ཞུང་ཅན་ཕིང་གིས་ཀྲེན་ཅང་ཞིང་ཆེན་སྲིད་གཞུང་གི་རྟོག་ཞིབ་ཚོགས་པ་ཁྲིད་ནས་རང་ཁུལ་དུ་ཕེབས་ཏེ་བརྟག་དཔྱད་ཞིབ་འཇུག་གནང་།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-08-08

ཁྲེང་ཏུའུ་རུ་འཚོགས་པའི་ཀྲེན་ཅང་དབུལ་སྐྱོར་རོགས་ལས་ཚོགས་འདུ་མཇུག་གྲིལ་རྗེས།ཟླ་བ7པའི་ཚེས31ཉིན་ནས་ཟླ་བ8པའི་ཚེས2ཉིན་གྱི་བར།ཀྲེན་ཅང་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཞུང་ཅན་ཕིང་གིས་ཞིང་ཆེན་སྲིད་གཞུང་གི་རྟོག་ཞིབ་ཚོགས་པ་སྣེ་ཁྲིད་ནས་རང་ཁུལ་དུ་ཕེབས་ཏེ་ཀྲེན་ཅང་ཞིང་ཆེན་གྱི་དབུལ་སྐྱོར་རྣམ་གྲངས་ཁག་གཅིག་རང་ཁུལ་དུ་ལག་བསྟར་བྱེད་ཚུལ་དང་བོད་ཁུལ་གྱི་ལྗོངས་རྒྱུ་འཕེལ་རྒྱས་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
    ཟླ་བ7པའི་ཚེས31ཉིན་གྱི་སྔ་དྲོར།གནམ་གྲུ་ནང་མར་བབ་མ་ཐག་འཐུས་ཚབ་ཚོགས་པའི་གྲུབ་མི་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3500ཡོད་པའི་དར་མདོ་རྫོང་གི་ར་རྔ་ཁ་གྲོང་རྡལ་གྱི་མགོ་ལོག་ཐོག་གི་གྲོང་ཚོ་གསུམ་དུ་གྲོང་ཚོ་གསར་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་ཚུལ་ལ་གཟིགས་ཞིབ་གནང་བ་དང་དབུལ་ཕོངས་ཞིང་འབྲོག་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།
    ཚོགས་ཐོག་ཞུང་ཅན་ཕིང་གིས་རང་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་དབུལ་སྐྱོར་ལས་ཀ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།ཁོང་གིས་བསྟན་དོན།དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་བོད་ཁུལ་བརྟན་བརླིང་འཕེལ་རྒྱས་ཀྱི་ཁྲོད་དུ་ནུས་པ་གལ་ཆེན་འདོན་ཡོད་པ་དང་།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་སྐབས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད་པ་རེད།ང་ཚོར་དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་རྒྱུར་འོས་འགན་དང་འགན་འཁྲི་ཡོད་ལ་རོགས་རམ་བྱེད་ཐུབ་པའི་ཡིད་ཆེས་ཀྱང་ཡོད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་ཧུར་བརྩོན་གྱིས་ཞིང་ལས་ཉོ་སྒྲུབ་ཁ་གསབ་སྤྲད།
  • ལེ་ཚན་རྗེས་མ།: ཞབས་བྲོའི་ཕ་ཡུལ་ལ་བརྩེ་སེམས་བཅངས་ནས་དཀར་མཛེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་།
  • དོ་སྣང་ཆེ་བའི་རྩོམ།