ་བསྐྲུན་པ་དང་ཆབས་ཅིག མང་ཚོགས་འདི་དག་གི་བསམ་བློ་གཏོང་ཚུལ་དངོས་སུ་ཤེས་རྟོགས་བྱས་པ་དང་། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་མཐོང་བ་དང་འགལ་བ་དང་རྩོད་གླེང་གི་གནད་དོན་ཐག་གཅོད་བྱས། ཟླ་བ6པའི་ཟླ་སྟོད་དུ་བརྒྱད་ཟིལ་རྫོང་གི་སྡེ་ཁག་སོ་སོ་དང་ཤང་དང་གྲོང་རྡལ་གྱི་འགན་ཁུར་མི་སྣ་གཙོ་བོ་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་ཡང་བསྐྱར་ལི་ཐང་རྫོང་གི་དཔོན་སྐོར་ཤང་དང་། ཧོར་རྙིང་ཤང་། ཚེ་མགོན་ཤང་། སྡེ་འོག་མ་ཤང་བཅས་ཐོན་ལས་བྱེད་ས་གཙོ་ཆེན་བཞི་རུ་ཕྱིན་ནས་རྗེས་འདེད་ཞབས་ཞུ་བྱས་པ་དང་། བརྒྱད་ཟིལ་རྫོང་ནས་ཡོང་བའི་དབྱར་རྩྭ་དགུན་འབུ་རྐོ་མཁན་ལ་རེ་རེ་བཞིན་དུ་འདྲི་རྟོགས་དང་བཞུགས་མོལ་གྲོས་ཚོགས་ཐེངས5འཚོགས་པ་དང་མི་གྲངས70ལྷག་ལ་འདྲི་རྩད་བྱས། དབྱར་རྩྭ་དགུན་འབུ་རྐོ་མཁན་མང་ཚོགས་ལ་སྒྲིག་ཁྲིམས་བརྩི་སྲུང་དང་རང་གཅུན་གྱི་སྒོས་དབྱར་རྩྭ་དགུན་འབུ་བརྐོས་ནས་ཞི་བདེ་མཉམ་གནས་བྱེད་དགོས་པའི་བསླབ་བྱ་ཡང་ཡང་བརྒྱབ་པ་རེད།
  • ལེ་ཚན་སྔོན་མ།: ཞབས་བྲོའི་ཕ་ཡུལ་ལ་བརྩེ་སེམས་བཅངས་ནས་དཀར་མཛེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་དམངས་འཚོའི་འགན་སྲུང་ལས་ཀ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།