སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཁམས་པའི་རིག་གནས་འགྲེམ་སྟོན་ཀོང་ཏུང་དུ་སྤེལ་འགོ་ཚུགས།

སྐལ་བཟང་ཐུབ་བསྟན།        2013-07-08

སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཁམས་པའི་རིག་གནས་འགྲེམ་སྟོན་ཀོང་ཏུང་དུ་སྤེལ་འགོ་ཚུགས།
སི་ཁྲོན་དཀར་མཛེས་བོད་ཁུལ་ཁམས་པའི་རིག་གནས་འགྲེམ་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཁམས་པའི་རིག་གནས་འགྲེམ་སྟོན་ཀོང་ཏུང་དུ་སྤེལ་འགོ་ཚུགས།


ཁམས་པའི་རིག་གནས་འགྲེམ་སྟོན་མཛད་སྒོའི་ཐོག་ཁུལ་དཔོན་ཡེ་ཤེས་ཟླ་བས་ཤིས་ཚིག་འབུལ་བཞིན་པ།སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཁམས་པའི་རིག་གནས་འགྲེམ་སྟོན་ཀོང་ཏུང་དུ་སྤེལ་འགོ་ཚུགས།


ཁམས་པའི་རིག་གནས་འགྲེམ་སྟོན་ཡུལ་དངོས་སུ་བོད་ཀྱི་ཡིག་མཁན་སྐལ་རྡོས་ཡིག་གཟུགས་འབྲི་བཞིན་པ།

 

ཟླ་བ7པའི་ཚེས5ཉིན་ནས་ཚེས9ཉིན་གྱི་བར།  དཀར་མཛེས་ཁུལ་ཨུ་དང་སྲིད་གཞུང་གིས་གཙོ་གཉེར་བྱེད་པའི་དར་མདོ་མཛའ་གཞས་ཀྱི་ཕ་ཁྱིམ་མཐའ་མཇུག་གི་སེམས་ཀྱི་ཉི་ཟླ་སྟེ་དྲི་མེད་གནས་མཆོག་དཀར་མཛེས་ཁུལ་ནས་ཀོང་ཏུང་དུ་སྐྱོད་པ་ཞེས་པའི་བརྗོད་བྱ་གཙོ་བོར་བྱེད་པའི་རིག་གནས་ཡུལ་སྐོར་དང་མ་འཇོག་མཉམ་ལས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་རིགས་འབྲེལ་བྱེད་སྒོའི་ནང་གསེབ་སྟེ་སི་ཁྲོན་དཀར་མཛེས་བོད་ཁུལ་ཁམས་པའི་རིག་གནས་འགྲེམ་སྟོན་བྱེད་སྒོ་དེ་ཀོང་ཏུང་མཛེས་རྩལ་ཁང་གི་ཐོག་ཁང་གཉིས་པའི་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་རེད།  དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་པེ་ཧྲི་ཞང་གིས་རིག་གནས་འགྲེམ་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་གཙོ་འགན་བཞེས་ཤིང་ཁུལ་དཔོན་ཡེ་ཤེས་ཟླ་བ་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཀྲི་ཕིང་གིས་ཤིས་ཚིག་ཕུལ་བ་རེད།     ཐེངས་འདིའི་འགྲེམ་སྟོན་ཐོག་རྒྱལ་ཁམས་གསུམ་གྱི་གཏམ་རྒྱུད་ཀྱི་ཀརྨ་སྒར་བྲིས་ཐང་ག100དང་།  ཀརྨ་སྒར་བྲིས་ཀྱི་ཞལ་ཐང20   གེ་སར་སྟོང་ཐང20   གནའ་བོའི་བོད་ཀྱི་ཡིག་གཟུགས་ཐང་ག20   དེང་རབས་བོད་ཀྱི་ཡིག་གཟུགས་ཐང་ག20    《བོད་སྨན་རྒྱུད་བཞིའི་》སྨན་བཅོས་ཀྱི་རིས་བཤད་ཐང་ག20བཅས་འགྲེམ་སྟོན་བྱས་པ་རེད།
     འགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས།   རིག་གནས་འགྲེམ་སྟོན་འགྲེལ་བཤད་པའི་སྣེ་ཁྲིད་འོག་ཏུ་དཀར་མཛེས་ཁུལ་གྱི་འགོ་ཁྲིད་རྣམ་པས་འབྲེལ་ཡོད་དབུ་ཁྲིད་དང་སྐུ་མགྲོན་རྣམས་ལ་ཕེབས་རོགས་བྱས་ཏེ་རིག་གནས་འགྲེམ་སྟོན་ལ་ལྟ་སྐོར་བྱས་པ་རེད།    ཀོང་ཏུང་རིག་གནས་ཅུས་སྒྱུ་རྩལ་ཁྲུའུ་ཡི་རྟོག་ཞིབ་པ་ཡིང་སྐུ་ཞབས་ལགས་ཀྱིས་སྔོན་ཆད་ཡིན་ན་ཐང་ག་ཞེས་པའི་ཚིག་དེ་ཐོས་པའི་ཚེ་ཐམས་ཅད་ནི་ལྷ་སྐུ་ཁོ་ན་ཡིན་སྣང་ཤར་གྱི་ཡོད།  དེ་རིང་དངོས་སུ་མཐོང་བས་དེ་ལྟར་རེད་མི་འདུག  ལོ་རྒྱུས་དང་འཚོ་བའི་སྐོར་དང་སྐྱེ་དངོས་སྲོག་ཆགས་སྐོར་ཡང་ཧ་ཅང་མང་པོ་འདུག   ཐང་གའི་བྲིས་སྟངས་ཚགས་དམ་ལ་བརྗོད་དོན་དང་ཉམས་འགྱུར། ཚོན་མདངས་སོགས་ཕུན་སུམ་ཚོགས་པོ་རེད།  སྣ་མང་རིག་གནས་འདྲེས་སྦྱོར་སོང་བའི་རང་རྟགས་མངོན་ཞིང་སྲོལ་རྒྱུན་རིག་གནས་ཀྱི་དྲི་མ་འཐུལ་ལེ་བ་ཞིག་རེད་འདུག  ང་ཚོས་ཁམས་པའི་རིག་གནས་ལ་གོ་རྟོགས་དེ་བས་ཆེ་རུ་ཕྱིན་སོང་།  དཀར་མཛེས་ཁུལ་གྱི་མི་དམངས་ཚོས་ང་ཚོར་འདི་འདྲའི་རིག་གནས་ཀྱི་ཟས་མཆོག་ཅིག་སྐྱེལ་དུ་ཡོང་བར་བཀའ་དྲིན་ཆེ་ཞེས་ཡིད་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་ཆ་སྙོམས་མི་རེའི་འཛད་སྤྱོད་འགྲོ་སྒོ་བརྒྱ་ཆ12འཕར་བ།
  • ལེ་ཚན་རྗེས་མ།:སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཁམས་པའི་རིག་གནས་འཆད་ཁྲིད་ཆེན་མོ་ཀོང་ཏུང་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།