རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ཟླ་བའི་བློ་འདྲི་ཉིན་མོའི་བྱེད་སྒོ་སྤེལ་བ།

        2013-07-02

ཉེ་ཆར།ང་ཚོས་ཉེན་མེད་ཡོང་བ་དེ་ཡིད་ལ་འཇོག་ཏུ་བཅུག་ཞེས་པ་དེ་བརྗོད་བྱ་གཙོ་བོ་བྱས་པའི་ཁུལ་གྱི་ཉེན་མེད་ཐོན་སྐྱེད་ཟླ་བའི་བློ་འདྲི་ཉིན་མོའི་བྱེད་སྒོ་ཐེངས་བཅུ་གཉིས་པ་དེ་ལྕགས་ཟམ་རྫོང་དུ་སྤེལ་བ་རེད།
    ཤེས་རྟོགས་བྱུང་བར་ལྟར།ཐེངས་འདིའི་བྱེད་སྒོ་དེ་ཁུལ་ཉེན་མེད་ཨུ་ཡོན་ལྷན་ཁང་གིས་ལྕགས་ཟམ་རྫོང་དང་མཉམ་དུ་ཐུན་མོང་དུ་གཙོ་གཉེར་བྱས་པ་དང་། བྱེད་སྒོའི་དམིགས་ཡུལ་ནི་ལས་སྒྲུབ་མི་སྣ་དང་། ཐོན་སྐྱེད་ཚོང་གཉེར་སྡེ་ཚན།རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཉེན་མེད་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཉེན་མེད་ཀྱི་ཁྲིམས་སྲོལ་ཤེས་རྟོགས་དང་།རྒྱུན་མཁོའི་ཉེན་མེད་ཤེས་བྱ་ཁོངས་དུ་ཆུད་པ།ཉེན་མེད་འགོག་སྲུང་གི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ནས། མི་ཚང་མས་ཉེན་མེད་ཡོང་ཐབས་ཤེས་པ་དང་། ཉེན་མེད་ཡོང་བར་མཐོང་ཆེན་དང་སེམས་ཁུར་བཅས་བྱེད་པའི་རྣམ་པ་བཟང་པོ་དངོས་སུ་ཆགས་ཏུ་བཅུག་ནས། ཁུལ་ཡོངས་ཀྱི་མི་དམངས་ལ་ཉེན་མེད་དང་། འཆམ་མཐུན། བརྟན་བརླིང་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཞིག་བསྐྲུན་པ་རེད།
  • ལེ་ཚན་སྔོན་མ།: ལྕགས་ཟམ་རྫོང་གིས་ཆགས་ཚུལ་ལེགས་སྒྲིག་བྱས་ནས་མི་སེར་ལ་བདེ་སྐྱིད་སྐྲུན།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་ལས་འཁྱུར་ངལ་གསོའི་ལས་བྱེད་པ་དུད་ཚང110ལ་བདེ་སྡོད་ལས་གྲྭའི་རོགས་དངུལ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།