རང་ཁུལ་ཞིང་འབྲོག་མི་དམངས་ལ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་བྱུང་།

ཀུན་དགས་བསྒྱུར།        2013-06-20

 2013ལོར་རྒྱལ་ཁབ་ཀྱིས་ཞིང་འབྲོག་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མུ་མཐུད་ནས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཡོད་པ་རེད། དཔེར་ན། གསོན་ཕག་གི་ཁ་གསབ་རོགས་དངུལ་དང་ཞིས་ལས་ཐོན་རྫས་ཀྱི་ཁ་གསབ་རོགས་དངུལ། ཕྱོགས་བསྡུས་ཀྱི་ཐད་ཀའི་ཁ་གསབ་རོགས་དངུལ། འཆར་ལྡན་བུ་བཙའི་དང་ཞིང་དོར་ནགས་སྤེལ། ཞིང་དོར་རྩྭ་འདེབས། རྒན་གསོ་ཉེན་འགོག་འགན་སྲུང་གི་ཁ་གསབ་རོགས་དངུལ། གནས་སྐབས་རང་བཞིན་གྱི་འཚོ་བའི་སྐྱོབ་རོགས། ཁྱད་པར་དུ་རྩྭ་ཐང་སྐྱེ་དངོས་ཀྱི་ཁ་གསབ་རོགས་དངུལ་དང་སྐྱིན་ཚབ་ནང་རྐྱེན་འཛུགས་པ་སོགས་དོན་འཁྱོལ་བྱས་པར་བརྟེན། སྲིད་གཞུང་གིས་རྣམ་གྲངས་སོ་སོའི་ཁ་གསབ་རོགས་དངུལ་རྣམས་ཐད་ཀ་ཞིང་འབྲོག་མི་དམངས་ཀྱི་ལག་ཏུ་སྟེར་ནས་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བ་རེད། དུས་ཚོགས་དང་པོར་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་མི་རེར་སྒོར196.84ཐོབ་ཡོད་པས་ན་ནིང་ལོ་དང་བསྡུར་ན་སྒོར28.53འཕར་སྣོན་བྱུང་བ་དང་བརྒྱ་ཆ16.95འཕར་སྣོན་བྱུང་བ་རེད།
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་དངོས་གནས་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོ
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གཞི་ཁྱོན་ཡན་ཆད་ཀྱི་བཟོ་ལས་འཕར་སྣོན་རིན་ཐང་ན་ནིང་ལོ་ལས་བརྒྱ་ཆ14.5འཕར།
  • དོ་སྣང་ཆེ་བའི་རྩོམ།