
ཟླ་བ11པའི་ཚེས27ཉིན་གྱི་ཕྱི་དྲོར།དར་མདོ་རྫོང་མི་ཉག་རྫོགས་ཆེན་སློབ་གྲྭའི་གནས་སྐབས་སྤྱོད་པའི་སློབ་ཁང་ནང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཚེ་བཀྲ་ཡིས་བོད་ཡིག་གི་ཐོག་ནས་སློབ་མ་ཚོ་ལ་འགུག་འགོག་གནོད་སེལ་མྱུར་སྐྱོབ་ཀྱི་གཞི་རྩའི་རྒྱུན་ཤེས་འགྲེལ་བཤད་བྱེད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དག་བཅོས་བྱས་ནས་ཡང་བསྐྱར་པར་དུ་བསྐྲུན་པའི་བོད་རྒྱ་སྐད་གཉིས་ཀྱི༼འགུལ་འགོག་གནོས་སེལ་མྱུར་སྐྱོབ་ལག་དེབ༽དར་མདོའི་གནོད་སྐྱོན་ཐེབས་པའི་སློབ་གྲྭ་དང་འདུས་སྡེ་ལ་སྤྲད་ཅིང་།ལག་དེབ་ནང་དོན་ནི་ས་འགུལ་དང་ས་འགུལ་རྒུད་སྐྱོབ་ཀྱི་གཞི་རྩའི་རྒྱུན་ཤེས་དང་ས་འགུལ་ཡོང་དུས་ཀྱི་
ཐག་གཅོད་ཐབས་རྩལ།ས་འགུལ་ཡོང་དུས་རང་སྐྱོབ་བྱེད་ཐབས།མྱུར་སྐྱོབ་ཀྱི་རྒྱུན་ཤེས།ས་འགུལ་ཡོང་རྗེས་འཕྲོད་བསྟེན་དུག་སེལ་རྒྱུན་ཤེས་དང་ས་འགུལ་ཡོང་རྗེས་སེམས་ཁམས་རྨས་སྐྱོན་ཉམས་གསོ་བྱ་རྒྱུའི་ནང་དོན6ཁོངས་སུ་གཏོགས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན།ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་རྒྱ་སྐད་གཉིས་ཀྱི༼འགུལ་འགོག་གནོད་སེལ་མྱུར་སྐྱོབ་ལག་དེབ༽58000དར་མདོའི་ས་འགུལ་གནོད་སྐྱོན་ཐེབས་པའི་ས་ཁུལ་དུ་སྤྲད་པ་རེད།