ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར18.6བཏང་ནས་སྔོན་གྱི་ཀྲུང་དབྱང་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པའི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

(མིག་དམར་གྱིས་བསྒྱུར།)        2013-06-13

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས3ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད་ནས2013ལོ་ནས2015ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་ཀྲུང་དབྱང་ཆེད་གཉེར་རྒྱན་འཛིན་སྤྱི་ཕན་མ་དངུལ་དུང་ཕྱུར18.6བཀོད་སྒྲིག་བྱས་ནས་ཅང་ཞི་ཞིང་ཆེན་དང་ཧྥུ་ཅན་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱི་སྔོན་གྱི་ཀྲུང་དབྱང་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པའི་སྤྱི་ཚོགས་ཕན་བདེ་དང་མང་ཚོགས་ལུས་རྩལ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་རྣམ་གྲངས་བཅས་བསྐྲུན་པར་རྒྱབ་སྐྱོར་བྱས་པ་རེད།
    ནོར་སྲིད་པུའུ་ཡིས་ཅང་ཞི་ཞིང་ཆེན་དང་ཧྥུ་ཅན་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱི་ནོར་སྲིད་ཐིང་ལ་རེ་བ་འདོན་རྒྱུར། རྒྱན་འཛིན་སྤྱི་ཕན་མ་དངུལ་དོ་དམ་ལམ་ལུགས་གཏན་འཁེལ་བྱས་པ་ལྟར། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཕྱོགས་ཡོངས་ནས་སྔོན་གྱི་ཀྲུང་དབྱང་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པའི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་ལ་བསམ་བློ་བཏང་སྟེ་རྣམ་གྲངས་འཆར་འགོད་དང་དོ་དམ་ཐབས་ཤེས་གཏན་འབེབས་བྱས་ཤིང་། རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བྱས་ཏེ་མ་དངུལ་བཀོལ་སྤྱོད་ཀྱི་ཕན་ནུས་བེད་སྤྱོད་གང་ལེགས་བཏོན་དགོས་པ་རེད།
  • ལེ་ཚན་སྔོན་མ།: བརྒྱད་ཟིལ་གྱིས་ཞིང་སྡེ་གསར་པའི་དཔེ་སྟོན་ས་ཁུལ་བཞི་འཛུགས་པ།
  • ལེ་ཚན་རྗེས་མ།: ཁུལ་ཡོངས་སུ་སྔོན་གྱི་ཟླ་བ5ཡི་ནང་ཁྱོན་བསྡོམས་ཚོང་འགུགས་རྣམ་གྲངས141ལག་བསྟར་བྱས།
  • དོ་སྣང་ཆེ་བའི་རྩོམ།